པདྨ་རྫོང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་ཕྱོགས་སུ་ཡོད་ལ། རྫོང་དེའི་ས་གཤིས་གཤིན་པོ་ཡིན་པ་དང་། ལྷིང་འཇགས་ཀྱི་རི་ཀླུང་གིས་མི་རྣམས་ལ་བློ་བདེ་བག་ཕེབས་ཀྱི་ཚོར་སྣང་ཟབ་མོ་སྦྱིན་འོངས།
ཉེ་བའི་ལོ་འགའི་རིང་། པད་མ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མང་ཚོགས་ལ་སྣེ་ཁྲིད་དེ་ཡུལ་བབ་དང་བསྟུན་ནས་ས་གནས་དེའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་བེད་སྤྱད་དེ་ཕྱུག་བསྒྱུར་གྱི་ལམ་བུ་གསར་བ་རེ་རེ་གཏོད་བཞིན་མཆིས།
རང་ཁྱིམ་གྱི་སྒོ་ཁར་ལས་ཞུགས་བྱེད་ཐུབ་པ་མ་ཟད།ད་དུང་རྒན་པར་བདག་སྐྱོང་བྱེད་ཐུབ་པ་དང་། བྱིས་པ་འཚར་ལོངས་ཡོང་བར་འདུག་རོགས་ཀྱང་བྱེད་ཐུབ། ཡོང་འབབ་ཇེ་མཐོར་སོང་བ་དང་བསྟུན་ནས་སྔོ་ཚལ་འདེབས་པའི་ལག་རྩལ་ཀྱང་སློབ་ཐུབ་སོང་། ད་ལོར་ད་རུང་ཁྱིམ་དུ་ཁྱིམ་ཚང་གི་མཁོ་ཆས་རེ་ཉོས་པ་ཡིན།དབུལ་ཕོངས་ཁྱིམ་ཚང་གཡང་འཛིན་གྱི་མིག་མདུན་དུ་མི་དམངས་མང་ཚོགས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་བཟང་པོའི་རོགས་སྐྱོར་འོག་ཏུ་འབྱོར་འབྲིང་གི་འཚོ་བ་རོལ་ཐུབ་སོང་།
པད་མ་རྫོང་ལྕགས་རི་ཐང་ཞང་སྒ་རུ་མ་སྡེ་བའི་གསར་འཛུགས་བྱས་པའི་སྔོ་ཚལ་དྲོད་ཁང་ཆེན་མོ་དེར་སྤྱིའི་མ་དངུལ་ཁྲི་སུམ་སྟོང་ལྷག་བཏང་བ་དང་། ས་ཆའི་སྤྱིའི་རྒྱ་ཁྱོན་ལའང་སྤྱི་ཆིངས་བཞི་དང་གྲངས་ཆུང་དྲུག་བདུན་ཡོད། ད་དུང་སྤྱིའི་དྲོད་ཁང་ཆེན་མོ་ཉེར་བཞི་ལྷག་བཟོ་སྐྲུན་བྱས་ཡོད་པ་དང་། གཙོ་བོར་འདེབས་འཛུགས་བྱས་པའི་རིགས་ལ་ཤ་མོ་དང་། ཆུ་ཀུབ། འབྲི་ཏ། སྔོ་ཚལ་གྱི་རིགས་སོགས་ཡོད་ལ། དེ་མིན་ད་དུང་ཕག་དང་བྱ་རིགས་མང་པོའང་གསོ་སྤེལ་བྱེད་བཞིན་ཡོད།
པད་མ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ལིས་ཞིག་ཆོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ས་ཆ་འདིའི་འབྲོག་པ་མང་ཚོགས་ལ་ལག་རྩལ་གྱི་ཕྱོགས་ནས་མི་འདང་བས། ས་གཞིའི་འཁོར་རྒྱུག་དང་གླ་འགྱེལ་གྱི་རྣམ་པར་བསྟེན་ནས། ས་གཞི་འཁོར་རྒྱུགས་དེ་སྔོ་ཚལ་དྲོད་ཁང་ཆེན་མོའི་བཟོ་གྲྭར་བྱིན་རྗེས། ལོ་རེར་གླ་དངུལ་ཁྲི་བཞི་དང་སྟོང་བརྒྱད་ལྷག་ཐོབ་བཞིན་ཡོད། འདི་ཡང་ཐོན་ལས་དབུལ་སྐྱོར་ལས་བྱུང་བའི་འབྲས་བུའི་གྲས་ཤིག་ཡིན།
