དུས་ཡུན་རིང་བོར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་དར་སྤེལ་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་གལ་ཆེན་དང་རྩྭ་སའི་སྐྱེ་ཁམས་ཁ་གསབ་བྱ་དགའ་སོགས་སྲིད་ཇུས་གལ་ཆེན་ལག་བསྟར་བྱས་པ་དང་། ཞིང་ཕྱུགས་སྡེ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་པ་དང་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ལེགས་བསྒྱུར་བྱུང་སྟེ་ཕན་འབྲས་མངོན་གསལ་ཐོབ།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་རང་ཤུགས་བསླར་གསོ་དང་བཟོ་སྐྲུན་བྱེད་ཐབས་ཕན་ཚུན་ཟུང་འབྲེལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གཞི་ཁྱོན་ཆེན་པོས་རྩྭ་བཀག་ཕྱུགས་གསོ་དང་རྩྭ་སའི་སྐྱེ་ཁམས་བཅོས་སྐྱོང་བྱས་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཤིང་། རིམ་བསགས་ཀྱིས་རྩྭ་སའི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ལ་མ་དངུལ་སྒོར་དུང་ཕྱུར་བརྒྱད་ཅུ་ལྷག་བཏང་། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་སྟེ། ལོ་རྒྱུས་སྟེང་སྲིད་ཇུས་ལག་བསྟར་བྱས་པ་ཆེས་མང་ཞིང་འཛུགས་སྐྲུན་གྱི་ཤུགས་ཚད་ཆེས་ཆེ་བ། ཐོན་ལས་འཕེལ་རྒྱས་ཆེས་མགྱོགས་པ་བཅས་ཀྱི་དུས་སྐབས་སུ་གྱུར།
གཅིག ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན།
2011ལོའི་ཚུན་ལ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ཞེ་དྲུག་ལྷག་བཏང་སྟེ། ཕྱུགས་འཚོ་མཚམས་བཞག་ནས་རྩྭ་ར་སྤྱི་ཆིང་འབུམ་གསུམ་ཁྲི་དགུ་བསྐོར་བ་དང་། ས་ཁག་བགོས་ནས་རེས་མོས་ཀྱིས་ཕྱུགས་འཚོ་བའི་རྩྭ་ར་སྤྱི་ཆིང་ས་ཡ་གསུམ་ཁྲི་གཉིས་ལྷག་བསྐོར་བ། ཉམས་ཞན་དུ་གྱུར་བའི་རྩྭ་ས་སྤྱི་ཆིང་ཁྲི་གཉིས་བཅོས་སྐྱོང་བྱས་པ། གཟན་རྩྭའི་རྟེན་གཞི་སྤྱི་ཆིང་ཁྲི་གཉིས་སྟོང་གཅིག་ལྷག་དང་ཕྱུགས་ཁང་ཁྲི་བརྒྱད་ལྷག་ལས།
གཉིས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན།
2005ལོ་ནས2012ལོའི་བར«མཚོ་སྔོན་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད»ཀྱི་དུས་སྐབས་དང་པོའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། 