མཐུན་སྒྲིལ་གྱི་མེ་ཏོག་མཚོ་ནུབ་ཡུལ་དུ་བཞད།
2017.08.29 ཁུངས། ཀློག་གྲངས། 44

བརྗིད་ཆགས་ཀྱི་རི་རབ་དང་ངོ་མཚར་བའི་མཚམས་སྤྲིན། གནས་མཆོག་གི་ཚྭ་མཚོ། ལྗང་མདོག་གི་ཞིང་གྲོང་། མེ་ཏོག་གི་ཞིང་ཁམས་བཅས་ཀྱིས་གྲུབ་པའི་མཐའ་ཡས་པའི་ས་གཞི་འདི་ནི་མཚོ་ནུབ་ཀྱི་སོག་རིགས་དང་བོད་རིགས། རྒྱ་རིགས། ཧོས་རིགས་སོགས་མི་རིགས་སུམ་ཅུ་ལྷག་དང་མི་གྲངས་འབུམ་དྲུག་ཁྲི་བཞི་ཡི་འཚོ་བ་རོལ་སའི་བདེ་སྐྱིད་ཀྱི་གཞིས་ཁྱིམ་ཡིན།

མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ནུབ་ཕྱོགས་སུ་ཡོད་ལ། མིང་གྲགས་ཆེ་བའི་ཚྭ་འདམ་གཞོང་གིས་མཚོ་ནུབ་ཁུལ་གྱི་སྤྱིའི་གཞི་ཁྱོན་གྱི་བརྒྱ་ཆའི་དོན་བརྒྱད་དང་གྲངས་ཆུང་བདུན་དྲུག་ཟིན་ཡོད་པས། དེ་ལ་མི་རྣམས་ཀྱིས་ཚྭ་འདམ་གཞོང་ཞེས་འབོད་པའི་གོམས་སྲོལ་ཤིག་ཆགས་ཡོད།

བོད་ཆང་བར་ལམ་དང་གནའ་བོའི་དར་གོས་ལྷོ་ལམ། ཐང་བོད་གནའ་ལམ་བཅས་དཔེ་གཞི་བྱས་ནས་མཚོ་ནུབ་ཀྱི་ས་གཞི་ཆེན་པོའི་འདིའི་སྟེང་འཛུགས་སྐྲུན་བྱས་ཡོད་པའི་མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ། མཚོ་སྔོན་ནས་ཞིན་ཅང་བར་གྱི་གཞུང་ལམ། དེ་མིན་མཁའ་འགྲུལ་བཅས་ལྷོ་ནས་བོད་ལྗོངས་དང་བྱང་ནས་ཀན་སུའུ། ནུབ་ནས་ཞིན་ཅང་བཅས་སུ་བསྣོལ་བའི་འགྲིམ་འགྲུལ་ལམ་ཐིག་གཙོ་བོ་སྟེ་ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་དཀྱིལ་སྙིང་ས་ཁོངས་དེ་མཚོ་སྔོན་ཞིང་ཆེན་གྱི་རྒྱུད་གཅིག་ལམ་གཅིག་གི་ས་ཁོངས་གཙོ་བོར་འགྱུར་བར་གདོན་མི་ཟ།
མཚོ་ནུབ་ཁུལ་ལ་མི་རིགས་མཐུན་སྒྲིལ་གྱི་གཟི་བརྗིད་སྲོལ་རྒྱུན་མང་པོ་ལྡན་ཞིང་། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་བའི་ནང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྤོབས་སེམས་ཀྱིས་ཁེངས་བའི་ན་གཞོན་ཁྲི་སྟོང་མང་པོས། མཚོ་ནུབ་ཀྱི་གྲངས་ཉུང་མི་རིགས་དང་མཉམ་དུ་འབད་འཐབ་ལྷོད་མེད་སྒོས་ཚྭ་འདམ་གཞོང་གསར་སྤེལ་དང་འཛུགས་སྐྲུན་བྱས།

