སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གི་སྐུལ་མ་དང་མཚོ་སྔོན་གྱི་ལོ་གཅིག་རིང་གི་སྐྱེ་ཁམས་འཕོ་འགྱུར།
2017.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

2017ལོའི་ཟླ་བརྒྱད་ཚེས་བརྒྱད་ཉིན་གྱི་ཆུ་ཚོད་བཅུ་གཅིག་གི་སྟེང་། རི་དྭགས་གཙོད་སྟོང་གསུམ་ལ་ཉེ་བ་དག་མཚོ་བོད་ལྕགས་ལམ་སྨུག་སའི་སོག་ལམ་བྱང་མའི་ཟམ་ཆེན་བརྒྱུད་དེ། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ། ཟོ་སྐྱ་ཆུ་དམར་ཧོ་ཡན་ལག་སྲུང་སྐྱོབ་ཁུལ་དུ་ཕྱིར་ལོག་བཞིན་ཡོད། དུས་ཚོད་བཅུའི་སྐབས་སུ། རི་དྭགས་གཙོད་སྔར་ལས་མང་པོ་རིམ་བཞིན་མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་བར་གྱི་ཁྱབ་ཁོངས་སུ་གཅིག་ཏུ་འདུས་ཡོད་ལ། མཚོ་བོད་ལྕགས་ལམ་སྨུག་སའི་སོག་ལམ་བྱང་མའི་ཟམ་ཆེན་བརྒྱུད་པའི་གོ་སྐབས་བཙལ་བཞིན་ཡོད་པ་དང་། སྤྱང་གྲུང་འཛོམས་པའི་རི་དྭགས་གཙོད་ཀྱིས་ཐེངས་མང་པོར་ཉམས་ཚོད་ལངས་པ་མ་ཟད། དུས་ཚོད་གཅིག་ལ་ལྟ་ཞིབ་དང་ཕར་འགྲོ་ཚུར་འོང་བྱས་པ་བརྒྱུད། རི་དྭགས་གཙོད་དག་གཙོད་ཁྱུའི་སྣེ་ཁྲིད་མཁན་གྱི་རྗེས་དེད་ནས། ཁྱད་མཚར་བའི་ངང་མཚོ་བོད་ལྕགས་ལམ་སྨུག་སའི་སོག་ལམ་བྱང་མའི་ཟམ་ཆེན་གསུམ་པ་དང་བཞི་བའི་ཟམ་འོག་བརྒྱུད་བྱུང་།

རྩེར་སོན་གྱི་གཟུགས་བརྙན་དེ“མཚོ་སྔོན་སྐྱེ་ཁམས་སྒེའུ་ཁུང”རྒྱང་བསྟེན་བརྙན་རིས་མ་ལག་བརྒྱུད་ནས་མི་རྣམས་ཀྱི་མིག་ལམ་དུ་མངོན།

མཚོ་སྔོན་གྱི་མི་རྣམས་ཀྱིས་ནམ་ཡང་བློ་ལ་ངེས་པ་ནི། ལོ་གཅིག་སྔོན་གྱི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི“མཚོ་སྔོན་སྐྱེ་ཁམས་སྒེའུ་ཁུང”རྒྱང་བསྟེན་བརྙན་ཡོལ་ཆེན་མོའི་མདུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་དང་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་དེ་མིན་རྒྱལ་ཁྱབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བའི་གནས་ཚུལ་མཚམས་སྦྱོར་ལ་གསན། རྒྱང་བསྟེན་བརྙན་རིས་བརྒྱུད་ནས་རྨ་ཆུའི་མགོ་ཁུངས་ཀྱི་མཚོ་སྔོ་རེངས་དང་མཚོ་སྐྱ་རེངས། རྣམ་སྲས་རྫ་ཆུའི་གྲོག་རོང་ཆེན་མོ། ཁུ་ནུ་རི་བོའི་གཡུ་འབྲུག་ལྷ་རྩེའི་ལྷོ་རྒྱུད་དང་། མཚོ་བོད་ལྕགས་ལམ་སྨུག་སའི་སོག་ལམ་བྱང་མའི་ཟམ་ཆེན་སོགས་སུ་དུས་ཐོག་ལྟ་ཞིབ་ཚད་ལེན་བྱས་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད་པ་མ་ཟད། ལྟ་ཞིབ་ཚད་ལེན་གནས་ཀྱི་གཞི་རིམ་ལས་བྱེད་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣར་བརྙན་རིས་བརྒྱུད་ནས་བསམ་བློ་བརྗེ་རེས་མཛད།