2013ལོར«མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད»ལག་བསྟར་བྱེད་མགོ་བརྩམས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ། བསྡོམས་པས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་ཉེར་བདུན་ལྷག་བཏང་སྟེ། ཉམས་ཞན་དུ་གྱུར་བའི་རྩྭ་ས་སྤྱི་ཆིང་ཞེ་བཞི་ལྷག་བཅོས་སྐྱོང་བྱས་པ་དང་། ཨ་བྲའི་གནོད་པ་ཐེབས་པའི་རྩྭ་ས་སྤྱི་ཆིང་ས་ཡ་གསུམ་འབུམ་གསུམ་ཁྲི་བཞི་བཅོས་སྐྱོང་བྱས། ཕྱུགས་ཁང་ཁྲི་གཉིས་སྟོང་བདུན་ལྷག་དང་། ཕྱུགས་རྩྭ་འཇོག་ས་མུས་གྲུ་བཞི་མ་ས་ཡ་གཅིག་ལྷག་ལས།
གསུམ། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན།
2008ལོ་ནས«མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད»ལག་བསྟར་བྱེད་མགོ་བརྩམས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ། བསྡོམས་པས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་གསུམ་ལྷག་བཏང་སྟེ། ས་ནག་ཅན་དུ་གྱུར་བའི་རྩྭ་ས་སྤྱི་ཆིང་ཁྲི་དྲུག་ལྷག་དང་། བྱེ་མ་ཅན་གྱི་རྩྭ་ས་སྤྱི་ཆིང་ཁྲི་གསུམ་ལྷག་བཅོས་སྐྱོང་བྱས་པ་དང་། ཨ་བྲའི་གནོད་པ་ཐེབས་པའི་རྩྭ་ས་སྤྱི་ཆིང་ཁྲི་ལྔ་ལྷག་དང་རྩྭ་སའི་སྟེང་སྐྱེ་བའི་རེ་ལྕག་སྤྱི་ཆིང་ཁྲི་བདུན་འགོག་བཅོས་བྱས།
བཞི། ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན།
2014ལོར«མཚོ་སྔོན་ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད»ལག་བསྟར་བྱེད་མགོ་བརྩམས་ཏེ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་བཏང་ཞིང་། ས་ནག་ཅན་ཏུ་གྱུར་བའི་རྩྭ་ས་མུའུ་སྤྱི་ཆིང་སྟོང་ལྔ་ལྷག་དང་བྱེ་བ་ཅན་ཏུ་གྱུར་བའི་རྩྭ་ས་སྤྱི་ཆིང་སྟོང་གཅིག་ལྷག་བཅོས་སྐྱོང་བྱས་པ་དང་། ཨ་བྲའི་གནོད་པ་ཐེབས་པའི་རྩྭ་ས་སྤྱི་ཆིང་འབུམ་ལྔ་ཁྲི་དྲུག་ལྷག་འགོག་བཅོས་བྱས། ཕྱུགས་ཁང་མུས་གྲུ་བཞི་མ་འབུམ་གཉིས་ཁྲི་ལྔ་ལྷག་དང་སྔོ་རྩྭ་འཇོག་ས་མུས་གྲུ་བཞི་མ་ཁྲི་བདུན་ལྷག་ལས། རོང་འབྲོག་ཁྱིམ་ཚང་ཁྲི་གཉིས་ལྷག་ལ་ཉི་འོད་ནུས་པའི་ཐབ་ཀ་སོགས་ནུས་ཁུངས་གསར་བའི་སྒྲིག་ཆས་སྒྲིག་སྦྱོར་བྱས།
2011ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྐོར་ཐེངས་དང་པོའི་རྩྭ་སའི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། ལོ་དེར་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་བཅུ་དགུ་ལྷག་དངོས་འབེབས་བྱས། 