མཚོ་ནུབ་ནི་ཐོན་ཁུངས་ཀྱིས་ཕྱུག་པའི་ས་ཁུལ་ཞིག་ཡིན། ས་འདིར་སོག་རིགས་དང་བོད་རིགས། ཧོས་རིགས། རྒྱ་རིགས་སོགས་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་ངང་འཚོ་སྡོད་བྱས་ཡོད་ལ། ས་འདིའི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ཉིད་ཀྱི་མིག་ཟུང་བཞིན་དུ་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་ཀྱིན་ཡོད་ལ། རང་ཉིད་ཀྱི་ཚེ་སྲོག་བཞིན་དུ་མི་རིགས་མཐུན་སྒྲིལ་གཅེས་འཛིན་བྱེད་ཀྱིན་ཡོད། ས་འདི་ནས་སྐབས་རིམ་བྱུང་གི་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མི་རིགས་མང་པོ་འདུས་སྡོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་རྣམ་པ་དང་། ཐུན་མིན་གྱི་འཐབ་ཇུས་གོ་གནས་དེ་རྨང་གཞི་བྱས་ནས། བསྟུད་མར་ལོ་དྲུག་ཅུ་ལྷག་གི་རིང་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་བྱས་པས། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་དེ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་ནུས་ཡོད་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

2013ལོར་ཞིང་ཆེན་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱ་བ་སྤེལ་བའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་མཚོ་སྔོན་ཞིང་ཆེན་གསར་འཛུགས་གཞུང་སྒྲུབ་ཁང་གི་སེམས་ཞིབ་མོའི་མཛུབ་སྟོན་འོག མཚོ་ནུབ་ཁུལ་གྱིས་མི་རིགས་སོ་སོ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པར་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་གནད་འགག་ཏུ་བརྩིས་ཏེ། འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་དང་མཁར་གྲོང་གཞི་གཅིག་ཅན་འཛུགས་སྐྲུན། དམངས་ཚིས་ལེགས་བཅོས་འགན་སྲུང་སོགས་དཔེ་སྟོན་བཟོ་སྐྲུན་བཅུ་ནང་དོན་གཙོ་བོ་ཡིན་པའི《མཚོ་ནུབ་ཁུལ་གྱིས་ཐོག་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པའི་ལག་བསྟར་ཇུས་གཞི》གཏན་འབེབས་བྱས་པ་དང་། མཚོ་ནུབ་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པའི་འཆར་གཞི་ཆེན་པོ་བཟོས།

མཚོ་ནུབ་ཁུལ་གྱིས་ཤུགས་ཕུད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་ཡུན་ཕན་ནང་རྐྱེན་འཛུགས་པ་དང་དངོས་འབེབས་བྱེད་པར་སྐུལ་འདེད་བྱས་པ་དེས། གསར་འཛུགས་བྱ་བ་དེ་སྤྱིར་བཏང་ཅན་ནས་ཚད་ལྡན་ཅན་དང་ཕན་འབྲས་ཅན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱས་པ་དང་། ཏང་ཨུས་སྣེ་ཁྲིད་དང་སྲིད་གཞུང་གིས་སྐུལ་འདེད་བྱེད་པ། ཕྱོགས་ཡོངས་ཞུགས་པ། རིམ་པ་རེ་རེ་བཞིན་དངོས་འབེབས་བྱེད་པ། མཐུན་སྦྱོར་ངང་སྐུལ་སྤེལ་བྱེད་པའི་གསར་འཛུགས་བྱ་བའི་རྣམ་པ་གསར་བ་ཆགས། གཞི་གསུམ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་ཏུ་གཏོང་བ་དེ་གསར་འཛུགས་བྱ་བའི་རྨང་གཞི་བྱེད་པ་དང་། བསམ་བློའི་སློབ་གསོ་དེ་ཁྲིད་སྟོན་བྱེད་པ། སེམས་ཤུགས་གཅིག་སྒྲིལ་བྱེད་པ་ དར་ཆར་བརྩིས་ཏེ། གསར་བསྐྲུན་དྲིལ་སྒྲོག་དང་ཉམས་མྱོང་བརྗེ་རེས་བྱེད་པ་དང་། དཔེ་མཚོན་བསྐྲུན་པ་སོགས་ནུས་ཡོད་བྱེད་ཐབས་མང་པོ་སྤྱད་པས། མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་སྡོད་ཁུལ་དུ་བསྐྱོད་པ་དང་ཞང་སྡེར་བསྐྱོད་པ། དམག་སྒར་དུ་བསྐྱོད་པ་སོགས་བསྐྱོད་པ་དགུའི་བྱ་འགུལ་ལ་གྲུབ་འབྲས་མངོན་གསལ་ཐོབ།

དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་དཔལ་འབྱོར་རྨང་གཞི་སྲ་བརྟན་ཏུ་བཏང་སྟེ། རིགས་སོ་སོའི་མི་དམངས་ལ་འཕེལ་རྒྱས་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་ཆེད། མཚོ་ནུབ་ཁུལ་གྱིས་གཏེར་ཁ་དང་གནས་སྐོར། རིག་གནས་སོགས་ཀྱི་ཐོན་ཁུངས་ཁྱད་སྟོབས་ལ་བརྟེན་ནས། སྟོབས་ཤུགས་གང་ཡོད་སྒོས་དཔལ་འབྱོར་སྤྱི་ཚོགས་ཀྱི་ཐོད་བརྒལ་འཕེལ་རྒྱས་ལ་སྐུལ་འདེད་བྱས། འཁོར་སྐྱོད་དཔལ་འབྱོར་གྱི་ས་ཁུལ་གཅིག་དང་ར་བ་བཞིའི་འཛུགས་སྐྲུན་རྣམ་པ་མགྱོགས་མྱུར་ངང་ཆགས་པ་དང་། ཐོན་ལས་གཙོ་བོའི་མ་ལག་ཆེན་པོ་ལྔ་རིམ་བཞིན་འཕེལ་རྒྱས་ཀྱི་འཁོར་ལམ་དུ་ཞུགས། 2015ལོར་ཁུལ་ཡོངས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་བཞི་བརྒྱ་དང་སོ་དགུ་ལྷག་ཏུ་བསླེབས་པ་དང་། མི་རེའི་ཆ་སྙོམས་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་འབུམ་གཅིག་ལས་བརྒལ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཆིག་བརྒྱ་ཉེར་གཅིག་ལྷག་མངོན་འགྱུར་བྱས། ས་ཁུལ་གྱི་དཔལ་འབྱོར་ཐད་འཕར་ཚད་ལེགས་པའི་གནས་བབ་སྲུང་འཛིན་བྱས་པ་དང་། དཔལ་འབྱོར་དངོས་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། ཁུལ་ཡོངས་ཀྱིས་རིམ་བསགས་ཀྱིས་དམངས་ཚིས་ཐད་མ་དངུལ་བཏང་ཚད་སྒོར་དུང་ཕྱུར་བཞི་བརྒྱ་སོ་བདུན་ལ་བསླེབས་པ་དེས། ནོར་སྲིད་སྤྱིའི་འགྲོ་གྲོན་གྱི་བརྒྱ་ཆའི་དོན་ལྔ་ཡན་ཟིན་པ་དང་། མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི་གཅིག་སྟོང་ལྔ་གསར་དུ་འཕར་སྣོན་བྱུང་། བོད་ཁུལ་གྱི་འོས་འགན་སློབ་གསོའི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་ཚད་གཞི་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་དང་། དབུལ་སྐྱོར་གསར་སྤེལ་ཐོན་ལས་ལས་གཞི་ཉིས་བརྒྱ་དང་དོན་ལྔ་ཡོངས་འགྲུབ་བྱས་ཏེ། རིགས་སོ་སོའི་མང་ཚོགས་འབུམ་གཅིག་ཁྲི་བཞི་ལྷག་ལ་ཕན་ཁེ་ཐོབ། མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་དང་རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་དེ་སོ་སོར་སྒོར་ཁྲི་གཉིས་སྟོང་ལྔ་བཞི་བརྒྱ་ལྷག་དང་སྒོར་ཁྲི་གཅིག་ཉིས་བརྒྱ་གོ་བཞིར་བསླེབས་པ་དང་། སོ་སོར་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་སྟོང་གསུམ་ཆིག་བརྒྱ་ཞེ་དྲུག་དང་སྒོར་སྟོང་གསུམ་དང་བཅུ་གཅིག་གིས་མཐོ་ཞིང་། དབུལ་ཕོངས་མི་གྲངས་ཁྲི་ལྔ་ལྷག་བརྟན་འཇགས་ངང་དབུལ་ཕོངས་ལས་ཐར།