“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་རང་རྒྱལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་རེད། མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་ནི་སྐྱེ་ཁམས་ཡིན་ལ། འགན་འཁྲི་ཆེས་ཆེ་བ་ཡང་སྐྱེ་ཁམས་ཡིན་པ་དང་། སྦས་ཤུགས་ཆེས་ཆེ་བ་ཡང་སྐྱེ་ཁམས་རེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ངེས་པར་དུ་འབུར་ཐོན་གྱི་གོ་གནས་སུ་བཞག་ནས་དམ་འཛིན་བྱེད་དགོས་པ་དང་། རང་བྱུང་ལ་བརྩི་མཐོང་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱས་ནས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་སྟེ། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་བཅས་གཅིག་གྱུར་བྱེད་པ་མངོན་འགྱུར་བྱ་དགོས།”

མངག་བཅོལ་བྱས་པའི་རེ་བ་ནན་མོ་དག་མཚོ་སྔོན་ས་གཞིའི་སྐྱེ་ཁམས་དཔལ་ཡོན་གྱི་ལས་བྱེད་མི་སྣའི་ལས་སྐྲུན་གྱི་ལག་ལེན་ནུས་ཤུགས་སུ་བསྒྱུར་བ་དང་། མཚོ་སྔོན་གྱི་མི་རྣམས་ཀྱིས་རང་འགུལ་སྒོས་ལྗང་མདོག་གི་ཁྱིམ་གཞིས་སྲུང་བའི་ཆོད་སེམས་བརྟན་པོར་བསྒྱུར།

ལོ་གཅིག་གི་དུས་ཚོད་ཕར་འདས་ནས་ཡང་བསྐྱར་སྣོལ་མཚམས་སུ་སླེབས་ཡོད་པ་དང་། དེ་ནི་མཚོ་སྔོན་མི་དམངས་ཀྱི་བརྗེད་དཀའ་བའི་ལོ་གཅིག་རེད།

ལོ་དེའི་ནང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྣེ་ཁྲིད་འོག་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་བཏོན་པའི“ཏན་ཏན་ཏིག་ཏིག་བཞིའི”རེ་བ་གལ་ཆེན་ནན་ཏན་སྒོས་སློབ་སྦྱོང་དང་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལག་ལག་བསྟར་བྱས་ཏེ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བཀོད་འདོམས་བྱས་པ་མ་ཟད། དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་། སྐྱེ་ཁམས་ལེགས་པའི་ཞིང་ཆེན་དུ་བསྒྱུར་བའི་བསམ་གཞིགས་གསར་བ་བཏོན་པ་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོས་ནས། ཏང་ཀྲུང་དབྱང་ལ་གྲུབ་འབྲས་བཟང་པོ་ཞིག་སྤྲད་པ་དང་། དེ་ནི་གོ་སྐབས་ཆེན་པོ་ཞིག་ཡིན་ལ། དེས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནུས་ཤུགས་ཆེན་པོ་ཡར་སྐུལ་བྱས།

ཀུན་དགའ་ཚེ་རིང་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཡོས་གི་གྲོང་རྡལ་གྱི་འབྲོག་པ་དཀྱུས་མ་ཞིག་ཡིན་ལ། 2016ལོར། ཁོ་ལ་ཐོབ་ཐང་ལེགས་པོ་ཞིག་ཐོབ་སྟེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣར་གྱུར། ཁོས་ཉིན་རེའི་ལས་འགན་ནི་རྐང་ཐང་དུ་ནགས་རིར་བསྐྱོད་ནས། ཕ་ཡུལ་གྱི་སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་རེད།

གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་ལ་མཚོན་ནས་བཤད་ན། ཉེ་འགྲམ་གྱི་སྐྱེ་དངོས་ཡོད་ཚད་ནི་ཁོ་ཚོའི་ཐོན་སྐྱེད་དངོས་རྫས་ཀྱི་འབྱུང་ཁུངས་ཡིན་ལ། ཁོ་ཚོའི་ས་གཞི་དེར་བཅངས་པའི་བརྩེ་སེམས་མི་རྣམས་ཀྱིས་རྟོག་དཀའ་བ་ཞིག་རེད། ཀུན་དགའ་ཚེ་རིང་ཡང་དེ་ལས་མ་འདས། 2016ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་མགོ་བརྩམས་པ་ནས་བཟུང་། ཀུན་དགའ་ཚེ་རིང་དང་འདྲ་བའི་འབྲོག་པ་མང་པོ་ཞིག་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣའི་ལས་གནས་སུ་ཞུགས།

བརླན་ས་ཡོད་པའི་རྐྱེན་གྱིས། ལོ་རེའི་རྩྭ་སར་དྲོད་བབས་ནས་མེ་ཏོག་རྣམ་པར་བཞད་པའི་སྐབས་སུ། ཁྲུང་ཁྲུང་སྐེ་ནག་ལེ་དབར་ཁྲི་ཕྲག་མང་པོ་བརྒྱུད་དེ་ལྷོ་ཕྱོགས་ནས་ལུང་པའོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་འཕུར་ཡོང་ནས། ཚེ་སྲོག་རྒྱུན་སྐྱོང་བཞིན་ཡོད།

རྒྱལ་ཁབ་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་འཐབ་ཇུས་དང་དུ་བླངས་ནས། གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་ཁྱིམ་ཚང་ཚང་མ་རྫོང་མཁར་དུ་གནས་སྤར། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག མང་ཚོགས་རྣམས་ཁང་པ་གསར་བའི་ནང་བསྡད་པ་དང་། བརྟན་འཇགས་ཀྱི་བྱ་བ་ཡང་ཡོད་པར་གྱུར། གཙང་གསུམ་འབྱུང་ཡུལ་དུ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་གནས་ཐོག་མ་སྤེལ། དེ་ནི་མཚོ་སྔོན་གྱིས“ཏན་ཏན་ཏིག་ཏིག་བཞིའི”རེ་བ་གལ་ཆེན་ལག་བསྟར་དངོས་འབེབ་བྱེད་པའི་གོ་སྐབས་ཆེན་པོ་ཞིག་རེད།

ལོ་གཅིག་གི་རིང་ལ། རང་ཞིང་གིས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་འཆར་འགོད་དང་ལག་བསྟར་བྱེད་པ་དེ་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་དང་སྣེ་ཁྲིད་རང་བཞིན་གྱི་བཟོ་སྐྲུན་དུ་བརྩིས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྒྲིག་སྲོལ་ལམ་ལུགས་གསར་སྐྲུན་གཉིས་ཟུང་འབྲེལ་བྱས་ཏེ། དམངས་ཚིས་ལེགས་བཅོས་དང་མཐུན་སྦྱོར་བྱེད་པ་དང་། གཙོ་གནད་འབུར་ཐོན་དང་ཁྱབ་རྒྱ་བསྐྱེད་པ། རང་བྱུང་སླར་གསོ་དང་ལས་གཞི་བཅོས་སྐྱོང་། ཆེད་ལས་རུ་ཁག་དང་མང་ཚོགས་རྩ་འཛུགས་བྱེད་པ་བཅས་ལ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་དུས་སྐབས་དང་པོ་དང་གཉིས་པའི་འཛུགས་སྐྲུན། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་། མདོ་ལ་རི་རྒྱུད་ཀྱི་རི་ཆུ་ནགས་དང་ས་ཞིང་། མཚེའུ་བཅས་ཀྱི་སྐྱེ་ཁམས་སླར་གསོའི་ཚོད་ལྟ་སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོ་སྐོར་ཞིག་འཆར་འགོད་དང་ལག་བསྟར་བྱས་པ་མ་ཟད། «མཚོ་སྔོན་མདོ་ལ་རི་རྒྱུད་ཀྱི་རི་ཆུ་ནགས་དང་ས་ཞིང་། མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟའི་ཇུས་གཞི»སྒྲིག་སྦྱོར་བྱས། ཚོད་ལྟའི་གནས་ཀྱི་ལས་གཞི་ལག་བསྟར་བྱེད་པའི་ཁྱབ་ཁོངས་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་ལྔ་དང་སྟོང་དགུ་དགུ་བརྒྱ་དོན་ལྔ་ལྷག་ཡིན་པ་དང་། འཇུ་ལག་ཆུ་བོའི་འབབ་རྒྱུད་དང་ནག་ཆུའི་འབབ་རྒྱུད། ཧྲུའུ་ལི་ཆུ་བོ། ཧ་ལ་མཚེའུ་ཡི་ཆུ་སྣེ་འདུས་ཁུལ་དང་མཚོ་སྔོན་པོའི་བྱང་ཕྱོགས་ཀྱི་ཆུ་སྣེ་འདུས་ཁུལ་བཅས་ཚོད་ལྟའི་གནས་བཞི་རུ་སྐྱེ་ཁམས་བདེ་འཇགས་ཀྱི་གནས་བཙུགས་པ་དང་། ཆུ་ཁུངས་གསོ་གསོག་ནུས་ཁུལ་གྱི་རིམ་པ་ཇེ་མཐོར་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་རྨང་གཞིའི་འདེགས་སྐྱོར་གྱི་བཟོ་སྐྲུན་རིགས་ཆེན་པོ་བཞི་འཆར་འགོད་བྱས་ལ། ལག་བསྟར་དུས་ཡུན་ནི2017ལོ་ནས2025ལོའི་བར་ཡིན།

