སྐོར་ཐེངས་གསར་བའི་ཡུལ་སྐོར་གྱི་དྲིལ་སྒྲོག་ཕྱིར་འཚོང་ལ་ཧུར་བརྩོན་གྱིས་སྐུལ་འདེད་བྱས་པ།
2017.06.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

 ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། 2017ལོའི་ཀྲུང་གོའི་ནུབ་བྱང་ཡུལ་སྐོར་ཕྱིར་འཚོང་ཚོགས་ཆེན་ཧྲའན་ཞི་ཞི་ཨན་དུ་འཚོགས། རང་ཞིང་གི་ཡུལ་སྐོར་ཁང་དང་ཡུལ་སྐོར་ཚོང་རྫས་ཁེ་ལས། ལྗོངས་ཁུལ་སོགས་ཀྱི་ཁེ་ལས་ལས་ཁུངས་བཅུ་དྲུག་ཚོགས་ཆེན་དུ་ཞུགས། ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན། 2017ལོའི་རབ་མཛེས་མཚོ་སྔོན་གྱི་ཡུལ་སྐོར་ཁེ་ལས་ཉོ་འཚོང་ཚོགས་འདུ་མགོ་བརྩམས། ཟླ་བཞི་བའི་དགུ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་མཚོ་ཤར་གྲོང་ཁྱེར་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་འབྲེལ་ཡོད་ལས་ཁུངས་དང་། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཁང་། ལྗོངས་ཁུལ་སོགས་ཀྱི་འཐུས་མི་རྩ་འཛུགས་བྱས་ཏེ། ཅང་ཞི་ཞིང་ཆེན་དང་ཧྥུ་ཅན་ཞིང་ཆེན་དུ་མངགས་ནས། 2017ལོའི་རབ་མཛེས་མཚོ་སྔོན་ཀྲུང་གོའི་ཡུལ་གྲུ་གང་དུའང་ཤེས་སུ་འཇུག་པ་ཞེས་པའི་ཡུལ་སྐོར་འོས་སྦྱོར་བྱ་འགུལ་སྤེལ།

ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་ཡུལ་སྐོར་དྲིལ་སྒྲོག་ཕྱིར་འཚོང་གི་བྱ་བར་སྐུལ་འདེད་གང་ལེགས་བྱས་པ་སྟེ། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལག་བྲིས་ས་ཁྲ་དང་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་འཛད་སྤྱོད་མཛུབ་སྟོན་སོགས་དྲིལ་སྒྲོག་རྒྱུ་ཆ་དཔར་བའི་བྱ་བའི་བྱ་བ་ཡོངས་འགྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་དྲིལ་སྒྲོག་ཆ་འཕྲིན་འཐུས་ཚང་དུ་བཏང་བར་མ་ཟད། གཞན་ད་རུང་ཁྲིན་ཏུའུ་ཧྲོང་ལིའུ་གནམ་གྲུ་ཐང་དང་ཧའེ་ནན་མཁའ་འགྲུལ། པེ་ཅིན་ས་འོག་མེ་འཁོར། མཚོ་སྔོན་ཡུལ་སྐོར་པའེ་ཏུའུ་ཚོང་རྟགས་མིང་གྲགས་ཆེད་ཁུལ། མི་དམངས་དྲ་བ་བཅས་ནས་མཚོ་སྔོན་ཡུལ་སྐོར་དྲིལ་སྒྲོག་དང་ཁྱབ་གདལ་དུ་གཏོང་བའི་སྟ་གོན་བྱ་བ་ཡོངས་འགྲུབ་བྱས། ཁེ་ལས་རྩ་འཛུགས་བྱས་ནས་ཐེ་ལན་དང་ཞང་ཀང་། ཨོའོ་མན། ཐའེ་ཝན་སོགས་ཀྱི་ཡུལ་སྐོར་བཤམས་སྟོན་དུ་ཞུགས་སུ་བཅུག་ནས། རང་ཞིང་གི་ལམ་མཚམས་ཀྱི་དར་གོས་འགྲུལ་ལམ་གྱི་ཡུལ་སྐོར་ཐོན་རྫས་དྲིལ་སྒྲོག་དང་ཁྱབ་གདལ་དུ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ཡུལ་སྐོར་བརྗེ་སྤེལ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་མངའ་ཁོངས་ཕྱི་ནས་ཡུལ་སྐོར་དུ་འོངས་པའི་ཚོང་ཁྲོམ་ལྷད་མེད་སྒོས་གོང་འཕེལ་འབྱུང་བར་སྐུལ་འདེད་བྱས།

