ན་ནིང་གི་ཚུན་དུ། ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རང་གི་འགན་ནུས་སྒྲུབ་ཅི་ཐུབ་བྱས་ཤིང་། འགན་འཁྲི་ཁུར་ཕོད་པ་དང་ཏང་འཛུགས་བྱ་བར་ཧུར་ཐག་བྱས་པ། ཏང་འཛུགས་བྱ་བའི་གནད་སར་དམིགས་ནས་དམ་འཛིན་བྱས་པ། ཏང་གིས་ཏང་ལ་དོ་དམ་དང་གཟབ་ནན་གྱིས་ཏང་སྐྱོང་བའི་བྱེད་ཕྱོགས་ལག་བསྟར་ཅི་ཐུབ་དང་། ཏང་དོ་དམ་བྱེད་པ་དང་བཙན་རྫོང་གི་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཤིང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ། གནད་ལ་འཁེལ་བའི་ཐབས་ཀྱིས་སྲིད་ཇུས་ལག་བསྟར་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྟོབས་དང་ལྡན་པའི་འགན་ལེན་འདོན་སྤྲོད་བྱས།
བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་བ།
རང་ཞིང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་བྱེད་པ་ཡིས་སྣེ་ཁྲིད་དེ། ཆད་ལུས་མེད་པའི་སྒོ་ནས “སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་ལུགས་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་དང་། ཏན་ཏིག་དང་ནུས་པ་ལྡན་པའི་ཏང་ནང་སློབ་སྦྱོང་སློབ་གསོ་དང་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་སྣེ་ཁྲིད་དེ་ཕུགས་བསམ་ཡིད་ཆེས་སྔར་ལས་བརྟན་པོ་དང་། ཏང་གཤིས་བློ་སྦྱོང་སྦྱོང་བརྡར་བཅས་ཀྱིས་བསམ་བློའི་སྤྱིའི་འདུ་ཤེས་ཇེ་དམ་དུ་བཏང་།
རང་ཞིང་གིས་དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཆེས་གཙོ་བོར་བརྩིས་ནས། རིམ་པ་སོ་སོའི་ཏང་ཨུས་ལྟེ་བའི་ཚན་ཆུང་གིས་སྣེ་ཁྲིད་ཅིང་མགོ་ཁྲིད་ལས་བྱེད་པས་དཔེ་བསྟན་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ནང་སྒོས་སུ་མཚོ་སྔོན་ནས་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་བྱ་བ་སྒྲུབ་པའི་རྩ་བའི་བརྩི་སྲུང་དང་སྟོབས་དང་ལྡན་པའི་བསམ་བློའི་མཚོན་ཆ་ལྟ་བུར་བརྩིས་ནས། སློབ་སྦྱོང་བྱེད་པ་དེ་གཏིང་ཟབ་ཏུ་སྤེལ་ཅི་ཐུབ་བྱས། དུས་མཚུངས་སུ་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་། མང་ཚོགས་ཀྱིས་སྒྲོག་འགྲེལ་བཅས་རིམ་པ་ལྔ་ཡི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་པའི་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས། གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་གཞི་རིམ་དང་མི་རེ་རེའི་སེམས་གཏིང་ལ་འཇགས་