ཁ་གཏད་རོགས་སྐྱོར་མཉམ་ལས་ཕྱོགས་ཡོངས་ནས་རིམ་འཕར་བྱས་པའི་རྣམ་པ་གསར་བ་བསྐྲུན་པ་སྟེ་རྨ་ལྷོའི་ལེའུ།
2017.06.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

ཉིས་སྟོང་བཅུ་ལོ་ནས་བཟུང་རྨ་ལྷོ་འཕེལ་རྒྱས་ཀྱི་བྱུང་རིམ་གཞན་ལས་བརྒལ་བ་དང་། ཐེན་ཅིན་གྲོང་ཁྱེར་དང་དེ་བཞིན་རྒྱལ་ཁབ་ཞིང་ལས་པུའུ་དང་ཀྲུང་གོ་མི་དམངས་དངུལ་ཁང་དང་།ཧྭ་ནེང་སྡེ་ཚོགས་བཅས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་དང་།ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པའི་ཀུང་ཟི་སོགས་རོགས་སྐྲུན་ཚན་ཁག་དང་། ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་པ་དང་། སྒེར་སེམས་མེད་པར་རོགས་སྐྲུན་བྱས་པའི་གཅེས་སེམས་ཀྱི་ཐབས་ལམ་དང་། དེར་བསྟུན་རྨ་ལྷོ་ཁུལ་གྱི་གཞན་ལས་བརྒལ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་འགོ་རྩོམ་བཞིན་ཡོད།

ལོ་ངོ་བདུན་གྱི་རིང་ལ་ཐེན་ཅིན་གྲོང་ཁྱེར་དང་དེ་བཞིན་ལས་དོན་ཁག་གི་རོགས་སྐྲུན་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་།རང་འགུལ་ངང་འབྲེལ་བ་བྱས་ནས་ལས་ཀ་དམ་འཛིན་དང་། རང་འགན་ནན་ཏན་ངང་སྒྲུབ་ནས་བྱས་རྗེས་འཇོག་མཁན་གྱི་རིགས་དང་། རོགས་སྐྱོར་དང་ལེན་ཕྱོགས་གཉིས་པོས་སྤེལ་རེས་དང་མཉམ་འདྲེས། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་བོད་ཁུལ་རོགས་སྐྱོར་ལས་ཀའི་རྣམ་པ་ཞིག་ཆགས་སུ་འཇུག་དགོས། གཅིག་ནི་ས་གནས་གཉིས་ཕན་ཚུན་སྤེལ་རེས་བྱེད་སྐབས་སུ་ཤུགས་སྣོན་རྒྱག་དགོས། ཐེན་ཅིན་གྲོང་ཁྱེར་ཁག་གསུམ་ལ་བགོས་ནས་སྔ་རྗེས་སུ་ཏང་སྲིད་ལས་བྱེད་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་མི་གྲངས་ལྔ་བཅུ་ལྷག་མངགས་པ་དང་། རྨ་ལྷོ་ཁུལ་ཁག་བརྒྱད་དུ་བགོས་ཏེ་ཏང་སྲིད་ལས་བྱེད་པ་འདེམས་གཏོང་བྱས་པ་དང་མི་གྲངས་ཞེ་བཞིས་ཕན་ཚུན་ལ་སྦྱོང་བརྡར་སྤེལ་རེས་བྱེད་པ་དང་། ས་གནས་གཉིས་བར་ཕན་ཚུན་རྟོག་ཞིབ་ཐེངས་སུམ་སྟོང་དགུ་བརྒྱ་ལས་བརྒལ།