མཚོ་ནུབ་ཁུལ་གྱིས་གནད་ཕིགས་དབུལ་སྐྱོར་གྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། རྒྱུན་ཆད་མེད་པར་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་གཅིག་གྱུར་གྱིས་ཇུས་འགོད་བཀོད་སྒྲིག་བྱེད་པ། བྱ་བའི་ནང་རྐྱེན་གསར་སྐྲུན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ཀྱི་ཕྱོགས་བསྡུས་བྱེད་ཐབས་ཆ་ཚང་ཞིག་བསྐྲུན་པ་དང་། ཐོག་མར་ཞིང་ཆེན་ཡོངས་སུ་སྤྱི་ཡོངས་ནས་དབུལ་ཐར་མངོན་འགྱུར་བྱེད་པའི་ནུས་ཡོད་བྱེད་ཐབས་རབས་དང་རིམ་པ་ལག་བསྟར་བྱས་ཏེ། དབུལ་ཕོངས་མི་གྲངས་སྟོང་དྲུག་ཆིག་བརྒྱ་ཉེར་གཉིས་དབུལ་ཕོངས་ལས་ཐར། ཆབ་སྲིད་ཀྱི་གནས་བབ་སྲ་བརྟན་ཏུ་གཏོང་བ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་བསྐྲུན་ཆེད། མཚོ་ནུབ་ཁུལ་གྱིས་སྔ་གཞུག་ཏུ«མཚོ་ནུབ་ཁུལ་གྱི་ཁྲིམས་ལྟར་ཁུལ་བཅོས་སྐྱོང་བྱེད་པའི་རྩ་གནད»གཏན་འབེབས་བྱས་ཏེ། ཤུགས་ཆེན་པོས་ཁྲིམས་འཛིན་སྲིད་འཛིན་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་དང་། ཧུར་ཐག་གིས་ཞིབ་བཤེར་དང་ཐག་གཅོད་སོགས་ཀྱི་བྱ་འགུལ་སྤེལ།