ཡོད།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ།“མི་ཚང་མས་ཏང་གི་སློབ་ཁྲིད་བྱེད་པ་དང་མི་ཚང་མས་སྒྲོག་འགྲེལ་བྱེད་མཁན་བརྩོན་ལེན་བྱེད་པ”ཡི་ཏང་གི་སློབ་ཁྲིད་ཆེད་དུ་སྤེལ་བའི་བྱ་འགུལ་དང་། “རྫོང་གཅིག་ལ་རྟེན་གཞི་གཅིག་དང་རྫོང་གཅིག་ལ་ཁྱད་ཆོས་གཅིག”གི་ཏང་ཡོན་སློབ་གསོ་རྟེན་གཞི་འཛུགས་སྐྲུན་སོགས་བྱ་འགུལ་བརྒྱུད་དེ་སློབ་སྦྱོང་སློབ་གསོ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཅི་ཐུབ་བྱས། “ཏང་ཡོན་གཅིག་ནི་དར་ཆ་གཅིག” “གྲུབ་འབྲས་སྟོན་པ། ཁས་ལེན་བསྒྲགས་པ། མིག་དཔེ་བྱེད་པ།” “ཏང་ཡོན་གྱིས་ཐད་ཀར་མང་ཚོགས་དང་འབྲེལ་གཏུག་དང་ཞབས་ཞུ་བྱེད་པ།” “བློ་མཐུན་ལིའོ་ཅུན་པོར་སློབ་སྦྱོང་བྱེད་པ”སོགས་བྱ་འགུལ་སྤེལ་བ་བརྒྱུད་རྒྱ་ཆེའི་ཏང་ཡོན་གྱིས་རང་གི་ལས་རྐང་དུ་གཞི་ཚུགས་ཏེ་བྱས་རྗེས་འཇོག་པར་སྣེ་ཁྲིད་ཅི་ཐུབ་བྱས།
ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་གཞི་རིམ་ཏང་ཀྲི་པུའུ་ཡིས“ཚོགས་འདུ་གསུམ”སྤེལ་བ་དང་།“དཔེ་ཀློག་ས་ཚིགས” དང“རྟ་ཐོག་སློབ་ཐུན།”གཟའ་མཇུག་སློབ་སྦྱོང་ཚོགས་འདུ། བརྟན་འཇགས་ཡིན་པའི་རྩ་འཛུགས་འཚོ་བའི་ཉིན་མོ་བཅས་བཙུགས་པ་བརྒྱུད་སྔོན་ཐོན་དང་མིག་དཔེ་རྣམས་གདན་ཞུ་བྱས་ཏེ་ཏང་ཀྲི་པུའུ་དང་ཏང་ཡོན་ཁྲོད་རང་གི་མྱོང་ཚོར་བཤད་དུ་བཅུག་པས། སློབ་སྦྱོང་དང་སློབ་གསོའི་རྣམ་པ་སྔར་ལས་ཕུན་སུམ་ཚོགས་པོར་བཏང་ལ། འགུག་ཤུགས་སྔར་ལས་ཀྱང་ཇེ་དྲག་ཏུ་བཏང་།
ཞིང་ཆེན་ཡོངས་ཀྱི་གོང་འོག་གིས་བློ་མཐུན་སྐལ་བཟང་དང་ལེན་ཧྥུ་ཀྲང་སོགས་ཀྱི་སྔོན་ཐོན་བྱས་རྗེས་དྲིལ་སྒྲོག་ཟབ་མོ་བྱས་པ་དང་། ཧི་ནན་རྫོང་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཟུར་པ་རྒྱ་མཚོ་དང་། ནུབ་རྒྱུད་གཏེར་ལས་ཚོགས་སྒྲིལ་བོད་ལྗོངས་ཡུས་ལུང་ཟངས་གཏེར་མ་རྐང་ཚད་ཡོད་ཀུང་སིའི་སྒྲིག་ཨུའི་ཧྲུའུ་ཅི་ཟུར་པ་དབྱིན་ལེ་སོགས་ཉེ་འགྲམ་གྱི་མིག་དཔེར་སློབ་སྦྱོང་བྱེད་དུ་བཅུག་སྟེ། རྒྱ་ཆེའི་ཏང་ཡོན་རྣམས་ལ་སློབ་པའི་མིག་དཔེ་ཡོད་ཅིང་སྒྲུབ་པའི་ཚད་གཞི་ཡོད་པར་བྱས།