ལམ་སྲོལ་དང་སྒྲིག་སྲོལ་གསར་གཏོད་ཁྲོད། མཉམ་འགུལ་བྱེད་པའི་རོགས་སྐྱོར་གྱི་དྲྭ་བ་ཡང་འཐུས་ཚང་དུ་བཏང་བ་དང་།གཉིས་ནི་ཐོན་ལས་འཚར་ལོངས་ལ་སྐུལ་འདེད་གཏོང་བ། རིམ་རྩིས་བྱས་ན་སྐྲུན་རོགས་བྱས་པའི་རྣམ་གྲངས་ལག་བསྟར་བརྒྱ་དང་ཉེར་བརྒྱད་དང་། རེབ་གོང་ནས་བུད་མེད་ཀྱི་འཐག་ལས་ལག་ཤེས་གསར་གཏོད་རྟེན་གཞི་དང་། གཅན་ཚའི་རྒུན་འབྲུམ་ལྗང་གསོའི་རྟེན་གཞི་དང་།རྩེ་ཁོག་སྐྱེ་ལྡན་ཕྱུགས་ལས་རྟེན་གཞི་བྱས་ཏེ་ཐོན་ལས་ཁེ་ལས་འཛུགས་སྐྱོང་བྱེད་རྒྱུ་དེའང་སྐུལ་འདེད་བཏང་ཡོད།མི་དམངས་ཕྱུག་པོ་དང་ཁུལ་བཟང་བོ་ཞེས་པའི་སྣེ་འདྲེན་ཀྱི་སྟོབས་ཤུགས་ཧ་ཅང་ཆེ་ཞེས་བཤད་པ་རེད།

གསུམ་ནི་བཟོ་ལས་དཔལ་འབྱོར་མཉམ་ལས་དང་ཐིན་ཅིན་གྱི་ངོ་འཕྲད་གྲོས་མོལ། མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་འདུ་ཚོགས།རྒྱལ་སྤྱིའི་བོད་ཀྱི་ས་གདན་འགྲེམས་སྟོན་བཅས་ཀྱིས་འགྲེམས་ཚོགས་ལས་སྟེགས་དང་།ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔལ་འབྱོར་མཉམ་ལས་ཀྱི་རྣམ་གྲངས་ཁག་གཅིག་བཞག་སྟེ།ཐུན་མོང་ཐོག་རྨ་ལྷོ་ལ་འོས་སྦྱོར་བྱེད་པའི་དྲིལ་བསྒྲགས་སྐར་ཁུང་ཞིག་བསྐྲུན་ཡོད་པ་ཡིན། རྒྱལ་ཡོངས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དམངས་གཉེར་ཁེ་ལས་ནང་འདྲེན་དང་། ཐོན་ལས་རིགས་སྣེ་ཁྲིད་སྐྱེད་བསྲིང་བྱས་པ་དང་། ཁེ་ལས་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔ་ཚན་བཅུ་གསུམ་པའི་སྐབས་ཀྱི་གཙོ་གནད་བཟོ་ལས་རྣམ་གྲངས་གྲས་སུ་བཞག་ཡོད།

ལྔ་ནི་ནུས་ཤུགས་ཡོད་རྒུས་དབུལ་སྐྱོར་སྐོར་གྱི་རོགས་རམ་བྱེད་མཁན་དཀའ་ཁག་འཕྲད་ཚེ། རྨ་ལྷོ་རང་འགུལ་ངང་ཚབ་ཞུགས་བྱས་བས་དབུལ་ཐར་མཁྲེགས་གཏོར་དང་། སྤྱི་ཕན་ཞལ་འདེབས་དང་གཅེས་སེམས་མི་སྣ་རོགས་རམ་གྱི་བྱ་བར་ཞུགས་པའི་བྱ་སྤྱོད་ལ་སྐུལ་མ་བཏང་། ཐེན་ཅིན་གྱི་རིགས་སོ་སོའི་དབུལ་སྐྱོར་མ་དངུལ་དང་། དེ་བཞིན་རོགས་རམ་བྱེད་མཁན་ལ་རོགས་སྐྱོར་ཞལ་འདེབས་གནང་བའི་དངུལ་དང་དངོས་རྫས་སོགས་རིམ་རྩིས་བྱས་ན་སྒོར་ཁྲི་སུམ་སྟོང་བརྒྱད་བརྒྱ་བཏང་ནས་ཕན་ཚུན་འགྲོ་འོང་མཉམ་འདྲེས་བྱས་པ་དང་། མཚོ་སྔོན་གྱི་ས་ཆ་དེ་གཉིས་ལ་མཛའ་མཐུན་འབྲེལ་ཟམ་ཡང་བསྐྲུན་པ་ཡིན།