སྐྱེ་ཁམས་ཀྱི་དམིགས་འབེན་ལ་དམིགས་པའི་གསུང་བཤད་དགོངས་དོན་རེ་རེ་ལས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་བླ་མེད་འགན་འཁྲི་གསལ་བོར་བསྟན་ཡོད།

འདི་ནི་མགོ་རྩོམ་ས་གསར་བ་ཞིག་ཡིན་ལ། གཙང་ཆུ་སྔོན་ཆུ་ཤར་ཕྱོགས་སུ་རྒྱུ་བར་ཁག་ཐེག་བྱེད་རྒྱུ་ནི་ལྡོག་མེད་ཀྱི་འགན་འཁྲི་ཞིག་རེད།

ཡང་བསྐྱར་མཐོ་སྒང་གི་སྟོན་དུས་སུ་སླེབས་ཡོད་ལ། ནམ་མཁའ་གཡའ་དག་པའི་འོག་ཙོང་ཆུ་ནི་ལྗང་མདོག་གི་དར་སྐུད་ཞིག་དང་འདྲ་བར་ཟི་ལིང་གྲོང་ཁྱེར་འགྲམ་རྒྱུད་དུ་བཞུར་གྱིན་ཡོད།

ཙོང་ཆུའི་བརླན་སའི་སྤྱི་གླིང་ནས་མགོ་བརྩམས་ཏེ། འབབ་རྒྱུད་ཀྱི་ཤར་ཕྱོགས་སུ་བསྐྱོད་ཚེ། མཐོ་སྒང་གི་དེང་རབས་ཅན་གྱི་གྲོང་ཁྱེར་གྱི་རྣམ་པ་གསར་བ་དེས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་དང་འཕོ་འགྱུར་མཚོན་ཐུབ།

ཙོང་ཆུ་དེ་སྔོན་དྭངས་ཤིང་གཙང་བ་ཞིག་རེད། འབབ་རྒྱུད་དུ་མི་གྲངས་ཅུང་མང་བ་དང་། བཟོ་ལས་དང་ཞིང་ལས་ཐོན་སྐྱེད་གཅིག་ཏུ་འདུས་ཡོད་པས། ཆུའི་ཐོན་ཁུངས་བཀོལ་སྤྱོད་བྱེད་ཚད་བརྒྱ་ཆའི་དྲུག་ཅུའི་ཡན་ལ་སླེབས་ཡོད་པ་དང་། ཆུའི་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་བྱེད་པའི་བདེ་འཇགས་ཀྱི་ཚད་ལས་ཚབས་ཆེན་གྱིས་བརྒལ་ཡོད།