“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གཏོང་བའི་ཆེད་དུ། རང་ཞིང་གིས་ཏང་ཨུ་དང་ཏང་ཀྲི་པུའུ། ཏང་ཡོན་མགོ་ཁྲིད་ལས་བྱེད་པ། ཏང་ཡོན་བཅས་ཀྱིས “སློབ་པ་གཉིས་དང་བྱེད་པ་གཅིག”དེ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གཏོང་བའི་ལས་འགན་རྩིས་ཐོ་ཞིབ་མོ་གཏན་འཁེལ་བྱས་ཏེ། དམིགས་འབེན་འགན་འཁྲི་དང་རིམ་པ་བཞིན་དངོས་འབེབས་བྱེད་པའི་འགན་འཁྲི་གཏན་འཁེལ་གསལ་པོ་བྱས། ཞིང་ཆེན་ཡོངས་ཀྱི་ས་གནས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བ། རིམ་པ་མི་འདྲ་བ་ནས “སློབ་པ་གཉིས་དང་བྱེད་པ་གཅིག”རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གཏོང་བའི་དཔེ་སྟོན་ཏང་ཀྲི་པུའུ་ལྔ་བཅུ་གཏན་ལ་ཕབ་ཅིང་། གསོན་ཉམས་ལྡན་པའི་ཉམས་མྱོང་སྤྱི་སྡོམ་བྱས་འོག་གནས་གཅིག་གིས་ཁྱོན་ཡོངས་ལ་ཁྲིད་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་བྱ་བ་སྤེལ་ཐབས་བྱས།
གཞི་རིམ་རྩ་འཛུགས་ལ་ཤུགས་བསྣན་པ།
ན་ནིང་གི་ཚུན་དུ། རང་ཞིང་གིས་ཏན་ཏན་ཏིག་ཏིག་གིས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱ་བ་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ་དང་ཚང་མ་ཚད་གཞིར་བསླེབ་པའི་བྱ་བ་སྤེལ་བས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་སྟེང་སྣེ་ཁྲིད་དང་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་སྔར་ལས་ཇེ་དྲག་ཏུ་གྱུར།
ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་འཛུགས་བྱ་བ་གཅིག་གྱུར་གྱིས་སྤེལ་བ་དང་། ཞིང་སྡེའི་ཏང་གི་འཛུགས་སྐྲུན་བྱ་བ་འབུར་དུ་དོད་ཅིང་དམ་འཛིན་བྱས་ཏེ། ནུས་མེད་ཟབ་ཟོབ་ཡིན་པའི་ཏང་རྩ་འཛུགས་དག་གཅིག་བསྡུས་ཀྱིས་རྩད་ཆོད་དག་ཐེར་བྱས་ཤིང་། “སྡེ་བའི་བཙན་བདག”བཅོས་སྐྱོང་བྱེད་པའི་བྱ་འགུལ་གཅིག་བསྡུས་ཀྱིས་སྤེལ་བ་དང་། “ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བྱ་བའི་མགོ་ཁྲིད་བྱེད་ཤུགས་དངོས་གནས་ཇེ་དྲག་ཏུ་བཏང་། རྒྱལ་དབང་ཁེ་ལས་ཀྱི་ཏང་གི་འཛུགས་སྐྲུན་ཆེད་དུ་དམ་འཛིན་བྱས་པ་དང་། རྒྱལ་ཡོངས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཤིང་། གནད་སའི་ལས་འགན་སྒྲུབ་ཡོད་མེད་ཞིབ་བསྡུར་དང་དོན་ཚན་རེ་རེ་བཞིན་སྤེལ་ཚད་དང་སྤྱད་པའི་བྱེད་ཐབས་གཏན་འཁེལ་གསལ་པོ་བྱས་པ་དང་། ས་གནས་སོ་སོར་གཏོགས་པའི་ཁེ་ལས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་བྱེད་པར་མཛུབ་སྟོན་བྱས། མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་བྱ་བ་འབུར་དུ་དོད་ཅིང་དམ་འཛིན་བྱས་ཏེ། «གནས་བབ་གསར་བའི་འོག་མཐོ་རིམ་སློབ་གྲྭའི་བསམ་བློའི་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར»དོན་ཐོག་ཏུ་འཁྱོལ་བར་བྱས་ཤིང་། ནུས་མེད་ཟབ་ཟོབ་ཡིན་པའི་ཏང་ཀྲི་པུའུ་དག་གཅིག་བསྡུས་ཀྱིས་རྩད་བཅད་དེ་དག་ཐེར་བྱས།
