ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པས་མཚོ་སྔོན་ཞིང་ཆེན་ལ་ལྟ་ཞིབ་བྱེད་པའི་ལས་དོན་མགོ་ཚུགས་པ་ནས་བཟུང་། རང་ཞིང་གི་ས་ཁུལ་སོ་སོས་ཚད་མཐོན་པོའི་སྒོ་ནས་ལས་དོན་དེ་ལ་མཐོང་ཆེན་བྱས་ཏེ། མགྱོགས་མྱུར་སྒོས་བྱ་བ་སྒྲུབ་མགོ་བརྩམས་པ་དང་། བྱེད་ཐབས་སྣ་མང་སྤྱད་ནས་ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་བྱས་པ་རེད།
མཚོ་ཤར་གྲོང་ཁྱེར་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པ་གཞི་རིམ་དུ་ཡོང་བར་མཐུན་སྦྱོར་དང་འགན་སྲུང་བྱེད་པའི་བྱ་བ་བཀོད་སྒྲིག་ལེགས་པོ་བྱས་ནས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པས་བཏོན་པའི་གནད་དོན་དག་འཕྲལ་དུ་ཞིབ་བཤེར་དང་བསྒྱུར་བཅོས་བྱས།
ཟླ8པའི་ཚེས10ཉིན། མཚོ་ཤར་གྲོང་ཁྱེར་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པ་མཚོ་ཤར་དུ་བསྐྱོད་པའི་ལྟ་ཞིབ་འགན་སྲུང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་ཤུགས་ཆེན་པོས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པའི་བྱ་བར་རྒྱབ་སྐྱོར་དང་འགན་སྲུང་བྱེད་པ་དེ་མིག་སྔའི་གཟབ་ནན་གྱི་ཆབ་སྲིད་ལས་འགན་དང་ཆབ་སྲིད་འགན་འཁྲི་ཅིག་ཏུ་བརྩིས་ནས། ནན་ཏན་སྒོས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལ་དོན་དངོས་དང་བསྟུན་ནས་རྒྱབ་སྐྱོར་དང་འགན་སྲུང་གང་ལེགས་བྱེད་པ་དང་། རང་འགུལ་གྱིས་ཞིབ་བཤེར་དང་ལེན་དང་ཞིབ་བཤེར་ལ་རྒྱབ་སྐྱོར། ཞིབ་བཤེར་ལ་གཞོགས་འདེགས་བྱས་ཏེ། ནན་ཏན་གྱིས་ཡིག་ཚགས་རྒྱུ་ཆ་གྲ་སྒྲིག་དང་དོན་དངོས་ལྟར་གནས་ཚུལ་འདོན་སྤྲོད་བྱས་ནས། ལྟ་ཞིབ་ཚོགས་པས་དངོས་ཡོད་དང་གནད་འགག་ལ་ཞིབ་བཤེར་བྱེད་པར་འགན་སྲུང་བྱེད་དགོས། ལྟ་ཞིབ་དང་བསྒྱུར་བཅོས་ཟུང་སྤེལ་དང་འཕྲལ་བཤེར་འཕྲལ་བསྒྱུར་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་ལྟ་ཞིབ་ཚོགས་པས་མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་གནད་དོན་རྙེད་པ་དང་བརྒྱུད་སྤྲོད་བྱེད་པར་རང་འགུལ་གྱིས་དང་ལེན་དང་ནན་ཏན་གྱིས་རྩད་ཞིབ། ཐག་གཅོད་ནན་མོ་བཅས་བྱས་ནས་གནད་དོན་ལེགས་བཅོས་བྱེད་པ་དེ་དོན་འཁྱོལ་བྱེད་དགོས། བྱ་བའི་མགོ་ཁྲིད་ཚན་ཆུང་དང་ཆེད་དམིགས་བྱ་བའི་ཚན་ཆུང7གྱིས་འགན་འཁྲི་ལྟར་ལས་བགོ་བྱེད་པར་མཐུན་སྦྱོར་དང་འགན་སྲུང་བྱས་ཏེ་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་དང་། ནུས་ཤུགས་གང་ཡོད་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལ་རྒྱབ་སྐྱོར་བྱེད་པ་དང་། ལས་བྱེད་མི་སྣ་ཚང་མས་གཅིག་གྱུར་གྱིས་བཀོད་འདོམས་ལ་ཉན་ཏེ་གཅིག་བསྡུས་གཞུང་སྒྲུབ་བྱས་ཏེ། རེ་འདུན་ལྟར་ལས་འགན་སོ་སོ་ལེགས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན།