ཙོང་ཆུའི་འགྲམ་བརྒྱུད་ཀྱི་མཁར་གྲོང་གི་འཚོ་བའི་བཙོག་ཆུ་ཕྱིར་གཏོང་དང་བཟོ་ལས་ཀྱི་བཙོག་ཆུ། སྡེ་བའི་བཙོག་ཆུ་སོགས་ཕྱིར་གཏོང་བྱེད་སའི་ཆུ་བོ་ཞིག་ཡིན་པའི་ཆ་ནས། རྫས་འགྱུར་ཨན་ཏན་དང་རྫས་འགྱུར་མཁོ་དབྱང་སོགས་བཙོག་རྫས་གཙོ་བོའི་ཕྱིར་གཏོང་གི་ཚད་ཆུ་བོའི་ཁོར་ཡུག་ཤོང་ཚད་ལས་ཆེ་བ་དང་། ཆུ་བོའི་སྦགས་བཙོག་གི་གནས་བབ་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་ཡོད།   

མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ། ནག་ཆུ་སོགས་འབབ་རྒྱུད་གཙོ་བོའི་འབྱུང་ཁུངས་ཡིན་ལ། ཆུའི་ཁོར་ཡུག་སྲུང་སྐྱོབ་དང་ཆུའི་བཙོག་སྐྱོན་སྔོན་འགོག་བཟང་བོ་བྱེད་རྒྱུ་ནི་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ཆུའི་སྐྱེ་ཁམས་བདེ་འཇགས་དང་འབྲེལ་བ་གལ་ཆེན་ཡོད་ལ། འགན་འཁྲི་ཡང་གལ་ཆེན་རེད། ལོ་གཅིག་གི་རིང་ལ། རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཆུའི་ཁོར་ཡུག་བདེ་འཇགས་ལ་སྲུང་སྐྱོབ་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བའི་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་རྒྱུ་བ་ཁག་ཐེག་བྱེད་དགོས་པའི་རེ་བ་གལ་ཆེན་ལག་ལེན་དངོས་འབེབ་བྱས་ཏེ། མཚོ་སྔོན་གྱིས་ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་བཙོག་སྐྱོན་བཅོས་སྐྱོང་བྱ་བ་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་ནས། 2020ལོར་ཙོང་ཆུ་ཞིང་ཆེན་གྱི་མངའ་ཁོངས་ལས་བརྒལ་བའི་མེན་ཧི་ཟམ་ཁའི་རིགས་གསུམ་ཆུ་གཤིས་བསྡུར་ཚད་དེ་བརྒྱ་ཆའི་ལྔ་བཅུར་བསླེབ་པའི་དམིགས་འབེན་སྔར་ལས་མཐོན་པོ་བཏོན། 2016ལོ་ནས་བཟུང་། ཙོང་ཆུའི་བཞུར་བརྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་སྐོར་ཐེངས་གསར་བའི་བྱ་བ་སྤེལ་མགོ་བརྩམས།

སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་དངོས་འབེབ་གཟབ་ནན་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་བསྟུན། ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུའི་བཙོག་སྐྱོན་བྱ་བ་མངོན་གསལ་སྒོས་ལེགས་བཅོས་ཐོབ་པས། ཕྱོགས་ཡོངས་ནས་བཙོག་ཆུ་བཅོས་སྐྱོང་དང་འགོག་གསོ་ཁུལ་དབྱེ་འབྱེད་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོའི་ལས་འགན་བདེ་བླག་ངང་སྤེལ། ཟི་ལིང་གྲོང་ཁྱེར་གྱི་ལོ་གཅིག་གི་སྔོན་ལ་ཆུ་ལག་ཉེར་དྲུག་གི་བཙོག་ཆུའི་བཅོས་སྐྱོང་བྱ་བ་ཡོངས་འགྲུབ་བྱས་པ་དང་། ཅའོ་ཁྲང་ཆུ་བོ་དང་ཧྲི་ཧོས་ཆུ་བོ། ཡུན་ཧྲན་ཆུ་བོ་སོགས་ཆུ་བོ་བཅོ་ལྔ་དང་ཆུ་ལག་གི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་ཕྱོགས་ཡོངས་ནས་མགོ་བརྩམས་པ་དང་། ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་དང་སྤུས་ཚད་སྔར་ལས་ལྷག་པའི་ལེགས་བཅོས་ཐོབ་པས། མཚོ་སྔོན་གྱི་ཆབ་སྲིད་རང་འགུལ་རྔམ་བརྗིད་ཆེ་ཞིང་མཛེས་སྡུག་ལྡན་པ་ཞིག་རེད།