“གཞི་གསུམ”འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་སྤེལ་བྱས་པ། ལས་གཞི་ཅན་གྱི་ཏང་འཛུགས་བྱ་དགའ་དང་ཁ་གསབ་མ་དངུལ་ཧྲིལ་བསྡུས་བྱས་ཏེ། སྔར་ལས་མང་བའི་མ་དངུལ་གཞི་རིམ་ཏང་འཛུགས་ཕྱོགས་སུ་བཏང་ཞིང་། “བརྒྱད་ཡོད”བཟོ་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་རིམ་པ་སོ་སོའི་ཏང་རྩ་འཛུགས་དེ“བསྒྱུར་བ་བཞི”ལ་སྐུལ་སྤེལ་གཏོང་བའི་བཙན་རྫོང་དུ་འཛུགས་སྐྲུན་ཅི་ཐུབ་བྱས། ལས་ཁུངས་ཀྱི་སྒྲིག་ལུགས་དོ་དམ་དང་ལས་རྐང་འགན་འཁྲི་དོ་དམ་སོགས་རིགས་ལྔ་ཡི་རྨང་གཞི་བྱ་བ་བཅུ་ཁྱོན་ཡོངས་ནས་ཚད་གཞིར་བསླེབ་ཏུ་བཅུག་ཅིང་། རྨང་གཞི་བྱ་བའི་ཆུ་ཚད་སྔར་ལས་ཀྱང་ཇེ་མཐོར་བཏང་། ཏང་སྲིད་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཀུན་དུ་སྤྱོད་པའི་གཞི་རྩའི་ནུས་པའི་ཚོད་ལྟ་དང་ཆེད་ལས་གཞི་རྩའི་ནུས་པའི་ཚོད་ལྟ་བྱས་ཤིང་། ཏང་ཡོན་ལ་གསོ་སྦྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་ནས་གཞི་རྩའི་ནུས་པའི་འཛུགས་སྐྲུན་སྔར་ལས་ཀྱང་གཏིང་ཟབ་ཏུ་སྤེལ།
ཏང་འཛུགས་བྱ་བ་དམ་འཛིན་བྱས་ཏེ་དབུལ་སྐྱོར་བྱ་བར་སྐུལ་སྤེལ་བཏང་བ། རང་ཞིང་གིས་འཚོལ་ཞིབ་བྱས་ཏེ་བཙུགས་པའི“123”རོགས་སྐྱོར་བྱ་བའི་ནང་རྐྱེན་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་ལས་ཐོག་ལས་བྱེད་པ་དང་ལས་བཟོ་པ་འབུམ་གཅིག་དང་ཁྲི་བཞི་སྟོང་ལྔ་ཡིས་དབུལ་ཕུངས་ཁྱིམ་ཚང་འབུམ་གཅིག་དང་ཁྲི་ལྔ་སྟོང་དགུ་ལྷག་ལ་ཡོངས་སུ་ཆ་བསྒྲིགས་ཏེ།“གཅིག་གིས་གཅིག”“གཅིག་གིས་མང་པོ།”“མང་པོས་གཅིག”བཅས་ཀྱི་གཏན་འཇགས་འབྲེལ་བ་བཙུགས་ཤིང་། ཏང་རྩ་འཛུགས་སྟོང་བཞི་དང་ལྔ་བརྒྱ་ཡིས“རིགས་གསུམ”གྱི་སྡེ་བ་དང་ཡོངས་སུ་ཆ་བསྒྲིགས་ཤིང་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ། དབུལ་སྐྱོར་འགག་སྒྲོལ་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་ནུས་ལྡན་བྱས།
རྨང་གཞི་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་སྤྱད་པ་དེས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཁེབས་རྒྱ་དང་ཤུགས་རྐྱེན་ཉིན་ལྟར་ཇེ་ཆེར་སོང་བས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་དང་མང་ཚོགས་ལ་ཞབས་ཞུ་བྱེད་པའི་དངོས་ཕན་སྔར་ལས་ཇེ་ཆེར་སོང་།