དུས་མཚུངས་སུ་རྒྱལ་ཁབ་ཞིང་ལས་པུའུ་དང་ཀྲུང་གོ་མི་དམངས་དངུལ་ཁང་དང་།ཧྭ་ནེང་སྡེ་ཚོགས་བཅས་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པའི་ཀུང་ཟི་སོགས་རོགས་སྐྲུན་ལས་ཁུང་དང་། རོགས་སྐྱོར་མ་དངུལ་བཏང་ནས། དགེ་མཚན་ལྡན་པའི་འགན་ནུས་ལ་གཞི་ཚུགས་པ་དང་། རྨ་ལྷོ་ཁུལ་གྱི་འཆར་འགོད་ལ་རོགས་རམ་བྱས་ནས་ཁྱད་ལྡན་ཐོན་ལས་རྒྱ་བསྐྱེད་པ་དང་། དྲིལ་བསྒྲགས་དང་འོས་སྦྱོར་སོགས་བྱེད་པ། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ནི་རྒྱལ་ཁབ་རིམ་པའི་ཞིང་ལས་ལག་རྩལ་ཁྱབ་སྤེལ་གྱི་དཔེ་སྟོན་རྫོང་ཞིག་ཡིན་ལ།རྩེ་ཁོག་རྫོང་དུ་ཡང་ལག་བསྟར་བྱས་པ་དང་གནོད་འཚེ་སྔོན་འགོག་དང་སྔོ་རྩྭ་སྐམ་པོའི་ཐོན་སྐྱེད་རྟེན་གཞི་དང་། ནོར་ལུག་གསོ་སྤེལ་བཅས་ཐོན་ལས་རྟེན་གཞི་སོགས་ཐོན་ལས་ཅན་གྱི་རྣམ་གྲངས་མང་བོ་འཛུགས་སྐྲུན་བྱས།

ལོ་འགའི་རིང་གི་རོགས་སྐྱོར་གྱི་ལས་དོན་དང། རྨ་ལྷོ་འཕེལ་རྒྱས་བྱ་བར་སྐུལ་འདེད་ནུས་པ་མཐོར་འདེགས་སུ་བཏང་ཡོད་ལ། ང་ཚོར་རོགས་སྐྱོར་གྱི་ལས་དོན་སྔར་ལས་ཡག་པོ་དང་། ཉམས་མྱོང་བཟང་བོ། བྱེད་ཐབས་བཟང་བོ་སོགས་ལག་བསྟར་བྱ་ཐུབ་ཡོད།

ང་ཚོའི་སེམས་ཚོར་ཆེས་ཟབ་ཤོས་ནི། རིམ་པ་ཁག་གི་འགོ་ཁྲིད་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། ཚན་རིག་ལྟར་འཆར་འགོད་བྱེད་པ་ནི་རོགས་སྐྱོར་ལས་དོན་གྱི་མ་མཐའི་འགན་སྲུང་དང་། ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རོགས་བྱེད་པ་ནི་གལ་ཆེའི་ཐབས་ལམ་ཡིན། རོགས་སྐྲུན་རྣམ་གྲངས་དམ་འཛིན་ཡག་པོ་བྱེད་པ་དང་མི་སྣར་རོགས་སྐྱོར་བྱེད་རྒྱུ་ནི་རོགས་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་བྱེད་ཐབས་ཡིན།

