མགོ་ལོག་ཁུལ་གྱི་རྫོང་དྲུག་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོས་ཁོར་ཡུག་ལྟ་རྟོག་གནད་དོན་དག་སྒྲིག་བྱ་བའི་གོ་སྐབས་དམ་འཛིན་བྱས་ཏེ། སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པ་དང་སྡེ་ཁག་སོ་སོར་མཐུན་སྦྱོར་བྱས་ཏེ་རང་རང་གི་དགོས་མཁོའི་འགན་འཁྲི་གཞིར་བཟུང་ནས། སྐྱེ་ཁམས་དཔལ་འབྱོར་འཛུགས་བསྐྲུན་ཐད་ཀྱི་རྒྱུན་ལྡན་ཅན་གྱི་བྱ་བའི་སྒྲིག་སྲོལ་དང་བྱ་བའི་ཇུས་གཞི་ཡི་མ་ལག་གཏན་འབབ་བྱས་ཏེ། སྐྱེ་ཁམས་དང་པོར་འཇོག་པ་དང་ཁོར་ཡུག་སྲུང་སྐྱོབ་ཆེན་མོའི་འདུ་ཤེས་བཙུགས་པ་མ་ཟད། སྲ་བརྟན་ཅན་དུ་བཏང་། དེ་བཞིན་དུ་སྐྱེ་ཁམས་དཔལ་ཡོན་སྔོན་ཐོན་ཁུལ་གསར་འཛུགས་བྱེད་རྒྱུ་དེ་ཁུལ་ཡོངས་ཀྱི་རྨང་གཞི་ཅན་དང་གནད་འགག་ཅན། ཡུན་རིང་ཅན་བཅས་སུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་གྱི་སྔོན་ཐོན་ནུས་ཆོད་ཐད་གྲུབ་འབྲས་སྔ་ན་མེད་པ་ཞིག་བླངས་ཡོད།
ལམ་ལུགས་འཛུགས་བསྐྲུན་དེ་གཙོར་བཟུང་ནས། སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞིའི་བྱ་བར་ཤུགས་སྣོན་པ། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མགོ་ལོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་འགན་འཁྲིའི་སྒྲིག་སྲོལ་དཔར་འགྲེམས་བྱས་ཤིང་། ཧུར་ཐག་གིས་བཅོས་སྒྱུར་གནད་དོན་ལ་ལྟ་སྐུལ་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ནུས་ཆོད་སྒྲིག་གཞིའི་འཛུགས་བསྐྲུན་ལ་རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་དང་ཏང་སྲིད་སྡེ་ཁག མི་དམངས་མཐུན་ཚོགས། ཁུལ་དུ་སྡོད་པའི་ཞིང་ཆེན་གཞུང་ཚབ་ལས་ཁུངས། ཁེ་ལས་བཅས་ཀྱིས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་གྱི་དགོས་མཁོའི་མཛུབ་སྟོན་གཞིར་བཟུང་ནས། ས་གནས་ལས་ཁུངས་ཀྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ། མ་ལག་རང་བཞིན་གྱི་སྒོ་ནས་རིགས་བགོས་གཏན་ཁེལ་ལ་ཁ་གཏད་རང་བཞིན་དང་ལས་སྣོན་རང་བཞིན། ཡུན་འཇགས་རང་བཞིན་བཅས་ཀྱི་གསར་གཏོད་ཇུས་གཞི་དང་ལམ་ལུགས་གཏན་འབེབ་བྱས། སྡེ་ཁག་གི་འགན་འཁྲི་དངོས་འབེབ་དང་བྱ་བའི་འགན་འཁྲི་དངོས་འབེབ། བྱ་འགུལ་གྱི་བསྡུས་གཟུགས་དང་བྱ་བའི་བྱེད་ཐབས་དངོས་འབེབ་བཅས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཐད་དམངས་ཡོངས་ཟབ་ཞུགས་ཀྱིས་སྡེ་ཁག་སོ་སོར་མཐུན་སྦྱོར་བྱས་ཏེ། རང་རང་གི་འགན་འཁྲི་དང་རང་རང་གི་ཁྱད་ཆོས་ལྟར་གཙོ་གནད་གཞིར་བཟུང་ནས་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་གྱི་འཛུགས་བསྐྲུན་དེ་སྒྲིག་སྲོལ་ཅན་དང་ཚན་རིག་ཅན། རྒྱུན་ལྡན་ཅན་བཅས་སུ་གཏོང་བར་ཁག་ཐེག་བྱ་དགོས།
