ད་ལོའི་ཚུན་དུ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གིས་དབུལ་སྐྱོར་བྱ་ཡུལ་གནད་ལ་ཁེལ་བ་དང་ལས་གཞི་བཀོད་སྒྲིག་གནད་ཁེལ་བ། མ་དངུལ་བཀོལ་སྤྱོད་གནད་ལ་ཁེལ་བ། ཁྱིམ་རེའི་དབུལ་ཐར་ཐབས་ལམ་གནད་ལ་ཁེལ་བ། སྡེ་མངགས་ལས་བྱེད་པ་གནད་ལ་ཁེལ་བ། དབུལ་ཐར་ཕན་འབྲས་གནད་ལ་ཁེལ་བ་བཅས་གནད་ཁེལ་དྲུག་ལ་བརྟེན་ནས་དབུལ་སྐྱོར་མཁྲེགས་གཏོང་བྱ་བར་སྐུལ་འདེས་བྱས་པས། ཁྱིམ་ཚང་དགུ་བརྒྱ་དང་ལྔ་ཡི་མི་གྲངས་སྟོང་གཉིས་དང་ལྔ་བརྒྱ་རེ་ལྔ་དབུལ་ཐར་བྱེད་པའི་དམིགས་འབེན་ཁྱོན་ཡོངས་ནས་དངོས་འབེབས་བྱས།
རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་དྲུག་གི་དབུལ་ཕོངས་ཞྭ་མོ་ཕུད་པ་དང་། དབུལ་ཕོངས་བྱུང་ཚད་བརྒྱ་ཆའི་གསུམ་མན་དུ་ཚོད་འཛིན་བྱེད་པའི་དམིགས་འབེན་ལྟར། དབུལ་ཕོངས་ལས་ཐར་ལ་ཉེ་བའི་དབུལ་ཕོངས་བྱ་ཡུལ་ལ་སྡེ་བ་རང་ནས་དབུལ་ཐར་འཆར་གཞི་བཀོད་པ་དང་། ཁྱིམ་ཚང་རེ་རེར་དབུལ་སྐྱོར་བྱེད་ཐབས་གཏན་འཁེལ་བྱས་ཏེ། “ཁང་པ་ལས་པ་དང་གནས་སྤོ་བ། ལས་ཞུགས། འགན་སྲུང་། ཆ་སྡེབ། ཕྱིར་འབུད”བཅས་ནི་གནས་གཞན་དུ་སྤོ་བའི་དབུལ་སྐྱོར་བྱ་བའི་ནང་དོན་གལ་ཆེན་དང་གནད་འགག་ཏུ་བརྩིས་ནས་གནས་གཞན་དུ་སྤོ་བའི་དབུལ་སྐྱོར་བྱ་བ་ཁྱོན་ཡོངས་ནས་སྐུལ་འདེད་བྱས། སྐྱེ་ཁམས་ཕྱུགས་ལས་དང་ཁྱད་ལྡན་ཁེ་ལས་གཙོ་བོ་སོགས་ལ་བརྟེན་ནས་དབུལ་ཕོངས་འབྲོག་ཁྱིམ་གྱི་ཁེ་ཕན་ལྷན་འབྲེལ་ནང་རྐྱེན་འཐུས་ཚང་དུ་བཏང་བ་དང་། སྐྱེ་ཁམས་ཕྱུགས་ར་དང་ཁེ་ལས་གཙོ་བོ། མཉམ་ལས་ཁང་དང་ཞིང་ཁྱིམ་གླིང་སོགས་དཔེ་དབྱིབས་སྣ་ཚོགས་ཁྱབ་གདལ་བྱས་ནས་འབྲོག་པའི་འཚོ་བའི་ཆུ་ཚད་ཇེ་རྒྱས་ཇེ་ལེགས་སུ་བཏང་།
ཆུ་དམར་ལེབ་རྫོང་གིས་ཁག་བགོས་ནས“སྐོར་གཅིག་ཅན་བཅུ”ཡི་དབུལ་ཐར་འགག་སྒྲོལ་བྱ་སྤྱོད་ཀྱི་ལོ་འཁོར་མོའི་ལག་བསྟར་འཆར་གཞི་དང“དབུལ་སྐྱོར་ལས་རིགས་བཅུ་གཉིས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་བྱ་བའི་འཆར་གཞི”གཏན་འཁེལ་བྱས། དབུལ་སྐྱོར་གསར་གཏོད་ཀྱི་ཟླ་སྒྲིལ་རོགས་སྐྱོར་དང་མཉམ་དུ་འབྱོར་འབྲིང་དུ་སྐྱོད་པའི་སྡེ་སྡོད་རོགས་སྐྱོར་ཟུང་དུ་སྦྲེལ་བའི་བྱ་བའི་ནང་རྐྱེན། རྫོང་ཡོངས་ཀྱིས“རྫོང་རིམ་པའི་མགོ་ཁྲིད་པས་སྡེ་བ་དང་འབྲེལ་གཏུག་བྱེད་པ་དང་། གོང་རིམ་པའི་ལས་བྱེད་པས་སྡེ་བར་རོགས་སྐྱོར་བྱེད་པ། ལས་བྱེད་པ་དཀྱུས་མས་ཁྱིམ་ཚང་ལ་འགན་གཙང་ལེན་བྱེད་པ”བཅས་ཀྱི་བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས་དབུལ་ཁྱིམ་དབུལ་ཕོངས་ལས་ཐར་བའི་ཚད་གཞི་དངོས་འབེབས་ནན་མོ་བྱས།
མིག་སྔར་གནད་ཁེལ་དབུལ་སྐྱོར་ཐོན་ལས་ཀྱི་དབུལ་སྐྱོར་ལས་གཞིའི་མ་དངུལ་ལས་ཁ་སོ་དྲུག་ཅན་གྱི་མ་མོ་དང་ཚེར་མོའི་རིགས་ལུག་ཁྲི་གཅིག་ལྷག་ཉོས་ཏེ། ཡིག་ཚགས་ལས་ཡོད་པའི་དབུལ་ཁྱིམ་རེར་ལུག་དྲུག་རེ་བགོས་པ་དང་། ཉིས་སྟོང་བཅུ་བདུན་ལོར་བརྟན་བརླིང་ངང་དབུལ་ཕོངས་ལས་ཐར་བའི་དམིགས་འབེན་མངོན་དུ་བསྒྱུར་བར་ཁག་ཐེག་བྱས། འགྲིམ་འགྲུལ་དང་ཆུ་བེད། ཕྱུགས་ལས། སློབ་གསོ་སོགས་ཞིང་འབྲེལ་མ་དངུལ་ཧྲག་སྡེབ་བྱས་ཏེ་ཚང་མ་དབུལ་ཕོངས་ལས་ཐར་བའི་སྡེ་བ་དྲུག་ཏུ་བཏང་ནས་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་པ་རེད།
རྩོམ་སྒྲིག་པ། སྐར་མ་མཚོ།