དྲོད་ཁང་ཆེན་མོའི་བེད་སྤྱོད་པའི་ས་ཆ་དེ་ལྕགས་རི་ཐང་ཞང་སྒ་རུ་མ་སྡེ་བར་དབང་བ་ཡིན། སྡེ་བ་དེའི་དབུལ་ཁྱིམ་རེ་དྲུག་དང་མི་སྣ་སུམ་བརྒྱ་དང་བཅོ་ལྔ་ལྷག་ལ་སྐུལ་ཁྲིད་བྱས་ཏེ་ཕན་ཐོག དབུལ་བོ་ཁྱིམ་ཚང་རེ་རེར་སྒོར་བདུན་བརྒྱ་དང་སུམ་བཅུའི་ཁེ་སྤོགས་ཡར་འཕར། དེ་དང་མཉམ་དུ་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ཡོད་པའི་དབུལ་བོའི་ཁྱིམ་ཚང་བསྡུ་ལེན་བྱས་ཏེ། སྔོ་ཚལ་དྲོད་ཁང་ཆེན་མོར་ཁྱོན་བསྡོམས་ལས་བཟོ་བ་བཅོ་བརྒྱད་དང་ལག་རྩལ་འགན་འཁུར་བ་དྲུག་གདན་ཞུ་བྱས། དེའི་ནང་དུ་དབུལ་བོའི་ཁྱིམ་ཚང་བཅུ་གདན་ཞུ་བྱས་པ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་སྟོང་གསུམ་གྱི་ཡན་ལ་སླེབས་འདུག
སྔོ་ཚལ་དྲོད་ཁང་ཆེན་མོའི་བཟོ་གྲྭའི་ཐོན་ལས་རྭ་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ནི་པད་མ་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་ཕྱོགས་གཅིག་རེད། གསེར་མདོག་གི་རིག་གནས་དབུལ་སྐྱོར་ཐོན་ལས་རྭ་བ་དང་། ལྗང་མདོག་གི་ཞིང་ནགས་དབུལ་སྐྱོར་ཐོན་ལས་རྭ་བ། གནས་སྐོར་དབུལ་སྐྱོར་ཐོན་ལས་རྭ་བ་བཅས་ཐོན་ལས་ཁུལ་ཆེན་པོ་གསུམ་དེའི་པད་མ་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་ཤིང་རྟ་ཆེན་པོ་གསུམ་ལ་སྐུལ་ཁྲིད་བྱས། བོད་མི་རིགས་ཀྱི་དམངས་སྲོལ་རིག་གནས་རྨང་གཞི་ཡིན་པའི་གནས་སྐོར་ཐོན་རྫས་དང་དམངས་ཁྲོད་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ལ་སྐུལ་ཁྲིད་བྱས་ཏེ་གྱོན་ཆས་ལས་སྣོན་དང་བོད་ཇ་ཐོན་ལས། བོད་ཀྱི་ས་གདན་སོགས་ཐོན་ལས་གསར་གྲས་ཁག་གཅིག་གསོ་སྐྱོང་བྱས་པ་དང་། ལས་ཞུགས་ལས་གནས་བརྒྱ་དང་ལྔ་བཅུ་ཐག་གཅོད་བྱས། རྫོང་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་སྟོང་གཅིག་དང་དྲུག་བརྒྱ་རེ་དྲུག་ལ་ཐོན་ལས་རྭ་བའི་ཁྲོད་ཁེ་སྤོགས་ཐོབ།
པད་མ་རྫོང་གི་རྫོང་དཔོན་གཞོན་པ་མ་ཏན་ཀྲིན་གྱིས་བཤད་རྒྱུར། ས་ཆ་གཞན་དུ་གནས་སྤོ་བའི་ཁྱིམ་ཚང་ལ་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་འགན་སྲུང་འཐོབ་ཅིང་། ང་ཚོས་ངལ་རྩོལ་གྱི་ནུས་པ་ཡོད་པའི་གནས་སྤོར་སྡོད་དམངས་ལ་ལས་རྐང་བརྒྱ་དང་ལྔ་བཅུའི་ནང་ལས་ཞུགས་བྱེད་པར་བཀོད་སྒྲིག་བྱས་ལ། ལོ་རེར་སྒོར་ཁྲི་ཉིས་བརྒྱ་རེ་རྫོང་ཡོངས་ཀྱི་དབུལ་ཕོངས་མི་འབོར་སྟོང་གཅིག་དང་དྲུག་བརྒྱ་རེ་གཉིས་ལ་ཁེ་སྤོགས་ཀྱི་མ་རྩ་རུ་བཏང་པ་རེད།
ལོ་ཙཱ་བ། སྐར་མ་མཚོ།