རིམ་པ་སོ་སོའི་ཏང་ཨུ་དང་རྩ་འཛུགས་སྡེ་ཁག་གིས་ཡང་དག་པའི་མི་བཀོལ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་འོག་དོན་དངོས་ལ་དམིགས་ཤིང་ལས་བྱེད་པའི་བྱ་བའི་ནང་རྐྱེན་ཆ་ཚང་དུ་བཏང་ནས། ལག་བསྟར་བསམ་འཆར་དང་བྱེད་ཐབས་བཅུ་ལྷག་བཏོན་པས། “ཚན་རིག་དང་མཐུན་ལ་ཚད་ལྡན་ཡིན་པ། གོ་རིམ་ཡོད་པའི་ངང་འབྲེལ་མཐུད་བྱེད་པ། དོན་གཉེར་སྤྱོད་གོ་ཆོད་པ། ལག་བསྟར་བྱེད་བདེ་བ”ཡི་ལས་བྱེད་པ་བྱ་བའི“ཕྱིར་སློག་ཚོད་འཛིན”ལམ་ལུགས་མ་ལག་ཆགས་སུ་བཅུག ཉིན་རྒྱུན་གྱི་དོ་དམ་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ནུས་པ་ཅན་ཡར་སྤར་བ་དང་ནུས་མེད་ཅན་མར་འབབ་པ། ཐ་ཤལ་ཅན་ཕྱིར་འབུད་པ་བཅས་ཀྱི་མི་བཀོལ་ཁྲིད་ཕྱོགས་གསལ་པོ་ཞིག་ཆགས་སུ་བཅུག ལས་བྱེད་པ་ལག་ལེན་ཁྲོད་སྦྱོང་བརྡར་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་བཏང་ཞིང་། ལས་བྱེད་པའི་ལུས་སེམས་བདེ་ཐང་ལ་སེམས་ཁུར་བྱེད་པ་དེ་རྒྱུན་ལྡན་ཅན་གྱི་བྱ་བ་ཞིག་ཏུ་བརྩིས་ནས། “བསྒྱུར་བ་བཞི”དང་མཐུན་ཞིང་འཕྲོད་པའི་མགོ་ཁྲིད་ཚོགས་པ་བརྟན་པོ་ཞིག་མྱུར་དུ་འཛུགས་སྐྲུན་ཅི་ཐུབ་བྱས།
སྤྱོད་ཚུལ་བཟང་པོ་ཆགས་སུ་བཅུག་པ།
རང་ཞིང་གིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་པའི་མིག་དཔེ་བྱས་ཏེ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་དམ་སྲུང་བྱེད་ཅིང་། དམངས་གཙོ་གཅིག་བསྡུས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། སྤྱོད་ཚུལ་ལེགས་པོ་དར་སྤེལ་བྱེད་པ། རང་རྟོགས་ཀྱིས་ཡིད་ཆེས་བརྟན་པོ་དང་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ལག་བསྟར་བྱེད་པའི་མིག་དཔེ་བཅས་བྱས་ཐོག སྟོབས་དང་ལྡན་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། “མང་ཤས”ཀྱིས“ཉུང་ཤས་གཙོ་བོ”དང་གྲལ་མཉམ་དང་སྤྱོད་ཚུལ་ལེགས་པོ་དེ“རྒྱུན་རྣམ་ཅན”དུ་འགྱུར་བར་སྐུལ་འདེད་བྱས།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དེ་སྤྱི་ཚོགས་དང་དཔལ་འབྱོར་བྱ་བ་སྣ་ཚོགས་དང་འབྲེལ་འདྲིས་བྱས་པས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་མགོ་ཁྲིད་པ་དང་ལག་བསྟར་པ། སྐུལ་འདེད་པ་བཅས་ཀྱི་འགན་འཁྲི་ལག་ལེན་གང་ལེགས་བྱས། ཏང་ཨུ་ཡི་འགན་ཁུར་པ་གཙོ་བོ་དང་ཚན་ཁག་གི་ཁོངས་མིས་རང་ཉིད་དང་བསྡུར་བ་དང་རང་འགུལ་གྱིས་འགན་འཁྲི་དང་དུ་བླངས་ཏེ།“འགན་འཁྲི་པ་དང་པོ”ཡི་འགན་འཁྲི་དང“ལས་རྐང་