འདི་ནི་ལྗང་མདོག་གི་གསར་བརྗེ་ཞིག་ཡིན་པས། མཚོ་སྔོན་གྱིས་རྡོག་རྩ་གཅིག་སྒྲིལ་སྒོས་སྐྱེ་ཁམས་ཀྱི་རྒྱལ་ཁའི་གླུ་དབྱངས་དཀྲོལ་བཞིན་ཡོད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་པ་པའོ་གྲོང་རྡལ་གྱི་སྡོད་དམངས་མཱ་ཡིག་ཧྥུའུ་ཡིས་སེམས་སུ་གསལ་བོར་དྲན་པ་ནི། དེ་སྔོན་ཆར་འབབ་རྒྱུར་ཧ་ཅང་སྐྲག་བཞིན་ཡོད། ཉེ་འཁོར་ཚང་མ་རི་བོ་ཡིན་ལ། དྲག་ཆར་འབབ་སྐབས་སུ། རིའི་སྟེང་ནས་ཆུ་ལོག་བཞུར་ཡོང་ཚེ་ལམ་ནས་བགྲོད་མི་ཐུབ་པ་མ་ཟད། ཞིང་ནང་གི་ལོ་ཏོག་ལ་ཡང་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད་ཟེར།

མདོ་ལ་རྫོང་གནས་སའི་པ་པའོ་གྲོང་རྡལ་ཚང་མ་རིའི་སྐོར་ཡོད་ལ། སྔོན་ཆད་སྐྱ་ཐིང་ངེར་ཡོད་པའི་གནས་འདིར་ད་སྐབས་ཚང་ཚིང་དུ་སྐྱེས་པའི་སྡོང་ཕྲུག་སྣ་ཚོགས་ཀྱིས་ཁེངས་ཡོད་པས། ཡུལ་གྲུ་འདི་ལྟ་ན་སྡུག་པའི་ལྗང་མདོག་གི་ཞིང་ཁམས་ཞིག་ཏུ་གྱུར་ཡོད།

ལྗང་མདོག་གི་སྐྱེ་དངོས་སྣ་ཚོགས་ཁ་སྣོན་བྱས་ཡོད་པས། ཡོ་རོབ་གླིང་གི་ནགས་ལས་མཛེས་ལྗོངས་ལས་མི་དམན་པ་དང་། “སུའེ་ཙེར་ཆུང་བར”ཁྱད་ཆོས་ལྡན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། ལྗང་བསྒྱུར་གྱིས་མདོ་ལའི་མི་རྣམས་ལ་ཁོར་ཡུག་མཛེས་པ་དང་གནས་སྐོར་དར་བ། སྐྱེ་ཁམས་ཕྱུགས་ལས་ཉིན་རེར་ཡར་རྒྱས་སུ་འགྲོ་བ། མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་རྣམ་པ་བཟང་བོ་མངོན་ཡོད།

དེ་སྔོན་སྐྱ་ཐིང་ངེར་གནས་པའི་ལྷོ་བྱང་གི་རི་གཉིས་ཀྱི་སྟེང་། ནགས་ཚལ་གྱི་ཁེབས་རྒྱ་བརྒྱ་ཆའི་བདུན་དང་གྲངས་ཆུང་གཉིས་ནས་བརྒྱ་ཆའི་དོན་ལྔ་རུ་འཕར་ཡོད་པ་དང་། ད་ལྟ་མཚོ་སྔོན་སྐྱེ་ཁམངས་དཔལ་ཡོན་འཛུགས་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་དུ་གྱུར་ཡོད། ལྷོ་རའི་སྐྱེ་ཁམས་ལྗང་མདོག་སྲུང་ཡོལ་འཛུགས་སྐྲུན་བཟོ་སྐྲུན་ལ“ཀྲུང་གོའི་འཚོ་སྡོད་ཁོར་ཡུག་དཔེ་མཚོན་བྱ་དགའ”ཐོབ་པ་དང་། མཐོ་སྒང་གི་སྐྱེ་ཁམས་འཛུགས་སྐྲུན་གྱི་དཔེ་མཚོན་དུ་གྱུར་ཡོད།