ལོ་འདི་ནི་ཐེན་ཅིན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་སྣེ་ཁྲིད་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་དང་པོ་དང་། བཞུགས་མོལ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡོང་བར་སྔར་བས་སྐུལ་འདེད་གཏོང་ཆེད་དང་། རྨ་ལྷོ་ཁུལ་དང་། ཐེན་ཅིན་གྲོང་ཁྱེར་གྱི་པིན་ཧའེ་ཁུལ་གསར་དུ་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་ཐེན་ཅིན་སྐབས་གཉིས་པའི་མཉམ་ལས་སྤེལ་རེས་ཀྱི་དབུ་ཚོགས་འཚོགས་པ་དང་། རོགས་སྐྱོར་གྱི་ལས་དོན་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་འབྲེལ་མཐུད་གཏིང་ཟབ་མོ་བྱས་ཡོད་པ་རེད། ཁག་ཉི་ཤུ་དང་རིམ་གྲས་ཁག་གི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པར་མ་ཟད་སྨན་པ་གྲགས་ཅན་དང་། དགེ་རྒན་གྲགས་ཅན་ཁེ་ལས་པ་སོགས་ཞུགས་ནས་རྨ་ལྷོ་ཡར་རྒྱས་ཀྱི་བྱེད་སྒོ་སྤེལ་བ་དང་། རོགས་སྐྱོར་གྱི་ལས་དོན་སྔར་ལས་སྐུལ་འདེད་དང་རིམ་པ་ཇེ་མཐོར་གཏོང་ཆེད་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་སྐུལ་འདེད་གཏོང་བ་དང་།འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ལ་རྨང་གཞི་བརྟན་པོ་བཏིང་བ་རེད། གོམ་སྟབས་རྗེས་མར་རྨ་ལྷོ་ཡིས་གཤམ་གསལ་གྱི་ལས་དོན་འདི་དག་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་རྒྱུ་རེད།

ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་སྟོབས་ལྡན་དུ་གཏོང་བ་དང་། ཁུལ་ཕྱོགས་ཡོངས་ནས་མཐོར་འདེགས་ལ་སྐུལ་འདེད་གཏོང་བའི་རྒྱབ་སྐྱོར་བྱེད་ཤུགས་ཧུར་ཐག་སྒོས་ཆེ་རུ་གཏོང་དགོས་པ་དང་། ལོ་བཞིའི་གཅིག་བསྡུས་འགག་གནད་སྒྲོལ་བ་དང་ལོ་གཅིག་ལ་སྲ་བརྟན་གོང་འཕེལ་དུ་གཏོང་བ་བཅས་ཀྱི་སྤྱིའི་བཀོད་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་སྟོབས་ཤུགས་ཆེར་གཏོང་རྒྱུ་དང་།རང་བྱུང་སྐྱེ་ཁམས་ཀྱི་ཆུའི་རྣམ་གྲངས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། ཆུའི་ཐོན་ནུས་ཀྱི་ལས་ཀ་ལ་ཧུར་ཐག་བྱེད་རྒྱུ་ཡིན་པ་བཅས་རེད།
མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་བཅོ་ལྔ་གླིང་ཁུལ་ཞིག་གཏོད་རྒྱུ་དང་། ཐོན་ལས་ཤིག་ཏུ་ཆགས་པ་དང་།ཕྱོགས་གཅིག་གི་དཔལ་འབྱོར་ལ་སྐུལ་ཁྲིད་དང་། མི་སེར་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་དམིགས་ཚད་སོགས་རོགས་སྐྲུན་རྣམ་གྲངས་ཁག་ཞེ་ལྔ་ལྷག་ད་ལོར་གཏན་འབེབས་བྱས།

མཉམ་ལས་གོང་འཕེལ་ཐད་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གཉིས་ཀྱི་འབྲེལ་འདྲིས་དང་འགྲོ་འོང་གཅིག་མཐུན་བཅས་སྤེལ་གང་ཐུབ་བྱེད་པ་དང་། ཐེན་ཅིན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར་རང་འགུལ་དུ་ཞུགས་ནས། བཟའ་བཅའ་འགྲེམས་ཚོགས་དང་། གྲོང་ཁྱེར་གྱི་དངོས་མང་བཤམས་སྟོན་ཚོགས་འདུ་དང་ཡིའུ་ཅ་པའོ་ཡི་གོ་ལ་ཧྲིལ་པོའི་ཉོ་སྒྲུབ་དང་། པིན་ཧའེ་གསར་ཁུལ་གྱི་རིག་གནས་ལྟེ་གནས་སོགས་སྟེགས་བུ་ཆེན་པོ་སྟེ་སྐར་ཁུང་བཅུ་དང་། ཁྱད་ཆོས་ལྡན་པའི་ཐོན་རྫས་ཞིང་ཆེན་གྱི་འགྲེམས་ཚོགས་ནང་ཞུགས་མཁན་འོས་སྦྱོར་དང་དཀའ་སྤྱད་ཀྱིས་ཁྱད་ལྡན་ཐོན་རྫས་བཙོངས་ནས་ཚོང་དང་མ་རྩ་འདྲེན་འགུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐེན་ཅིན་ཁེ་ལས་དང་དམངས་ཁྲོད་ཀྱི་མ་དངུལ་རྣམས་ཀྱི་ཁག་གཅིག་ནི་རྨ་ལྷོ་ཡི་ཚོང་དང་མ་རྩ་འདྲེན་འགུག་བྱེད་སྐྱེད་ཀྱི་ཤུགས་ཆེ་རུ་གཏོང་བ་དང་། མུ་མཐུད་དུ་བརྒྱ་བྱས་པ་བཞི་འཆར་གཞི་དང་། ཐབས་ཤེས་བཙལ་ནས་ལས་རིགས་ཁག་གི་མི་སྣ་ཕྱིར་སྐྱོད་ཡོང་ཐབས་བྱེད་དུ་བཅུག