2016ལོར་སྐོར་ཐེངས་གསར་བའི་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱེད་མགོ་བརྩམས་ཤིང་། ལོ་དེར་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་ཉེར་བཞི་ལྷག་དངོས་འབེབས་བྱས། ལོ་དྲུག་གི་རིང་ལ་ཞིང་ཆེན་ཡོངས་ཀྱིས་རིམ་བསགས་ཀྱིས་ཁ་གསབ་བྱ་དགའི་མ་དངུལ་དང་བྱས་འབྲས་མ་དངུལ་སྒོར་དུང་ཕྱུར་ཆིག་བརྒྱ་སོ་གཉིས་ལྷག་དངོས་འབེབས་བྱས་ཏེ། ཉམས་ཞན་དུ་གྱུར་བའི་རང་བྱུང་རྩྭ་ས་སྤྱི་ཆིང་བྱེ་བ་གཅིག་ས་ཡ་དྲུག་ལ་ཕྱུགས་བཀག་ཁ་གསབ་དང་། བེད་སྤྱོད་ཆོག་པའི་རྩྭ་ས་སྤྱི་ཆིང་བྱེ་བ་གཅིག་ས་ཡ་ལྔ་ལ་རྩྭ་ཕྱུགས་དོ་མཉམ་གྱི་བྱ་དགའ་ལག་བསྟར་བྱས། འདྲ་མཉམ་དྲང་བདེན་དང་སྤྱི་ཕན་རྩ་དོན་ལྟར། ཁྱད་པར་ཅན་གྱི་ཕྱུགས་བཀག་ཁ་གསབ་ལག་བསྟར་བྱས། 2016ལོའི་བར་ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཉིས་སྟོང་གཉིས་ལྷག་ཏུ་བསླེབས་པ་དང་། རྒྱལ་ཡོངས་ནས་རྩྭ་སའི་སྐྱེ་ཁམས་ཁ་གསབ་བྱ་དགའི་བྱས་འབྲས་དོ་དམ་ཚོད་ལྟ་ཐོག་མར་སྤེལ། 2016ལོ་ནས་མགོ་བརྩམས་ཏེ། ཞིང་ཆེན་ཡོངས་སུ་བྱས་འབྲས་དཔྱད་ཞིབ་བྱ་བ་ལག་བསྟར་བྱས།
2008ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་འཚོལ་ཞིབ་བྱས་ཏེ། 2014ལོའི་བར་མཚོ་སྔོན་ཞིང་ཆེན་དེ་ཞིང་ལས་པུའུ་ཡིས་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་གཅིག་པུར་གཏན་འཁེལ་བྱས། སྒྲིག་སྲོལ་དང་ནང་རྐྱེན་གྱི་ཐད་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་བ་ཞིག་ཐོག་མར་བཏོད་དེ། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་ཀྱི་རྟེན་གཞིར་གྱུར། མིག་སྔར་ཐོན་སྐྱེད་བྱེད་ནུས་གཙོ་བོ་ཡིན་པ་ནས་ཐོན་སྐྱེད་དང་སྐྱེ་ཁམས་ནུས་ཡོད་སྒོས་ཟུང་འབྲེལ་དང་སྐྱེ་ཁམས་སྔོན་མ་བྱེད་པའི་འདུ་ཤེས་གསར་བསྐྲུན་དང་། ཐར་ཐོར་གཙོ་ཡིན་པའི་ཞིང་ལས་ཆུང་བའི་དཔལ་འབྱོར་ནས་མཉམ་ལས་མ་རྐང་ལམ་ལུགས་གཙོ་བོ་ཡིན་པའི་བདག་གཉེར་རྣམ་པ་གསར་བསྐྲུན་དང་། རྩྭ་སའི་ཕྱུགས་ལས་ནས་ཞིང་ཕྱུགས་ཟུང་འབྲེལ་དང་འཁོར་སྐྱོད་འཕེལ་རྒྱས། འདེབས་གསོ་གཞི་གཅིག་དང་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་སུ་མཉམ་འདྲེས་བྱེད་པ་མངོན་འགྱུར་བྱས་ཏེ། རྩྭ་སའི་སྲོལ་རྒྱུན་ཕྱུགས་ལས་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ལོ་མང་པོའི་རིང་ལ་འཚོལ་ཞིབ་དང་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་གྱིས་ལག་ལེན་ཁྲོད་ནས་ཐུན་མོང་མ་ཡིན་པའི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་འབུར་ཐོན་གྱི་བྱེད་ཐབས་མང་པོ་ཞིག་བཏོད་ཡོད།