དུས་མཉམ་དུ། 2016ལོ་ནས2017ལོའི་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་མགོ་རྩོམ་པའི་མཛད་སྒོ་སྤེལ་བ་དང་། རབ་མཛེས་ཀྱི་མཛེས་ལྗོངས་ངོ་མཚར་འཚོལ་སྙེག་བྱེད་པ། རབ་མཛེས་ཀྱི་དགུན་ཁའི་མཛེས་ལྗོངས་ལ་ལྟད་མོར་རོལ་བ། རབ་མཛེས་ཀྱི་དམངས་སྲོལ་མྱོང་རོལ་བྱེད་པ་བཅས་བརྗོད་གཞི་བྱས་ཏེ། དམངས་སྲོལ་ཉམས་ལེན་ཡུལ་སྐོར་དང་། སྒོ་ཕྱིའི་ལུས་སྦྱོང་འགྲན་རྩོད་ཡུལ་སྐོར། ཁྱད་ལྡན་ལྟད་མོའི་སྤྲོ་གསེང་ཡུལ་སྐོར། ཡུལ་ལྗོངས་པར་ལེན་པའི་ཡུལ་སྐོར། དགུན་ཁའི་སྤྲོ་སྐྱིད་གངས་ཤུད་སོགས་རིགས་ཆེན་པོ་བདུན་གྱི་བྱ་འགུལ་བདུན་ཅུ་ལྷག་བཏོན་ནས། དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་ཐོན་རྫས་མ་ལག་འཐུས་ཚང་དུ་བཏང་སྟེ། གུང་གསེང་ཡུལ་སྐོར་གྱི་དམངས་ཕན་དམངས་བདེའི་བྱེད་ཐབས་མང་པོ་ལག་བསྟར་བྱས་ནས། མང་ཚོགས་ཡུལ་སྐོར་དུ་སྐྱོད་པའི་རེ་བ་དང་འཛད་སྤྱོད་ཀྱི་དགོས་མཁོ་བསླངས་ཤིང་། དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་དཔལ་འབྱོར་འཕར་བར་སྐུལ་འདེད་བྱས།

མཚོ་སྔོན་པོ་ལྗོངས་ཁུལ་གྱི་དོ་དམ་མ་ལག་བཅོས་བསྒྱུར་དང་གསར་གཏོད་གཏིང་ཟབ་ཏུ་བཏང་བ་དང་། ཁམས་ར་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་བསྒྱུར་བཅོས་དང་རིམ་པ་ཇེ་མཐོར་གཏོང་བར་ཤུགས་བསྣན་པ། ཧྲུའུ་ཀྲུའུ་ཧོར་རིགས་ཡུལ་སྲོལ་ར་བའི་ཞབས་ཞུ་ཚད་གཞི་ལྡན་དུ་བཏང་བ། སྐུ་འབུམ་བྱམས་པ་གླིང་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ། གསེར་དངུལ་ཐང་ནས་རྡུལ་ཕྲན་མཁར་ལྗོངས་ཁུལ་གྱི་དོ་དམ་ལམ་ལུགས་བཅོས་བསྒྱུར་དང་མདོ་ལ་རིང་མོའིA5རིམ་པའི་ལྗོངས་ཁུལ་དང་རྒྱལ་ཁབ་ཀྱི་ཡུལ་སྐོར་སྤྲོ་གསེང་ཁུལ་གསར་སྐྲུན་བྱེད་པར་སྐུལ་འདེད་བྱས་པ། མིན་ཡོན་ལོག་དཀར་མེ་ཏོག་ཐང་ཆེན་དང་གཉན་པོ་གཡུ་རྩེ་ལྗོངས་ཁུལ་གྱི་རིམ་པ་འཕར་བར་སྐུལ་འདེད་བྱས་པ། མཐོ་སྒང་སྐྱེ་ཁམས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ས་ཁུལ་དང་ཀྲུང་གོའི་གེ་སར་རིག་གནས་གཙོ་གནད་ས་ཁུལ། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་བར་མཚམས་ས་ཁུལ་གྱི་རྩེ་གྲས་ཡུལ་སྐོར་བྱ་ཡུལ་བསྐྲུན།

ད་ལོར། རང་ཞིང་གིས་ཡུལ་སྐོར་ལྗོངས་ཁུལ་གཙོ་བོ་དག་གི་རིམ་པ་འཕར་བར་སྐུལ་འདེད་བྱས་ཏེ། ཤུགས་རྐྱེན་ནུས་པ་ཆེ་ཞིང་འགྲན་རྩོད་ནུས་པ་ལྡན་པའི་ལྗོངས་ཁུལ་བཅུ་བསྐྲུན་ནས།ཡུལ་སྐོར་ལྗོངས་ཁུལ་གྱི་རིམ་པ་སྤར་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱ་རྒྱུ་རེད།

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།