དམངས་འཚོ་ལེགས་བཅོས་ཐད་གོང་སྤེལ་ལ་ཤུགས་སྣོན་བྱས་ནས་ཇེ་ལེགས་སུ་གཏོང་གང་ཐུབ་དང་། སློབ་གསོ། འཕྲོད་བསྟེན་བཅས་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་སོགས་མཐའ་འཁྱོངས་བྱས་ནས་རོགས་སྐྱོར་བྱེད་མཁན་ཚོས་རྣམ་གྲངས་སྔོན་ལ་ལག་བསྟར་བྱས་པ་དང་། སློབ་གྲྭའི་སྒྲིག་བཀོད་སྔོན་ལ་ལེགས་སུ་ཕྱིན་པ་དང་། སློབ་སྐྱོར་དགེ་རྒན་ལ་དམིགས་བསལ་གྱིས་སྔོན་ལ་འགན་སྲུང་དང་། གྲོང་གསེབ་ཀྱི་སློབ་གསོ་དམིགས་བསལ་གྱིས་རྒྱབ་སྐྱོར་བྱེད་དགོས་པ་དང་།རྒྱང་ཁྲིད་སློབ་གསོ་སྔར་ལས་རྒྱ་ཆེར་གཏོང་བ་དང་གཏིང་ཟབ་ཏུ་སྤེལ་བ་། ཕུལ་བྱུང་དགེ་རྒན་དང་སློབ་གཙོ་བར་གྱི་བགྲོ་གླེང་གི་བྱེད་སྒོ་སྤེལ་བ་དང་། རྒྱང་བསྟེན་སྨན་བཅོས་ལ་བརྟེན་ནས་སྨན་པ་གྲགས་ཅན་གྱི་སྐོར་སྐྱོད་སྨན་བཅོས་དང་སྔོན་འགོག་ཚོད་འཛིན་དྲིལ་བསྒྲགས་ལས་དོན་ཁག་གསུམ་ལྟེ་བར་བཟུང་ནས་ཐེན་ཅིན་གསོ་རིག་སློབ་ཆེན་སྤྱི་ཁྱབ་ཁང་། ཁུལ་བོད་སྨན་ཁང་དང་། རྫོང་བཞིའི་སྨན་ཁང་དང་། དེ་བཞིན་གཙོ་གནད་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་། དུས་ལྟར་གདན་ཞུ་བྱས་པའི་པིན་ཧའེ་གསར་ཁུལ་གྱི་སྨན་པ་གྲགས་ཅན།རྨ་ལྷོ་ཡར་རྒྱས་སྐོར་སྐྱོད་སྨན་བཅོས་བཅོས་དང་། ས་གནས་གཉིས་ཀྱི་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་ལ་ཞུགས་ནས་སྨན་བཅོས་དང་སྐུལ་འདེད་བྱས་ཡོད།