གཅིག རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དེ་ཞིང་ཆེན་ཡོངས་ཀྱི་འཐབ་ཇུས་གལ་ཆེན་དུ་གྱུར།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ འཐབ་ཇུས་གོ་གནས་གལ་ཆེན་དུ་བཞག་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱི་དྭངས་གཙང་གི་རི་ཆུ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པས། རང་ཉིད་ཀྱི་མིག་ཟུང་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་ལེགས་པོ་བྱེད་པ། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་བྱེད་དགོས་ཞེས་པ་སོགས་མཛུབ་སྟོན་གལ་ཆེན་རབས་དང་རིམ་པ་ནན་ཏན་གིས་ལག་ལེན་མཐར་ཕྱིན་བྱས་ཏེ། བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་བཏོན་པ་དང་། ཁྱོན་ཡོངས་ཀྱི་མཐོ་ཚད་ནས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་འགན་གསར་བ་བཏོན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ངོས་ཟིན་དང་ལམ་ལུགས། ལག་ལེན། སྐུལ་འདེད་ཤུགས་ཚད་བཅས་ལ་སྔ་ན་མེད་པའི་ཤུགས་སྣོན་ཐོབ།
གཉིས། དོན་དངོས་གཞིར་འཛིན་པ་དང་རིགས་བཀར་བྱེད་ཐབས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས།
འབྲོག་པ་མང་ཚོགས་དང་། ལས་རིགས་སོ་སོའི་མི་སྣ་དང་ཆེད་མཁས་པ་བཅས་ཀྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་ལེགས་པོ་བྱས་ཏེ། རྩྭ་ས་འགན་གཙང་ལེན་རྨང་གཞི་ཡིན་པ་དང་། ཁྱིམ་ཚང་གཞི་རྩའི་འཛུགས་སྐྲུན་སྡེ་ཁག་ཡིན་པ། རྩྭ་ཕྱུགས་དོ་མཉམ་སྔོན་འགྲོ་ཡིན་པ། རྩྭ་སའི་སྤང་ཤུན་སླར་གསོ་དང་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས། ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་བཅས་དམིགས་འབེན་ཡིན་པ་རྒྱུན་འཁྱོངས་བྱེད་པའི་བཟོ་སྐྲུན་ལག་བསྟར་འདུ་ཤེས་ཆགས། གཙང་གསུམ་འབྱུང་ཡུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྔོན་མ་བྱེད་པ་དང་། སྲུང་སྐྱོབ་དང་འཛུགས་སྐྲུན་དུས་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་ཀྱི་འགྲོ་ལམ་དུ་བསྐྱོད། མཚོ་སྐོར་ཕྱུགས་ལས་ས་ཁུལ་གྱིས་རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་དང་ཕྱུགས་ལས་ཐོན་སྐྱེད་བརྟན་འཇགས་ངང་གོང་དུ་འཕེལ་བ་དམ་འཛིན་བྱས་ཏེ། ཐོན་མཐོའི་ཕྱུགས་ལས་གོང་དུ་སྤེལ། ཚྭ་འདམ་གཞོང་ས་ཁུལ་དང་ཤར་ཕྱོགས་ཞིང་ལས་ས་ཁུལ་གྱིས་ཞིང་ཕྱུགས་མཉམ་འདྲེས་ཀྱི་ནུས་ཡོད་ཆ་རྐྱེན་ལ་བརྟེན་ནས། རྩྭ་ཕྱུགས་དོ་མཉམ་དང་འཁོར་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་བྱས