གྲངས་ཉུང་མི་རིགས་འདྲ་མཉམ་སྒོས་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ཁྲོད་ཞུགས་པའི་དབང་ཆར་འགན་སྲུང་བྱེད་པ་ནི། མི་རིགས་ས་ཁུལ་རང་སྐྱོང་སྲོལ་ཡིག་གཏན་འབེབས་བྱེད་པའི་གཞི་རྩའི་རྨང་གཞི་ཡིན་ལ། ཏང་དང་མི་དམངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་གནང་བའི་འོས་འགན་དང་འགན་འཁྲི་ཡིན་པ་རེད། 2015ལོའི་ལོ་མཇུག་གི་བར། མཚོ་ནུབ་ཁུལ་དུ་བསྡོམས་པས་ཁའོ་རིམ་པ་ཡན་གྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་སྟོང་གཅིག་ཉིས་བརྒྱ་དོན་བདུན་ཡོད་པ་དང་། དེས་ལས་བྱེད་པ་སྤྱིའི་བརྒྱ་ཆའི་སོ་དྲུག་ལྷག་ཟིན། རིམ་པ་སོ་སོའི་ཏང་གི་འཐུས་མི་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ཀྱི་ཁྲོད། གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱིས་བརྒྱ་ཆའི་ཞེ་ལྔ་ཡན་ཟིན་ཡོད། སྔོ་ལྗང་གི་རི་ཀླུང་དང་དྭངས་གཙང་གི་ཆུ་མོ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པའི་ལྗང་མདོག་གི་འཕེལ་རྒྱས་ལྟ་བ་ལག་ལེན་དངོས་འབེབས་བྱེད་ཆེད། མཚོ་ནུབ་ཁུལ་གྱིས་སྔ་གཞུག་ཏུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་རབས་དང་རིམ་པ་གཏན་འབེབས་བྱས་པས། སྐྱེ་ཁམས་བྱེད་ནུས་ཁུལ་དང་རང་བྱུང་སྲུང་སྐྱོབ་ཁུལ། ལྟག་ཆུ་བསྐྱིལ་གསོག་ཁུལ་སོགས་སྐྱེ་ཁམས་ཉམས་ཞན་དང་ཁོར་ཡུག་ཞན་པའི་ས་ཁོངས་ལ་སྲུང་སྐྱོབ་ལེགས་པོ་ཐོབ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་མི་རིགས་མཐུན་སྒྲིལ་གྱི་གཞི་རྩ་ཡིན། མི་རིགས་རིག་གནས་དར་སྤེལ་བྱས་ནས་མི་རིགས་མཐུན་སྒྲིལ་གསར་འཛུགས་ལ་སྐུལ་འདེད་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་ཆེད། མཚོ་ནུབ་ཁུལ་གྱིས་སྔ་གཞུག་ཏུ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་བཞི་ལྷག་བརྩོན་ལེན་བྱས་ཏེ། མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་སོགས་ཁྱད་ཆོས་ཕུན་སུམ་ཚོགས་པའི་རིག་གནས་བྱ་འགུལ་སྒྲིག་ཆས་སྐོར་ཞིག་འཛུགས་སྐྲུན་བྱས་པའི་དུས་མཚུངས་སུ། ཤུགས་ཆེན་པོས་མི་རིགས་རིག་གནས་སྒྱུར་རྩལ་གསར་རྩོམ་དང་གཟུགས་འདས་ཤུལ་བཞག་རིག་གནས་འཚོལ་སྡུད་ལེགས་སྒྲིག་བྱེད་པར་རོགས་སྐྱོར་བྱས་ཏེ། མི་རིགས་ཡུལ་སྲོལ་གྱིས་ཕྱུག་པའི་དུས་ཆེན་གྱི་བྱ་འགུལ་སྤེལ། རིག་གནས་ཚན་རྩལ་གྱི་དམངས་ཕན་བཟོ་སྐྲུན་རེ་རེ་མཚོ་ནུབ་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཡོངས་སུ་འདྲེས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱ་འགུལ་སྤེལ་མགོ་བརྩམས་པའི་ཚུན་ལ། མཚོ་ནུབ་ཁུལ་གྱིས་ཞིང་ཆེན་དང་ཁུལ་གྱི་བླང་བྱ་སྣ་ཚོགས་ཁྱོན་ཡོངས་ནས་ལག་ལེན་དངོས་འབེབས་བྱས་ཏེ། འཐབ་ཇུས་ཀྱི་མཐོ་ཚད་ནས་མི་རིགས་མཐུན་སྒྲིལ་བྱ་བར་ཇུས་འགོད་དང་། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གྱི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པར་བྱས་ཤིང་། རྒྱུན་ཆད་མེད་པར་བསམ་ཕྱོགས་གསར་བ་དང་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས་ནས། མཐུན་སྒྲིལ་གསར་འཛུགས་བྱ་བར་སྐུལ་འདེད་བྱས། 2016ལོར། ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་དང་དཔྱད་ཞིབ་ཁྲོད་མཚོ་ནུབ་ཁུལ་གྱི་བྱ་བ་སྣ་ཚོགས་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་བསླེབས་ཤིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ན་གོར་མོ་གྲོང་ཁྱེར་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གྱི་མཚན་སྙན་གནང་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏེར་ལེན་ཁ་གྲོང་ཁྱེར་དང་བུའུ་ལན་རྫོང་། མང་ངེ་ས་ཁུལ་བཅས་ལ་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་གྲོང་ཁྱེར་དང་རྫོང་གི་མཚན་སྙན་གནང་།