རིག་གནས་ཀྱི་ཡུལ་སྐོར་ཐོན་ལས་དྲིལ་བསྒྲགས་དང་འོས་སྦྱོར་སོགས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་དང་། རྒྱབ་སྐྱོར་བྱེད་ཤུགས་རྒྱ་ཆེར་གཏོང་བ། ཁུལ་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ།ཐུན་རིན་རྫོང་དང་རྒྱལ་ཡོངས་རིག་གནས་ཀྱི་ཕ་ས། ཐེན་ཅིན་དབྱང་ལིའུ་ཆིན་དང་རེབ་གོང་རིག་གནས་ཐོན་ལས་འཕེལ་རྒྱས་མཉམ་ལས་ཀྱི་ལམ་སྲོལ་འཛུགས་པ་དང་། རིག་གནས་ཀྱི་ཡུལ་སྐོར་ཐོན་རྫས་ཇུས་འགོད་ཞིབ་འཇུག་གསར་སྤེལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།ཁྱད་ལྡན་རིག་གནས་ཐོན་རྫས་བྲིན་ཚོང་ཐབས་ལམ་རྒྱ་ཆེར་བཏང་སྟེ། རེབ་གོང་སྒྱུ་རྩལ་ངོ་སྤྲོད་ཤུགས་ཆེ་བ་དང་། རྨ་ལྷོའི་ལྷ་མོ་དང་རེབ་གོང་དྲུག་པའི་གླུ་རོལ་དང་ཧོར་རིགས་ཀྱི་གདོད་མའི་ཞབས་བྲོ།ཧོར་གྲོང་ཚོའི་རྡོ་བརྐོས་ལག་རྩལ་སོགས་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་རིག་གནས་སུ་ངོ་སྤྲོད་བྱེད་པ་ཡིན།

ས་ཁུལ་གཉིས་ཀྱི་ཡུལ་སྐོར་ཁྲོམ་ར་མཉམ་འདྲེས་ཀྱི་ལམ་སྲོལ་འཛུགས་པ་དང་།ས་ཁུལ་གཉིས་ཀྱི་ཡུལ་སྐོར་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་པ་དང་། ཐེན་ཅིན་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་ཡུལ་སྐོར་ཐོན་ཁུངས་མཉམ་སྤྱོད་དང་།

ཡོན་ཏན་ཅན་ལ་རོགས་སྐྱོར་བྱེད་པའི་ཐད་རྒྱབ་སྐྱོར་ཡོད་རྒུ་འདོན་པ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྨ་ལྷོ་ལ་རོགས་རམ་བྱས་ཏེ་ཤེས་བྱའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ལག་རྩལ་བྱང་ཆུབ་པ་དང་། སྤྱོད་ཚུལ་ལེགས་པ་བཅས་ཀྱི་དཔུང་ཁག་ཅིག་འཛུགས་དགོས། ཏང་སྲིད་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་། ཐེན་ཅིན་གྱི་ལས་བྱེད་པ་རྨ་ལྷོའི་ཏང་སྲིད་ལས་བྱེད་པར་འདེམས་གཏོང་བྱས་ནས་ལས་གནས་སྦྱོང་བརྡར་བྱེད་པ་དང་། ལས་བྱེད་པའི་ནུས་པ་ལྟར་དབུལ་སྐྱོར་མྱུར་ཚད་དང་མང་ཚོགས་ཀྱི་བདེ་སྐྱིད་སོགས་མཐོར་འདེགས་བྱས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་ལྡན་མི་སྣ་དང་། ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་འདེམས་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་སྐུལ་ཁྲིད་བྱེད་པ་དང་། རང་ཁུལ་ནས་ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་འདེམས་གཏོང་བྱེད་པ་དང་། སྒྲིག་འཛུགས་རོགས་སྐྱོར་དང་། རིག་གཞུང་བརྒྱུད་སྤེལ་བྱེད་སྒོ། རྨ་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། དབུལ་ཐར་མཁྲེགསགཏོར་གྱི་ལས་དོན་དག་ནི་རྨ་ལྷོ་ཁུལ་འཕེལ་རྒྱས་སུ་འགྲོ་བའི་སྐས་རིམ་གསར་བ་ཞིག་ཡིན།

ལོ་ཙཱ་བ། སྐར་མ་མཚོ།