གནད་དོན་བཅོས་སྒྱུར་དེ་གོ་སྐབས་དུ་བཟུང་ནས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་གནད་འགག་བྱ་བ་དམ་པོར་འཛིན་དགོས། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མགོ་ལོག་ཁུལ་གྱི2016ལོ་ནས2017ལོའི་བར་གྱི་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་བྱ་བའི་ལག་བསྟར་ཐབས་ཇུས་དང་། མགོ་ལོག་ཁུལ་གྱི2016ལོ་ནས2017ལོའི་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་གནད་དོན་དག་སྒྲིག་བྱ་བའི་བྱེད་ཐབས་ཇུས་གཞི་གཉིས་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། ཏན་ཏན་ཏིག་ཏིག་སྒོས་ཞིང་ཆེན་ཏང་ཨུའི་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་གནད་དོན་དག་སྒྲིག་བྱ་བ་དམ་པོར་བཟུང་ཞིང་། ཁུལ་སྲིད་གཞུང་གིས་སྔ་གཞུག་ཏུ་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གནད་དོན་དག་སྒྲིག་བྱ་བ་ཐེངས་གསུམ་ལ་སྤེལ་བ་མ་ཟད། ཁུལ་གྱིས་རྫོང་ཡོངས་ཀྱི་བརྒྱུད་རིམ་ཧྲིལ་བོར་འགན་ཁུར་བ་མ་ཟད། གནད་དོན་གྱི་ཁ་ཕྱོགས་གཏན་འཁེལ་དང་དམིགས་འབེན་གཏན་འཁེལ་གྱིས་རིམ་པ་སོ་སོར་དག་སྒྲིག་བྱས་ཏེ། བཅོས་སྒྱུར་གྱི་དུས་ཚོད་ལ་གཏན་འཁེལ་བྱས་ཤིང་། གོ་རིམ་དང་རྒྱུ་སྤུས། གནད་དོན་དག་སྒྲིག་བཅས་གཅིག་ཀྱང་མ་ལུས་པར་གཞི་རྐང་དུ་བཙུགས་ཏེ་བཀོད་སྒྲིག་གང་ལེགས་བྱས་པ་མ་ཟད། གནད་དོན་དག་སྒྲིག་བྱ་བའི་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་ཚད་མཐོའི་འགན་སྲུང་ཐོབ་པ་རེད།
སྐྱེ་ཁམས་གོ་གནས་དང་པོར་བཞག་ནས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་ཡུན་རིང་བྱ་བ་སྒྲུབ་པ། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྐྱེ་ཁམས་གོ་གནས་དང་པོར་འཇོག་པའི་འདུ་ཤེས་སྲ་བརྟན་དུ་བཙུགས་པ་དང་། སྐྱེ་ཁམས་ཅན་གྱི་ཁུལ་འཛུགས་པའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་བསྐྲུན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་དགོངས་དོན་གལ་ཆེན་ལག་ལེན་དུ་བསྟར་བ་དང་ཞིང་ཆེན་ཏང་ཨུའི་བསྒྱུར་བ་བཞི་ཡི་སྤྱོད་གཙང་སྲིད་སྐྱོང་གི་ལག་ལེན་གལ་ཆེན་དུ་བཟུང་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་དེ་གོ་གནས་གལ་ཆེན་དུ་བཞག་ནས་སྔར་ལས་མཐོ་བ་དང་སྔར་ལས་སྣ་འཛོམས་བཅས་ཀྱི་ཚད་གཞི་ལ་སླེབས་སུ་འཇུག་དགོས་ཤིང་། མགོ་ལོག་ཁུལ་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་འཛུགས་བསྐྲུན་ཁྲོད་ཀྱི་གོ་གནས་གལ་ཆེན་ལ་ངོས་ཟིན་ཐོབ་ནས། ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་ཁྲོད་ཀྱི་དགོངས་དོན་གལ་ཆེན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་མགོ་ལོག་ཁུལ་དེ་རི་གཙང་ཆུ་དྭངས་གི་སྐྱེ་ཁམས་ཁུལ་ཆེན་པོ་ཞིག་ལ་གསར་འཛུགས་བྱ་དགོས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།