གང་སར་དཔྱིད་རླུང་འཇམ་པོ་ལྡང་ཞིང་མེ་ཏོག་སྣ་ཚོགས་རྣམ་པར་བཞད་པའི་དུས་སྐབས་སུ། ཡུལ་སོ་སོའི་ཡུལ་སྐོར་ཚོང་ཁྲོམ་ཡང་དུས་གཞུང་དུ་བསྙེགས། མི་མི་ཉུང་བ་ཞིག་གིས་རྒན་པ་དང་བྱིས་པ་ཁྲིད་ཅིང་ཡུལ་སྐོར་ཚོགས་པར་ཞུགས་ཏེ་ཡུལ་སྐོར་བྱེད་བཞིན་ཡོད། དེ་ན་ཡུལ་སྐོར་དུ་འགྲོ་སྐབས་གནད་དོན་གང་དག་ལ་གཟབ་དགོས་པ་དང་། ཡུལ་སྐོར་ཚོགས་པར་ཞུགས་ཏེ་ཡུལ་སྐོར་བྱེད་སྐབས་བློ་རིག་དང་ལྡན་པར་རང་ཉིད་ཀྱི་ཁེ་དབང་ཇི་ལྟར་བསྲུང་དགོས་ཞེས་ན། ཞིང་ཆེན་ཡུལ་སྐོར་སྡེ་ཁག་གིས་ཚོགས་པར་ཞུགས་ཏེ་ཡུལ་སྐོར་བྱེད་པའི་བདེ་འཇགས་མཛུབ་སྟོན་ཁྱབ་བསྒྲགས་བྱས་ཏེ། རྒྱ་ཆེའི་ཡུལ་སྐོར་པ་རྣམས་ལ་རང་ཉིད་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དང་རང་ཉིད་ཀྱིས་དོགས་ཟོན་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བའི་དྲན་སྐུལ་བྱས།
གཅིག ཕྱི་རུ་ཡུལ་སྐོར་དུ་འགྲོ་སྐབས་མི་སྒེར་གྱི་ལོ་ཚོད་དང་ལུས་ཕུང་གི་གནས་ཚུལ་ལ་བལྟས་ནས་ཡུལ་སྐོར་ལམ་ཐིག་དང་ཡུལ་སྐོར་ནང་དོན་བདམས་པ་ལས། མི་མང་བའི་དུས་དང་མི་མང་བའི་གནས་སུ་འགྲོ་མི་རུང་།
གཉིས། ཡུལ་སྐོར་དུ་འགྲོ་བའི་ལམ་བར་ནས་རང་ཉིད་ཀྱི་ལུས་ཕུང་དང་རྒྱུ་ནོར་གྱི་བདེ་འཇགས་ལ་མཉམ་འཇོག་བྱས་ཏེ། ཡུལ་སྐོར་བདེ་འཇགས་ཀྱི་ཉེན་འགོག་ཉོས་ན་འགྲིག
གསུམ། ཡུལ་སྐོར་ཁང་གི་བཀོད་སྒྲིག་ལ་ཉན་པ་ལས། རང་འགུལ་གྱིས་ཚོགས་པ་དང་བྲལ་ནས་གཅིག་པུར་འགྲོ་མི་རུང་། དགོང་མོའམ་རང་འགུལ་བྱ་འགུལ་སྐབས་ཕྱི་རུ་འགྲོ་ན་འགྲོ་རོགས་འཚོལ་དགོས་པ་དང་། སྣེ་ཤན་པ་དང་འགྲོ་རོགས་རྣམས་ཀྱི་ཁ་པར་ཨང་གྲངས་རང་ཉིད་ཀྱི་ཁ་པར་དུ་འཇོག་དགོས།
བཞི།ཡུལ་སྐོར་དུ་འགྲོ་བའི་སྐབས་སུ། འབར་སླ་བའམ་འགད་སླ་བའི་རྫས་འགྱུར་དངོས་རྫས་དང་དུག་རིགས་སོགས་བཀག་འགོག་བྱས་ཡོད་པའི་དངོས་པོ་མ་ཁྱེར་ན་བཟང་། ངོ་མི་ཤེས་པའི་མིར་གསལ་ཆ་མེད་པའི་དངོས་པོ་འཁྱེར་རོགས་བྱ་མི་རུང་།
ལྔ་།ཡུལ་སྐོར་དུ་འགྲོ་སྐབས། ལྷན་འཛོམས་ཀྱི་དུས་ཚོད་དང་ས་གནས་སེམས་སུ་འཛིན་པ་དང་། རང་ཉིད་སྡོད་པའི་རླངས་འཁོར་གྱི་དབྱིབས་དང་ཨང་རྟགས། ཁ་དོག་བཅས་གསལ་པོར་ངེས་དགོས།
དྲུག ཡུལ་སྐོར་དུ་འགྲོ་སྐབས། དངོས་རྫས་རྩ་ཆེན་གྱི་རིགས་འཁྱེར་མི་རུང་། གལ་ཏེ་འཁྱེར་དགོས་ན་མགྲོན་ཁང་དུ་འདུག་སྐབས། མགྲོན་ཁང་གི་སྤྱི་སྟེགས་བརྒྱུད་ནས་དངོས་པོ་རྩ་ཆེན་བཅོལ་བའི་འགྲོ་ལུགས་བསྒྲུབས་པའམ་ཡང་ན་རང་ཉིད་ཀྱིས་བདག་སྐྱོང་བཟང་པོ་བྱེད་དགོས། མགྲོན་ཁང་ནས་ཕྱིར་སྐྱོད་སྐབས་མགྲོན་ཁང་དུ་དངོས་པོ་རྩ་ཆེན་འཇོག་མི་རུང་བ་དང་། ཁང་པ་ནས་སྒོར་འབུད་སྐབས་དངོས་པོ་རྩ་ཆེན་ལག་ཏུ་འཛིན་དགོས་པར་མ་ཟད། སྡོད་ཁང་གི་བྱང་བུར་བདག་སྐྱོང་བཟང་པོ་བྱེད་དགོས།
བདུན། སྡོད་ཁང་དུ་བསྡད་རྗེས། སྡོད་ཁང་གི་སྒོ་ངོས་སུ་སྦྱར་ཡོད་པའི་བདེ་འཇགས་བྲོས་བྱོལ་དཔེ་སྟོན་རི་མོར་གསལ་པོར་བལྟས་ཏེ། མགྲོན་ཁང་ནང་ཁུལ་གྱི་བདེ་འཇགས་བགྲོད་ལམ་སོ་སོའི་གནས་ཡུལ་གསལ་པོར་ངེས་དགོས།
བརྒྱད། མགྲོན་ཁང་དུ་མེ་དགྲ་བྱུང་བའི་ཉེན་བརྡ་བྱུང་ཚེ། གློག་སྐས་བཀོལ་མི་རུང་། སེམས་ལྷོད་ལ་བབས་ཏེ་མེ་འབར་བའི་གནས་ཚུལ་ལ་བརྟག་ནས། རང་སྐྱོབ་བྱེད་དགོས། མྱུར་མོར་ཆེས་ཉེ་བའི་བདེ་འཇགས་བགྲོད་ལམ་ནས་འགྲོ་དགོས། དུ་བ་འཁྱིལ་མང་བའི་རྡོ་སྐས་བརྒྱུད་ནས་འགྲོ་སྐབས་སུ་ལུས་ལ་ཆུ་རུ་སྦངས་པའི་གྱོན་པ་དཀྲི་བ་དང་། ཁ་དང་སྣ་བ་ལག་པས་བཅད་ནས། གོག་ནས་བསྐྱོད་པ་ལས་དུ་བ་རྔུབ་མི་རུང་།
དགུ། ཡུལ་སྐོར་པ་མགྲོན་ཁང་དུ་བསྡད་རྗེས་སྒོར་སྐྱོད་སྐབས། རང་ཉིད་ཞུགས་ཡོད་པའི་ཡུལ་སྐོར་ཚོགས་པའི་སྣེ་ཤན་པར་བཤད་དགོས། མགྲོན་ཁང་གི་སྤྱི་སྟེགས་ནས་མགྲོན་ཁང་གི་ཁང་པའི་བྱང་བུ་ལེན་དགོས། བྱང་བུའི་སྟེང་དུ་མགྲོན་ཁང་གི་ས་གནས་དང་ཁ་པར་ཨང་གྲངས་ཡོད་ལ། གལ་ཏེ་དེ་དག་མེད་ན་ཁྱེད་ཀྱིས་དེ་དག་བྲིས་ཆོག དེ་ལྟར་བྱས་ན་མགྲོན་ཁང་མ་རྙེད་པའི་སྐབས་སུ། གཞན་ལ་མགྲོན་ཁང་གི་ས་གནས་དྲིས་ཆོག་ལ། གླ་གཏོང་རླངས་འཁོར་དུ་བསྡད་ནས་སོང་ན་བདེ་འཇགས་ཀྱིས་མགྲོན་ཁང་དུ་སླེབས་ངེས་ཡིན།