ས་རྒོད་ནས་ལྗང་མདོག་གི་རི་བོ་དང་། ལྗང་མདོག་གི་གྲོང་ཁྱེར་ནས་ལྗང་མདོག་གི་ཞིང་སྡེ་དང་ལུང་གཞུང་འཛུགས་སྐྲུན་བྱས་པས། ལྗང་མདོག་གི་བྱ་བ་ཡོད་ཚད་མཚོ་སྔོན་གྱི་ག་ས་གང་དུ་ཁྱབ་ཡོད་པ་དང་། མཁར་གྲོང་ལྗང་མདོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་བགྲོད་ལམ་སྟེང་། ལས་ལ་བརྩོན་པའི་མཚོ་སྔོན་གྱི་མི་རྣམས་ཀྱིས“ལྕགས་ལ་རྒྱབ་ན་ལྕགས་འགད། རྡོ་ལ་རྒྱབ་ན་རྡོ་འགད་པའི”བྱ་བའི་སྤྱོད་ཚུལ་བཟང་བོས་རི་ཀླུང་བརྗིད་ཆགས་ཡིད་དུ་འོང་བ་ཞིག་བསྐྲུན་ཡོད།

ལོ་གཅིག་གི་རིང་ལ། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་བྱ་བ་མང་པོ་སྒྲུབ་ལ། དཔེར་ན་ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་སྲིད་གཞུང་གནས་སའི་མཁར་གྲོང་གི་མཁའ་དབུགས་སྤུས་ཚད་བཟང་པོའི་ཉིན་གྲངས་ཏེ་ཆ་སྙོམས་བྱས་ན་བརྒྱ་ཆའི་དགུ་བཅུ་གྲངས་ཆུང་བརྒྱད་ཙམ་ཡིན་པ་དང་། རླངས་འཁོར་རྙིང་བ་ཁྲི་གཅིག་དང་སྟོང་བདུན་ལྔ་བརྒྱ་མེད་པར་བཟོས་པ། སྡེ་བ་ལྔ་བརྒྱའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་བརྩམས་པ་བཅས་རེད།

བསླབ་བྱ་རེ་རེ་ཡིད་ལ་འཛིན་པ་དང་ཕུགས་འདུན་སེམས་ནས་བརྗེད་མེད། ལོ་གཅིག་རྗེས་ཀྱི་དེ་རིང་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བསམ་གཞིགས་སྔར་ལས་གསལ་བོ་ཡིན་པ་དང་། གོམ་སྟབས་སྔར་ལས་བརྟན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་གསར་བ་དང་བསམ་གཞིགས་གསར་བ། འཐུབ་ཇུས་གསར་བ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། “ཏན་ཏན་ཏིག་ཏིག་བཞི”དང་ཁྱད་པར་དུ“ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པའི”རེ་བ་གལ་ཆེན། “འདུ་ཤེས་བཞི”དངོས་ནས་ཇེ་དྲག་ཏུ་གཏོང་བ་བཅས་ཕྱོགས་ཡོངས་ནས་དངོས་འབེབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་སྔར་ལས་བརྟན་པོ་དང་དུ་བླངས་ནས། ལྗང་མདོག་འཕེལ་རྒྱས་དང་འཚོ་བའི་བྱེད་སྟངས་ཆགས་པར་སྐུལ་འདེད་བཏང་ནས། མགྱོགས་མྱུར་སྒོས་དཔལ་འབྱོར་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཞིང་ཆེན་ཆེན་པོར་བསྒྱུར་པ་དང་། སྐྱེ་ཁམས་དཔལ་ཡོན་ཏེ་ཞིང་ཆེན་ཡོངས་ཀྱིས་རིན་ཐང་ལྡན་པ་དང་མཚོ་སྔོན་འཕེལ་རྒྱས་ཀྱི་མཚོན་རྟགས་སུ་འགྱུར་དུ་བཅུག

ལོ་ཙཱ་བ། ཤ་བོ་རིན་མཚོ།