མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་ཉེ་བའི་ལོ་འགའི་རིང་ལ། ཕྱུགས་རྒྱུད་བཟང་པོའི་གསོ་སྤེལ་ཞབས་ཞུ་དང་། ཕྱུགས་རྒྱུད་བཟང་པོ་འདེམ་གསོ། ཚན་རྩལ་གསོ་སྦྱོང་། སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་སོགས་དམ་དུ་བཟུང་སྟེ། ཚན་རྩལ་ཞབས་ཞུའི་ནུས་པ་ཚད་ལྡན་དུ་བཏང་ནས་། ཞིང་ཕྱུགས་ལས་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་སྤེལ་ཅི་ཐུབ་བྱས།
རྫོང་དང་ཞང་གི་ཞིང་ལས་ལག་རྩལ་ཁྱབ་སྤེལ་ལས་ཁུངས་གཙོར་བཟུང་ནས། ཞིང་ཆེན་ཕྱི་ནང་གི་ཚན་ཞིབ་སློབ་གླིང་དག་གིས་རམ་འདེགས་བྱེད་པ། སོན་ཕྱུགས་རྒྱུད་སྤེལ་ར་བ་གཉིས་ཚན་རྩལ་ཐེག་བྱད་བྱེད་པ། མཉམ་ལས་དཔལ་འབྱོར་རྩ་འཛུགས་གསར་པ་ལས་སྟེགས་བྱས་ཏེ། རྫོང་ལ་འདེམ་གསོ་ལྟེ་གནས་ཡོད་པ་དང་ཞང་ལ་འདེམ་གསོ་རྟེན་གཞི་ཡོད་པ། སྡེ་བར་ཕྱུགས་ཁྱུ་གཙོ་བོ་ཡོད་པའི་རིམ་པ་གསུམ་གྱི་འདེམ་གསོ་མ་ལག་ལྡན་པའི་རྨང་གཞིའི་ཐོག མཉམ་ལས་ཁང་ལས་སྟེགས་བྱས་ཏེ་ནོར་གནག་དང་འབྲོག་ལུག་འདོན་སའི་ར་བ་བཙུགས་ནས། རྒྱུད་བཟང་སོན་ཕྱུགས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་། དེ་མིན་མཉམ་ལས་ཁང་གཙོ་གཞི་ཡིན་པ་དང་སྲིད་གཞུང་གིས་རོགས་སྐྱོར་བྱེད་པ། ཚོང་ར་ལྟར་བདག་གཉེར་བཅས་ཀྱི་བྱེད་སྟངས་སྤྱད་དེ། སོན་ཕྱུགས་འདེམ་གསོའི་གྲུབ་འབྲས་དེ་རིམ་བཞིན་ཐོན་ལས་ཅན་དུ་སྒྱུར་ཐབས་བྱས། ཕྱུགས་ཁྱུ་གཙོ་བོ་འཛུགས་པ་དང་ཁྲོམ་གཅིག་བསྡུས་ཀྱིས་དོ་དམ་བྱེད་པ། རྒྱུད་འདྲེས་ལུག་འདོར་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་རིགས་རྒྱུད་ཀྱི་ལེགས་ཆ་དེ་ཐོན་ཁུངས་ཀྱི་ལེགས་ཆ་རུ་སྒྱུར་ཐབས་བྱས།
མིག་སྔའི་བར། རྫོང་ཡོངས་ཀྱི་སྡེ་བ་ཞེ་ལྔ་ཡིས་འབྲོག་ལུག་དང་ནོར་གནག་གི་ཕྱུགས་ཁྱུ་གཙོ་བོ་ལྔ་བརྒྱ་དང་དོན་གཅིག་བཙུགས་པ་དང་།ཁྲོམ་ལུག་ཁྱུ་སོ་དྲུག་གཅིག་བསྡུས་ཀྱིས་དོ་དམ་བྱེད་པ་དང་།རྒྱུད་འདྲེས་ལུག་ཁྲི་གཉིས་དང་གྲངས་ཆུང་གཅིག་ལྷག་དོར་བ་བཅས་བྱས་པས། རྫོང་ཡོངས་ཀྱི་སོན་ཕྱུགས་བཟང་པོ་ཡོད་ཚད་བརྒྱ་ཆའི་གོ་ལྔ་ཡན་ལ་སླེབས། སློབ་གསོ་གསོ་སྦྱོང་དང་ངོས་འཛིན་དོ་དམ། སྲིད་ཇུས་ཀྱིས་རོགས་སྐྱོར་བཅས“གནས་གསུམ་ཕུང་གཅིག”གི་ནང་རྐྱེན་དང་། ཐོན་སྐྱེད་བདག་གཉེར་ཅན་དང་ཆེད་ལས་ལག་རྩལ་ཅན། ཆེད་ལས་ཞབས་ཞུ་ཅན་བཅས“རིགས་གསུམ་རོགས་ལས”བྱེད་པའི་རོང་འབྲོག་མང་ཚོགས་གསོ་སྦྱོང་བྱེད་པའི་ལམ་ལུགས་མ་ལག་གསར་པ་བཙུགས་ཏེ། གཙོ་བོ་འབྲོག་ལུག་དང་ནོར་གནག་རྒྱུད་བཟང་གསོ་སྤེལ། གཟན་ཆས་དང་སྔོ་རྩྭ་གསོག་ཉར་བྱེད་པའི་བྱེད་ཐབས་བཟང་པོ་ཁྱབ་སྤེལ་བྱེད་པའི་ལག་རྩལ་ཆ་ཚང་གསོ་སྦྱོང་བྱས་པས། ལག་རྩལ་གསར་པ་ཁྱབ་སྤེལ་དཔེ་སྟོན་བྱེད་པའི་ཕན་ནུས་བཟང་པོ་ཐོན་ཏེ། ཕྱུགས་ལས་ཀྱི་སྤུས་ཀ་མཐོར་འདེགས་དང་ཕན་ནུས་ཇེ་མཐོར་གཏོང་བར་སྐུལ་སྤེལ་གྱི་ནུས་པ་བཏོན།
མིག་སྔའི་བར། མ་དངུལ་སྒོར་ཁྲི་སྟོང་གཉིས་ལྷག་བཏང་ནས་ཚད་ལྡན་ཅན་གྱི་དཔེ་སྟོན་ཕྱུགས་ར་བརྒྱད་བཙུགས་ཤིང་། སྤྱི་ཆིང་ཁྲི་གོ་གསུམ་ སྟེང་གི་ཆི་ལེན་ནོར་གནག་དང་ ཆི་ལེན་འབྲོག་ལུག་ཁྲི་བརྒྱ་དང་བཅུ་དྲུག་ལྷག་ལ་སྐྱེ་ལྡན་ར་སྤྲོད་བྱ་བ་ཡོངས་སུ་གྲུབ། སྐྱེ་ལྡན་སྐམས་ལུག་བཤའ་བའི་ཐོན་སྐྱེད་སྐུད་ལམ་གཅིག་བཙུགས་ཏེ། ཉིས་སྟོང་བཅུ་དྲུག་ལོར་ལོར་སྐྱེ་ལྡན་སྐམས་ལུག་སྟོང་དགུ་དང་སུམ་བརྒྱ་སོ་ལྔ་བཤས་པ་དང་། སྐྱེ་ལྡན་སྐམས་ལུག་གི་ཤ་ཏུན་སུམ་བརྒྱ་དང་གྱ་གཅིག་ཐོན་སྐྱེད་ལས་སྣོན་བྱས་པ་རེད།
རྩོམ་སྒྲིག་པ། སྐར་མ་འཚོ།