ཡུས་ཧྲུའུ་ཁུལ་གྱིས་ནུས་ཤུགས་གང་ཡོད་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར་རྒྱབ་སྐྱོར་བྱས་ནས། བྱ་བའི་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་དང་ཆེད་དམིགས་བྱ་བའི་ཚན་ཆུང7བཙུགས་ཏེ། གཟའ་འཁོར་རེར་གྲོས་ཚོགས་རེ་དང་གཟའ་འཁོར་རེར་བཀོད་འདོམས་རེ། གཟའ་འཁོར་རེར་བརྡ་ཡིག་རེའི་ལམ་ལུགས་དང་ཆ་འཕྲིན་འབུལ་སྤྲོད་ལམ་ལུགས་བཙུགས། གྲོང་ཁྱེར་དང་རྫོང་སོ་སོས་དེ་བསྟུན་གྱི་བྱ་བའི་ལམ་ལུགས་དང་འཆར་འགོད་བཟོས་ཏེ་འགན་འཁྲི་དངོས་འབེབས་བྱས། དུས་མཚུངས་སུ་ལས་འགན་བྱེ་བྲག་ཅན་དུ་བཏང་སྟེ། རིམ་པ་ལྟར་འགན་འཁྲི་དངོས་འབེབས་བྱས། གཞན་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཞིབ་བཤེར་བསྒྱུར་བཅོས་མཉམ་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ནས། ཁུལ་རིམ་པའི་ལས་བྱེད་པར་ཞིབ་བཤེར་འགན་འཁྲི་ཁག་བགོ་ལམ་ལུགས་དངོས་འབེབས་བྱས་ཤིང་། ཁུལ་རིམ་པའི་ལས་བྱེད་པ12ཀྱིས་གྲོང་ཁྱེར་དང་རྫོང6གི་ཞིབ་བཤེར་བསྒྱུར་བཅོས་ལ་སྦྲེལ་མཐུད་བྱས། གྲོང་ཁྱེར་དང་རྫོང་སོ་སོ་དང་། ཁུལ་ཐད་གཏོགས་སྡེ་ཁག་གིས་རྫོང་རིམ་པའི་ལས་བྱེད་མི་སྣ1ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པ་ཡུས་ཧྲུའུ་ཁུལ་དུ་བཅའ་སྡོད་བྱེད་པའི་སྐབས་ཀྱི་འབྲེལ་གཏུག་མི་སྣར་གཏན་འཁེལ་བྱས་པ་དང་། ནུས་ཤུགས་གང་ཡོད་ཀྱིས་ཞིབ་བཤེར་བྱ་བར་རྒྱབ་སྐྱོར་བྱས།
ཟླ་བརྒྱད་པའི་ཚེས10ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲིན་ཁྲང་“ ཡུས་ཧིན”གཏེར་ལས་ཚད་ཡོད་ཀུང་ཟིར་སོང་ནས་ཡུལ་དངོས་སུ་ཞིབ་བཤེར་དང་ཡུལ་དངོས་སུ་གཞུང་སྒྲུབ་བྱས་ཏེ། གཞི་རིམ་གྱི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས་ནས་ཀུང་ཟིའི་ར་སྐོར་གྱི་གད་སྙིགས་གཙང་སེལ་དང་རྗེས་ཕྱོགས་ཁེ་ལས་ཀྱི་ཐོན་སྐྱེད་སྒྱུར་བ། ཁེ་ལས་སྒོ་རྒྱག་པ་སོགས་ཀྱི་བྱ་བའི་ཐད་བྱེ་བྲག་གི་བླང་བྱ་བཏོན། ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཆའོ་ཞུའེ་ཀྲི་བཅས་ཐུན་རིན་རྫོང་སེང་གེ་གཤོང་སྡེ་བའི་སོ་ཕག་བཟོ་གྲྭར་སོང་ནས་ཡུལ་དངོས་སུ་རྟོག་ཞིབ་བྱས་ཤིང་། ཐུན་རིན་རྫོང་གིས་མྱུར་ཏུ་ཚོགས་འདུ་བསྡུས་ཏེ་ཆེད་དུ་ལེགས་བཅོས་བྱ་བར་ཞིབ་འཇུག་དང་རྒྱུན་ལྡན་གྱི་བསྐོར་ཞིབ་བྱ་བར་ཤུགས་བསྣན་ནས། སོ་ཕག་བཟོ་གྲྭ་ཁ་ཤས་ཀྱིས་སྒྲིག་འགལ་གྱིས་ཐོན་སྐྱེད་བྱེད་པ་སོགས་ཀྱི་སྣང་ཚུལ་གཏན་འགོག་བྱེད་པ་དང་། རང་འགུལ་གྱིས་སོ་ཕག་བཟོ་གྲྭའི་ཐོན་སྐྱེད་སླར་གསོ་བྱེད་པར་ཆད་གཅོད་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན། །