བཅུ། དགོང་མོར་མགྲོན་ཁང་དུ་ངལ་གསོ་སྐབས། གལ་ཏེ་གཞན་གྱིས་སྒོ་བརྡུངས་ཚེ། ཤེས་མི་ཤེས་ཀྱིས་སྒོ་ཕྱེ་མི་རུང་། སྡོད་ཁང་དུ་ཁ་བྲལ་བའམ་གཉིད་སྐབས་སྡོད་ཁང་གི་ཟ་རྒྱག་ཡག་བྱེད་དགོས། གནས་ཚུལ་གློ་བུར་བ་བྱུང་ཚེ་སྡོད་ཁང་གི་ཁ་པར་བཀོལ་ནས་མགྲོན་ཁང་གི་སྤྱི་སྟེགས་སམ་ཉེན་རྟོག་ཞབས་ཞུ་ཁ་པར110ལ་ཉེན་ཞུ་བྱ་དགོས།
བཅུ་གཅིག ལྗོངས་ཁུལ་ནང་རོལ་ནས་དུ་བ་འཐེན་པའམ་བཞུར་ཆུ་འཐུང་བ། མེ་བཀོལ་བ་བཅས་གཏན་ནས་བྱ་མི་རུང་ལ། འགད་སླ་བའམ་འབར་སླ་བའི་དངོས་རྫས་ལྗོངས་ཁུལ་དུ་འཁྱེར་མི་རུང་།
བཅུ་གཉིས།.ལྗོངས་ཁུལ་ནང་དུ་ལྟ་སྐོར་བྱེད་པ་དང་པར་ལེན་པ། བརྙན་ཕབ་སྐབས་ལྗོངས་ཁུལ་གྱི་བདེ་འཇགས་མཛུབ་སྟོན་མཚོན་རྟགས་དང་ལས་བྱེད་མི་སྣའི་གསལ་འདེབས་ལ་མཉམ་འཇོག་བྱེད་དགོས།
བཅུ་གསུམ། འཛམ་གླིང་རང་བྱུང་ངམ་རིག་གནས་རྗེས་ཤུལ་གྱི་ལྗོངས་ཁུལ་ལ་ལྟད་མོ་ལྟ་སྐབས། གནའ་བོའི་ཤིང་སྡོང་དང་གནའ་བོའི་འཛུགས་སྐྲུན་གྱི་སྟེང་དུ་རི་མོ་སོགས་གཏན་ནས་འབྲི་མི་རུང་། གནའ་བོའི་འཛུགས་སྐྲུན་དངོས་པོའི་ཆག་རོ་སོགས་གཏན་ནས་ལེན་མི་རུང་།
བཅུ་བཞི། ཆུ་ཐོག་གི་རྩེད་འཇོའི་ལས་གཞི་བྱ་འགུལ་ལ་ཞུགས་སྐབས། སྲོག་སྐྱོབ་ཆུ་ལྭ་གོན་པ་དང་སྲོག་སྐྱོབ་སྒྲིག་ཆས་གཞན་པ་འཛིན་དགོས།
བཅོ་ལྔ་།འཁོར་རྒྱུག་སྐུལ་འཚོང་པས་བཙོངས་པའི་ཚོང་རྫས་ལ་ཡིད་ཆེས་མི་རུང་།
བཅུ་དྲུག ལྗོངས་ཁུལ་ནང་རོལ་དུ་དངོས་པོ་ཉོ་ན། ཚོང་རྫས་ཀྱི་བདེན་རྫུན་གསལ་པོར་དབྱེ་འབྱེད་བྱས་ཏེ་སྒོར་མོ་སྤྲོད་པར་བྲེལ་མི་དགོས། ཚོང་ཟོང་ཉོ་སྐབས་འཚོང་མཁན་གྱི་ལག་ནས་སྤ་སེ་ངོ་མ་ལེན་དགོས།
རྩོམ་སྒྲིག་པ། སྐར་མ་མཚོ།