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ཅི་ཐུབ་བྱས་པས། “འགན་འཁྲི་གཉིས”གཞི་རིམ་ནས་དངོས་འབེབས་དང་རྩ་བ་ཚུགས་བཞིན་པའི་སྒང་ཡིན་ལ། ཞིང་ཆེན་ཡོངས་སུ་སྤྱོད་པ་གཙང་ཞིང་དར་སྲོལ་བཟང་བའི་ཆབ་སྲིད་སྐྱེ་ཁམས་ཤིག་བསྐྲུན།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་རྩད་གཅོད་བྱ་རྒྱུ་དེ་སྒྲིག་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱེད་པའི་གནད་སར་བརྩི་བ་རྒྱུན་འཁྱོངས་བྱས་ཤིང་། རྒྱུན་དུ་འཛིན་པ་དང་དུས་རྒྱུན་འཛིན་ཐབས་ཀྱིས་དུས་ཚོད་གལ་ཆེན་ལ་དམིགས་ནས་དམ་འཛིན་ཅི་ཐུབ་བྱས། གྲོང་ཁྱེར་དང་ཁུལ་སོ་སོས“ཕན་ཚུན་ཞིབ་བཤེར”དང་ཞིང་ཆེན་ཐད་གཏོགས་ཐིན་དང་ཅུའུ“གཞི་རིམ་ལ་སོང་ནས་ཞིབ་བཤེར།” ཞིང་ཆེན་ལ་གཏོགས་པའི་ཁེ་ལས་སྡེ་ཚན་གྱིས“ཁོངས་གཏོགས་ལྟར་ཕན་ཚུན་ཞིབ་བཤེར”སོགས་བྱེད་ཐབས་སྤྱད་ཅིང་། མངོན་གསལ་དུ་རྟོག་ཞིབ་དང་ལྐོག་ཏུ་རྩད་གཅོད་པ་བརྒྱུད་དེ་གཙོ་བོ་བཟའ་འཐུང་དང་ལག་སྐྱེས་འབུལ་བ། གཞུང་འཁོར་སྒེར་སྤྱོད། གཞུང་དངུལ་གྱིས་ཡུལ་སྐོར། མནའ་མ་བསུ་སྐྱེལ་དང་གཤིན་པོ་དུར་སྐྱེལ་གཤོམ་ཆེན་སྒྲུབ་པ། སྒྲིག་ཁྲིམས་དང་འགལ་ནས་ཕོགས་སྣོན་དང་ཁ་གསབ་སྟེར་བ་སོགས་འབུར་ཐོན་གནད་དོན་དག་རྩད་གཅོད་བྱས། བྱེད་མཚམས་མི་འཇོག་པ་དང་བྱེད་མཚམས་འཇོག་མི་ཤེས་པ། རྩ་འཛུགས་ཀྱི་ལྟ་སྐུལ་ལ་གཡོལ་ཐབས་བྱེད་མཁན་ལ་རྩད་གཅོད་ནན་མོ་བྱས་ཏེ ། “སྤྱོད་ཚུལ་བཞི”ཡི་གནད་དོན་བསྐྱར་དུ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་ཅི་ཐུབ་བྱས།
སྤྱོད་ཚུལ་འཛུགས་སྐྲུན་བྱེད་པའི་ལམ་ལུགས་དང་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་བ་དང་། «མཚོ་སྔོན་ཞིང་ཆེན་གྱི“སྤྱོད་ཚུལ་བཞི”ཡི་གནད་དོན་རྩད་གཅོད་ཡོ་བསྲང་བྱེད་པའི་མཉམ་འགུལ་རོགས་ལས་སྐོར་གྱི་བསམ་འཆར»ཞིབ་འཇུག་བྱས་ཤིང་བཏོན་ཏེ། ཕྱོགས་སོ་སོས་མཉམ་དུ་འཛིན་པ་དང་མཉམ་དུ་དོ་དམ་བྱེད་པའི་ཡུན་ཕན་ནང་རྐྱེན་ཆགས་སུ་བཅུག དཔེར་མཚོན་གནད་དོན་རྩད་གཅོད་པ་དང་ཕྱིར་བསྒྲགས་པའི་ཤུགས་ཚད་སྔར་ལས་ཆེ་རུ་བཏང་སྟེ། ཀྲུང་དབྱང་སྒྲིག་ཨུ་དང་ཞིང་ཆེན་སྒྲིག་ཨུའི་དྲ་ཚིགས་བརྒྱུད་དེ་དཔེར་མཚོན་གནད་དོན་དག་མིང་ངོ་མ་བཤད་པའི་སྒོ་ནས་ཕྱིར་བསྒྲགས་པས། “བྱེད་མི་ཕོད་པ”ཡི་ཉམས་སྣང་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ཞིང་།“ནན་མོ”ཡི་བརྡ་རྟགས་བརྒྱུད་སྒྲོག་བྱས།
རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱ་བ་གཏིང་ཟབ་ཏུ་སྤེལ་བ།
རང་ཞིང་གིས་དུས་ནམ་ཡང་རུལ་སུངས་བཀག་འགོག་བྱེད་པའི་མཐོ་གནོན་སྣང་ཚུལ་ལྷོད་གཡེང་དུ་མ་བཏང་བར། ན་ནིང་གི་ཚུན་དུ། སྔར་བཞིན་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བའི་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གནས་བབ་ཁོང་དུ་ཆུད་པར་བྱས་ཏེ། རྡུང་རྡེག་བྱེད་པའི་ཤུགས་ཚད་མི་ཉམས་པ་རྒྱུན་འཁྱོངས་དང་གཏན་ནས་གུ་ཡངས་མི་བྱེད་པའི་རྣམ་འགྱུར་མི་འགྱུར་བ། རུལ་སུངས་བྱུང་ཚད་མཐའ་གཅིག་ཏུ་ཇེ་ཉུང་དུ་གཏོང་བ། གཙོ་བོ་འཕར་ཚད་བཀག་འགོག་བྱེད་པ་བཅས་ཀྱིས་རུལ་རྒོལ་གཙང་སྤེལ་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། ཝང་ཧྲེང་ཏེ་དང་ཝུའུ་ཐིང་ཞང་སོགས་མགོ་ཁྲིད་ལས་བྱེད་པའི་སྒྲིག་འགལ་གནད་དོན་ལ་རྩད་གཅོད་ནན་མོ་བྱས།
ཞིང་ཆེན་སྒྲིག་ཨུས་སྒྲིག་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ཞིབ་བཤེར་བྱེད་པའི་བྱ་བ་གཟབ་ནན་བྱེད་པ་དང་། གནད་དོན་ཡོད་པ་དག་གཅིག་གྱུར་དང་གཅིག་བསྡུས་ཀྱིས་དོ་དམ་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་བཏང་བར་མ་ཟད། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ལ་གནད་དོན་ཡོད་པ་དག་རྩད་གཅོད་ཚུལ་ཚད་ལྡན་དུ་གཏོང་དགོས་པའི་སྐུལ་འདེད་ཡང་ཡང་བྱས་པས། གནས་ཚུལ་ཐག་གཅོད་པ་ཚད་ལྡན་ཡིན་ལ་གོ་རིམ་ཡོད་ཅིང“བསགས་ཚུལ་མེད་པ”མངོན་འགྱུར་བྱུང་།
རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་སྔོན་དུ་སྐྱོད་པ་དང་། ལག་ལེན་ཁྲོད་སྒྲིག་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱེད་པའི“རྣམ་པ་བཞི”ལག་བསྟར་བྱས་ཤིང་། “རྣམ་པ་བཞི”ལ་འཇམ་ཤས་ཅན་གྱིས་ཐག་གཅོད་ཐབས་འཚོལ་ཞིབ་བྱས་པ་དང་། རྣམ་པ་དང་པོ་དང་རྣམ་པ་གཉིས་པ་བེད་སྤྱོད་གང་ལེགས་བྱེད་པའི་ཐད་ཤུགས་འདོན་པ། སྔ་མོ་ནས་འཛིན་པ་དང་ཆུང་བ་ནས་འཛིན་པར་དོ་སྣང་བྱས་པས། ཁ་བརྡ་དང་ཡིག་ཐོག་འདྲི་རྩད་བྱེད་པ་རྒྱུན་རྣམ་ཅན་དུ་གྱུར། ཡིག་ཐོག་འདྲི་རྩད་བྱ་བ་ནན་སྒྲུབ་བྱས་ཏེ་ཏང་ནང་གི་ལྟ་སྐུལ་བྱེད་སྟངས་གཙོ་བོར་འགྱུར་དུ་བཅུག་ཅིང་། ཁ་བརྡ་དང་ཡིག་ཐོག་འདྲི་རྩད་བརྒྱུད་དེ་ཐག་བཅད་པའི་གྱོད་གཞི་ལ་ཞིབ་བཤེར་བྱས་ནས། ཁ་བརྡ་དང་ཡིག་ཐོག་འདྲི་རྩད་བྱེད་པའི་གཟབ་ནན་རང་བཞིན་ཁག་ཐེག་བྱས་ཤིང་། རྣ་བ་གཙེ་བ་དང་ཕུ་རུང་འཐེན་པ། ངོ་ཚ་གཏད་པ། རྔུལ་ནག་འཛར་པ་བཅས་ཀྱི་ཁ་ཏ་སློབ་གསོ་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱེད་ཅི་ཐུབ་བྱས། ཕྱོགས་ལྷུང་རང་བཞིན་ལྡན་པའི་གནད་དོན་དག་དུས་ཐོག་ཏུ་དྲན་སྐུལ་བཏང་སྟེ་ཡོ་བསྲང་བྱས། སྐྱོན་བརྗོད་སློབ་གསོ་དང་རྩ་འཛུགས་ཀྱིས་ཐག་གཅོད་པ། སྒྲིག་ཁྲིམས་ཀྱིས་ཆད་པ་གཅོད་པ་སོགས་བྱེད་སྟངས་སྣ་ཚོགས་སྤྱད་པས། ཉུང་ཤས་རྡུང་རྡེག་དང་མང་ཤས་སློབ་གསོ་བཏང་ནས་སྐྱོབ་ཐབས་བྱེད་པའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ།
རང་ཞིང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོབ་དང་། ཏང་གི་ལམ་ཕྱོགས་དང་སྲིད་ཇུས། བྱེད་ཕྱོགས་བཅས་ལག་ལེན་མཐར་ཕྱིན་བྱེད་པ། ཞིང་ཆེན་ཏང་ཨུའི་ཇུས་ཆོད་དང་བཀོད་སྒྲིག་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་གཙིགས་མཐོང་བྱས་ཤིང་། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གཟབ་ནན་བྱས་ཏེ་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་སྒྲིག་ཁྲིམས་དང་འགལ་བ་དང་འགན་འཛོལ་ལས་འཛོལ་བྱུང་བའི་བྱ་སྤྱོད་དག་ལ་རྩད་གཅོད་ནན་མོ་བྱས་ཏེ། སྲིད་བཀའ་ལག་བསྟར་བྱེད་པར་ཁག་ཐེག་བྱས།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་སྐྲུན། ཁྱོན་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བ་བཅས་ལ་དམ་པོར་དམིགས་ཤིང་། མིག་དབང“ཉུང་ཤས་གཙོ་བོ”ལ་གཏད་དེ་ཆེད་དོན་སྐོར་ཞིབ་དང“ཕྱིར་ལྟ་བ”ལ་སྐོར་ཞིབ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྐོར་ཞིབ་བྱེད་ཚད་ཇེ་མགྱོགས་སུ་བཏང་ཞིང་ཆབ་སྲིད་ཕྱོགས་འཛོལ་ཡོད་མེད་བཙལ་བ་དང་། གནད་དོན་ཅི་ཡོད་བཙལ་ཏེ་འཇིགས་སྣང་སྐུལ་བའི་རྣམ་པ་ཆགས་སུ་བཅུག
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ལག་བསྟར་བྱས་ཚུལ་འགན་དཀྲི་བར་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རྫུན་ཞུ་གཡོ་ལེན་དང་བཀག་ཉར་སྒེར་བགོ། རྒྱས་སྤྲོས་ཆུད་ཟོས་གཏོང་བ་སོགས་འབུར་ཐོན་གནད་དོན་གནད་སར་བཞག་ནས་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱས་ཤིང་། དབུལ་སྐྱོར་ཁྱབ་ཁོངས་སུ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་སྐྱེལ་བའི་དཔེར་མཚོན་གནད་དོན་དག་གཅིག་བསྡུས་ཀྱིས་བརྡ་ཁྱབ་བཏང་ནས་ཕྱིར་བསྒྲགས་པས། ཉེན་བརྡ་གཏོང་བ་དང་འཇིགས་སྣང་སྐུལ་བའི་ནུས་པ་བཟང་པོ་ཐོན།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།