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱིས་ཚད་མཐོན་པོ་དང་། རེ་བ་ནན་མོ། དོན་དངོས་ཀྱིས་དོན་དག་ཐག་གཅོད་བྱེད་པ། སྲ་བརྟན་གྱི་སྒོ་ནས་དོན་དག་ཐག་གཅོད་བྱེད་པ་བཅས་ཀྱིས་ཀྲུང་དབྱང་གི་སྐབས་བདུན་པའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པས་བཀོད་སྒྲིག་བྱས་པའི་ལས་དོན་ཐག་གཅོད་ནན་མོ་བྱས་ཏེ། ལྟ་ཞིབ་བྱེད་ཞོར་དུ་བཅོས་སྐྱོང་བྱས་ནས་དུས་ཐོག་ལྔ་དང་མྱུར་བ་བཞི་སྔོན་དུ་བསྐྱོད་པར་བྱེད་པ་དང་། ཚད་ལྡན་གཉིས་ཀྱི་བྱེད་ཐབས་རྩ་འཛུགས་བྱས་པ་རེད། དུས་ཐོག་ལྔ་ནི་དུས་ཐོག་དུ་ལས་དོན་འགན་སྒྲུབ་བྱེད་པ་དང་། དུས་ཐོག་དུ་ཡུལ་དངོས་སུ་ཐོན་པ། དུས་ཐོག་དུ་དོན་དངོས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་པ། དུས་ཐོག་དུ་བཅོས་སྐྱོང་དོན་འཁྱོལ་ཡོང་བར་བྱེད་པ། དུས་ཐོག་དུ་གྲུབ་འབྲས་ཡར་ཞུ་བྱེད་པ་བཅས་ཡིན་པ་དང་། མྱུར་བ་བཞི་ནི་མྱུར་དུ་སྔོན་ལ་བསྐྱོད་པ་དང་། མྱུར་དུ་ལྟ་ཞིབ་བྱེད་པ། མྱུར་དུ་རྟོག་ཞིབ་བྱེད་པ། མྱུར་དུ་འཚམས་འདྲི་བྱེད་པ། མྱུར་དུ་དྲིལ་སྒྲོག་བྱེད་པ་བཅས་ཡིན། ཚད་ལྡན་གཉིས་ནི་ཚད་དང་ལྡན་པའི་སྒོ་ནས་བྱ་བའི་གོ་རིམ་ཐག་གཅོད་བྱེད་པ་དང་། ཚད་དང་ལྡན་པའི་སྒོ་ནས་ལས་སྒྲུབ་གནས་ཚུལ་ཡར་ཞུ་བྱེད་པ་བཅས་ཡིན།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ཁྱིམ་དུ་བསྐྱོད་པ་དང་སྡེ་ཁག་སོ་སོར་བསྐྱོད་པ། སྡོད་ཁུལ་དུ་བསྐྱོད་པ། ཞིང་སྡེ་རུ་བསྐྱོད་པ། སློབ་རར་བསྐྱོད་པ། ཁེ་ལས་སུ་བསྐྱོད་པ། དགོན་པར་བསྐྱོད་པ། དམག་ཁུངས་ཏུ་བསྐྱོད་པ་དང་། ཚོང་རར་བསྐྱོད་པ་བཅས་བསྐྱོད་པ་དགུའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་རེད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུ་དང་ཁུལ་རྒྱུན་ལས་ཨུ་ཡོན་གྱི་གྲོས་ཚོགས་བསྡུས་ཏེ། མགྱོགས་མྱུར་སྒོས་ཆད་ལྷག་ཁ་གསབ་ལ་ལྟ་ཞིབ་བྱེད་པ་དང་འབྲེལ་ཡོད་ཀྱི་ཡིག་ཚགས་དང་རྒྱུ་ཆ་ཇེ་ལེགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་ལྟ་ཞིབ་བྱེད་པའི་དུས་ཡུན་སྐབས་ཀྱི་ལས་དོན་སོ་སོ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་མགོ་ལོག་ནས་ཆེད་དོན་ལས་དོན་ཚོགས་པའི་ལས་དོན་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་བསྡུས་པ་དང་། ཚད་མཐོན་པོའི་སྒོ་ནས་ལས་དོན་དེ་ལ་མཐོང་ཆེན་དང་། ལས་གནས་དང་བྲལ་བའི་ལས་དོན་དང་། ཡོད་ཚད་བཀོད་སྒྲིག་ལྟར་ལས་པ། ལས་ཀ་གསལ་བོར་བགོ་བ། རོགས་རེས་མཐུན་སྦྱོར་བཅས་ཕྱོགས་ལྔ་ཡི་སྒོ་ནས་ལྟ་ཞིབ་ལས་དོན་ཇེ་བཟང་ནས་ཇེ་ལེགས་སུ་བཏང་བ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།