གསུམ། རྩྭ་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
མཚོ་སྔོན་ཞིང་ཆེན་གྱིས«གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་བློ»འགྲེམ་སྤེལ་བྱས་ཏེ། གཟན་རྩྭ་ཐོན་སྐྱེད་དང་ལས་སྣོན། གསོག་ཉར་བཅས་ཀྱི་མ་ལག་བཙུགས་པས། ཁེ་ལས་དང་མཉམ་ལས་ཁང་གི་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ལས་སྣོན་གཙོ་ཡིན་པ་དང་། འབྲོག་པ་ཁྱིམ་ཚང་གི་འདེབས་འཛུགས་ཕལ་བ་ཡིན་པའི་ཤར་ནུབ་མཉམ་འབྲེལ་དང་། ཞིང་ཕྱུགས་ཟུང་འབྲེལ་གྱི་གཟན་རྩྭའི་ཐོན་ལས་རྣམ་པ་རིམ་བཞིན་ཆགས་ཏེ། ར་བ་དང་ཁེ་ལས། མཉམ་ལས་ཁང་། ཞིང་བ་ཁྱིམ་ཚང་དང་། ཀུང་ཟི་དང་མཉམ་ལས་ཁང་། རྟེན་གཞི། ཞིང་བ་ཁྱིམ་ཚང་། མཉམ་ལས་ཁང་དང་རྟེན་གཞི། འབྲོག་པ་ཁྱིམ་ཚང་སོགས་འཕེལ་རྒྱས་ཀྱི་རྣམ་པ་མི་འདྲ་བ་མང་པོ་ཆགས། 2016ལོར་གནོད་འཚེ་མང་ཞིང་གནོད་འཚེ་འབྱུང་སླ་བའི་ཁུལ་ལྔའི་རྫོང་བཅུ་བདུན་ལ་ཞིང་ཆེན་དང་ཁུལ། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་གནོད་འགོག་གནོད་སེལ་གྱི་གཟན་རྩྭ་གསོག་འཇོག་མ་ལག་ཐོག་མར་བཙུགས།
བཞི། སྒྲིག་སྲོག་ནང་རྐྱེན་གསར་སྐྲུན་ལ་ཤུགས་སྣོན་བྱས།
«མཚོ་སྔོན་ཞིང་ཆེན་གྱིས་རྩྭ་སའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས»བཟོ་བཅོས་དང་འཐུས་ཚང་དུ་བཏང་སྟེ། གཞི་རྩའི་རྩྭ་སའི་སྲུང་སྐྱོབ་ལམ་ལུགས་དངོས་འབེབས་བྱས། རྩྭ་སའི་ཕྱུགས་ལས་ཚོད་ལྟའི་ཁུལ་དང་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཡོངས་ནས་ཐོག་མར་རྩྭ་ས་འགན་གཙང་ལེན་གྱི་གཏན་འཁེལ་དབང་ཆ་ཐོ་འགོད་ཚོད་ལྟའི་བྱ་བ་སྤེལ། «མཚོ་སྔོན་ཞིང་ཆེན་གྱི་ཚད་ལྡན་ཅན་གྱི་རྩྭ་ས་འཁོར་རྒྱུགས་བྱ་བའི་མཛུབ་སྟོན་བསམ་བློ»གཏན་འཁེལ་འགྲེམ་སྤེལ་བྱས་ཏེ། རྩྭ་ས་འགན་གཙང་ལེན་བདག་གཉེར་དབང་ཆ་འཁོར་རྒྱུགས་དོ་དམ་དང་རྩོད་གཞི་ཐག་གཅོད་སྒྲིག་སྲོལ་ནང་རྐྱེན། རྩྭ་སའི་འཁོར་རྒྱུགས་ཉེན་ཁ་འགོག་སྲུང་ནང་རྐྱེན་བཅས་བཙུགས། རྩྭ་སའི་ཕྱུགས་ལས་དང་ཕྱུགས་རྩྭ་འདེབས་པའི་ཚོད་ལྟ་དང་ཟུང་འབྲེལ་བྱས་ཏེ། འབྲུ་རིགས་དང་གཟན་རྩྭ་མཉམ་འཛིན་དང་ཞིང་ཕྱུགས་ཟུང་འབྲེལ། འཁོར་སྐྱོད་འཕེལ་རྒྱས་བཅས་ཀྱི་རྣམ་པ་མང་པོའི་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་བ་འཚོལ་ཞིབ་བྱུང་།