ལོ་ངོ་བཞི་ལྷག་གི་འཚོལ་ཞིབ་དང་བྱེ་བྲག་གི་ལག་ལེན་ཁྲོད། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་བྱེད་པའི་ཡུན་ཕན་ནང་རྐྱེན་རིམ་བཞིན་ཆགས། རྩ་འཛུགས་མགོ་ཁྲིད་དང་དྲིལ་སྒྲོག་སློབ་གསོ། གཟེངས་བསྟོད་སྐུལ་ལྕག མཉམ་དུ་གསར་འཛུགས། འགལ་བ་རྩད་ཞིབ། རྩོད་གཞི་ཐག་གཅོད། ལྟ་སྐུལ་མཛུབ་སྟོན། དཔྱད་ཞིབ་གདེང་འཇོག་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས་ལ་སྐུལ་འདེད་བྱེད་པ་དེ་སྤྱི་ཚོགས་ཡོངས་དང་ཁྱབ་ཁོངས་སོ་སོར་ཡོངས་སུ་ཁེབས་པ་དང་། རིགས་སོ་སོ་དང་ལས་རིགས་སོ་སོས་མཉམ་དུ་གསར་འཛུགས་དང་ མཉམ་དུ་གྲུབ་འབྲས་ལོངས་སུ་སྤྱོད་པའི་རྣམ་པ་བཟང་བོ་ཆགས།

ཁུལ་ཡོངས་ཀྱི་རིགས་སོ་སོས་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ངོས་ཟིན་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་ཏུ་གྱུར་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཁྲོད་ཞུགས་པའི་སྤྲོ་སེམས་ཆེས་ཆེར་འཕེལ་ཏེ། འབྱོར་ཕྱུག་དང་དཔལ་ཡོན་ཕྱོགས་སུ་བསྐྱོད་པའི་དེང་རབས་ཅན་གྱི་འཕེལ་རིམ་རིམ་བཞིན་མངོན་འགྱུར་བྱས།

མཚོ་ནུབ་ཁུལ་གྱིས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་གཞིར་བཟུང་སྟེ། ཁུལ་གྱི་གནས་ཚུལ་ལྟར་གཏན་འབེབས་བྱས་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི2456འཆར་འགོད་ཆེན་པོ་དེ་མཚོ་ནུབ་ཏུ་ལག་བསྟར་བྱེད་མགོ་བརྩམས། འདི་ནི་སྣེ་ཁྲིད་གཉིས་མངོན་འགྱུར་དང་། བསྒྱུར་དགོས་པ་བཞིའི་རིམ་པ་སྤར་བ། གསོ་སྐྱོང་ལྔ་བསྐྲུན་པ། རྨང་གཞི་དྲུག་འཛུགས་དགོས་པ་དེ་ཡིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཡིད་ཆེས་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། ལས་བྱེད་པས་བློ་གཅིག་སེམས་གཅིག་དང་དཔུང་བ་མཉམ་གཤིབ་ཀྱིས་བྱ་བ་སྒྲུབ་པའི་རྣམ་པ་ཞིག་ཆགས། མང་ཚོགས་ཀྱིས་ཕྱུག་འགྱུར་ལ་བསྙེགས་པ་དང་། མཐུན་སྒྲིལ་མཉམ་གནས་བྱས་ཡོད་ལ། སྤྱི་ཚོགས་ལས་རིགས་སོ་སོས་ཁ་སེམས་གཉིས་མེད་ཀྱི་སྒོ་ནས་དཀའ་ངལ་ཅན་ལ་མཉམ་དུ་རོགས་སྐྱོར་བྱེད་པའི་སྣང་བརྙན་ལེགས་པོ་ཞིག་བསྐྲུན་ཡོད།

དེང་སྐབས། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དུ་ཆུ་གློག་ལམ་གསུམ་དང་། སྡོད་ཁང་གསར་བ་ལས་ཡོད་པ་དང་། དྲ་རྒྱ་སོགས་ཁྱིམ་ཚང་རེ་རེར་འཐེན་ཡོད་ལ། མཚོ་ནུབ་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་། འབྱོར་ཕྱུག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་བཞིན་ཡོད།
 

ལོ་ཙཱ་བ།སྒྲོལ་མ་སྐྱིད།