ལྔ། གནས་བཞི་གཞི་གཅིག་དང་གཅིག་གྱུར་སྐུལ་འདེད་རྒྱུན་འཁྱོངས་བྱས།
ཕྱུགས་ལས་དང་འབྲེལ་བའི་སྲིད་ཇུས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་དམིགས་འབེན་ཡིན་པ་དང་། རྩྭ་སའི་ཁ་གསབ་བྱ་དགའི་ནང་རྐྱེན་བྱེད་ཐབས་ཡིན་པ། འབྲོག་པའི་གཏན་སྡོད་བཟོ་སྐྲུན་འགན་སྲུང་ཡིན་པ། གཟན་རྩྭའི་ཐོན་ལས་རྨང་གཞི་ཡིན་པ་བཅས་རྒྱུན་འཁྱོངས་དང་། གནས་བཞི་གཞི་གཅིག་དང་ཟུང་འབྲེལ་ལེགས་པོ་བྱས་ཏེ། སྤྱི་ཡོངས་ནས་སྐུལ་འདེད་དང་སྲིད་ཇུས་བྱེད་ཐབས་ཕྱོགས་བསྡུས་སྒོས་ལག་བསྟར་བྱས་པས། སྲིད་ཇུས་ལག་བསྟར་བྱས་ཚད་མཐོར་འདེགས་དང་། ཕྱུགས་ལས་ཀྱི་རྣམ་པ་བསྒྱུར་བ་དང་རྩྭ་ས་སྲུང་སྐྱོབ་ཀྱི་ཆུ་ཚད་ཇེ་མཐོར་སོང་བར་མ་ཟད། འབྲོག་པ་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་།
དྲུག རྩྭ་སའི་ལྟ་སྐུལ་ཚད་ལེན་དོ་དམ་ཇེ་དྲག་ཏུ་བཏང་།
«རྩྭ་ས་འགན་གཙང་ལེན་གྱི་བྱ་བ་སྔར་ལས་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བསམ་འཆར»དང«མཚོ་སྔོན་ཞིང་ཆེན་གྱི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་མ་དངུལ་དང་བྱས་འབྲས་གདེང་འཇོག་བྱེད་ཐབས»། «མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་རྩྭ་སའི་སྟེང་ཕྱུགས་འཚོ་མཚམས་འཇོག་པ་དང་རྩྭ་ཕྱུགས་དོ་མཉམ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས»སོགས་ལམ་ལུགས་དང་བྱེད་ཐབས་རབས་དང་རིམ་པ་གཏན་འཁེལ་འགྲེམ་སྤེལ་བྱས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་བཟོ་སྐྲུན་གྱི་རྩྭ་སའི་ལྟ་སྐུལ་ཚད་ལེན་ལས་གཞི་དང་། ཞིང་ལས་པུའི་རྩྭ་སའི་ལྟ་སྐུལ་ཚད་ལེན་སོགས་ཀྱི་ལས་གཞི་ལྟར་དུ། 2005ལོ་ནས་ལྟ་སྐུལ་ཚད་ལེན་བྱ་བ་སྤེལ་མགོ་བརྩམས་པ་དང་། ལྟ་སྐུལ་ཚད་ལེན་གྱི་རྣམ་གྲངས་དེ་སུམ་བརྒྱ་ནས་མིག་སྔའི་དྲུག་བརྒྱ་གོ་བཞིར་བསླེབས་ཤིང་། འབྲོག་པ་ཁྱིམ་ཚང་བཞི་བརྒྱར་རྟོག་ཞིབ་བྱས། རྩྭ་སའི་ཁ་གསབ་བྱ་དགའི་སྲིད་ཇུས་དངོས་འབེབས་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། མ་དངུལ་དངོས་འབེབས་དང་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ། འགན་གཙང་ལེན་བྱས་པའི་རྩྭ་སའི་འགྱུར་ལྡོག་སོགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཤུགས་ཚད་རྒྱ་བསྐྱེད།
ལོ་ཙཱ་བ། སྒྲོལ་མ་སྐྱིད།