ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཧུར་བརྩོན་གྱིས་བསྐྱོད་པ།
2017.10.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་སྟེང་། འདི་ནི་ལོ་རྒྱུས་ཀྱི་དེབ་ཐེར་དུ་འགོད་པའི་དུས་སྐབས་ཞིག་སྟེ། “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་བསྐྱོད་པ་དང་། འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་གསར་བ་ཡིན། ”ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྟེང་འཛམ་གླིང་ཡོངས་ལ་གཟབ་ནན་གྱིས་ཁྱབ་སྒྲོག་བྱས་དོན། དུས་རབས་གསར་བར་བསྐྱོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་སྔར་ལས་མཐོན་པོར་སྒྲེང་བ་དང་། དུས་རབས་གསར་བར་བསྐྱོད་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་མདུན་ལྗོངས་སྔར་ལས་འོད་སྟོང་ལྡན་པ་ཞིག་ཡིན། བརྡར་གཅོད་གལ་ཆེན་ཞིག་སྟེ། དུས་ཡུན་རིང་བོའི་འབད་བརྩོན་བརྒྱུད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་བསྐྱོད་པ་དང་། འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་གསར་བ་ཡིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བར་ཞུགས་པའི་ཧྲང་ཧེ་འཐུས་ཚབ་ཚོགས་པའི་འཐུས་མི་རྣམས་བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར་ལ་བསྡད་པ་དང་། ཁོ་ཚོ་དུས་ཚོད་བཞི་ལྷག་འགོར་རྗེས་པེ་ཅིན་དུ་ཐོན།

ཟླ་གཅིག་མ་འགོར་བའི་སྔོན་ལ། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་དེ་པེ་ཅིན་ནས་ཧྲང་ཧེ་བར་གྱི་མྱུར་བགྲོད་ལྕགས་ལམ་སྟེང་དུས་ཚོད་གཅིག་རིང་ལ་སྤྱི་ལེ་སུམ་བརྒྱ་ལྔ་བཅུའི་མྱུར་ཚད་ལ་བགྲོད་ཐུབ་པ་བྱུང་བ་དེས་ཡང་བསྐྱར་འཛམ་གླིང་སྔོན་གྲལ་གྱི་ཀྲུང་གོའི་མྱུར་ཚད་གསར་སྐྲུན་བྱས།  ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི། ཀྲུང་གོ་ལྕགས་ལམ་ཁྲང་ཁྲོན་འཁོར་ལམ་འགྲུལ་སྐྱེལ་མ་རྐང་ཚད་ཡོད་ཀུང་ཟིའི་མཐོ་རིམ་ལག་རྩལ་པ་ལི་བན་ཅོན་གྱིས་བཤད་རྒྱུར། ངས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་དེ་གཞན་གྱི་རྗེས་འདེད་མཁན་ནས་སྔོན་དུ་བསྐྱོད་མཁན་དུ་གྱུར་བར་བདེན་དཔང་བྱས་པ་དང་། གཞི་རྩའི་རྩ་དོན་ནི་ང་ཚོ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རང་བདག་གསར་སྐྲུན་གྱི་ལམ་བུ་གསར་བར་བསྐྱོད་པ་དེ་ཡིན་ཟེར།  “བཅིངས་འགྲོལ་རྟགས་ཅན”གྱི་རླངས་སྒུལ་རླངས་འཁོར་ནས“ཤར་རླུང་རྟགས་ཅན”གྱི་ནང་འབར་རླངས་འཁོར། དེ་ནས“ཧྲའོ་ཧྲན་རྟགས་ཅན”གྱི་གློག་སྒུལ་རླངས་འཁོར་ནས་“འཆམ་མཐུན་རྟགས་ཅན”གྱི་མྱུར་བགྲོད་མེ་འཁོར། དེ་ནས་བསྐྱར་དར་རྟགས་ཅན་དུ་རིམ་བཞིན་འཕེལ་བ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལག་ལེན་དང་གྲུབ་འབྲས་ཀྱི་བསྡུས་གཟུགས་ཤིག་ཡིན་པ་དང་། ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་ལ་རེ་སྙེག་བྱེད་པ་ཡང་མཚོན་ཐུབ། ཁ་ཕྱོགས་ཀྱིས་བགྲོད་ལམ་ཐག་གཅོད་བྱེད་པ་དང་། བགྲོད་ལམ་གྱིས་ལས་དབང་ཐག་གཅོད་བྱེད།  1982ལོའི་ཟླ9བར། བློ་མཐུན་ཏིན་ཞོ་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྟེང་“གསར་སྐྲུན་རང་བཞིན་ལྡན་པའི་མར་ཁེ་སི་རིང་ལུགས་ཀྱི་ཡོངས་ཁྱབ་བདེན་དོན་དེ་རང་རྒྱལ་གྱི་བྱེ་བྲག་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། རང་ཉིད་ཀྱི་འཕེལ་རྒྱས་ལམ་ཕྱོགས་སུ་བསྐྱོད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་དགོས”པའི་གསར་གཏོད་རང་བཞིན་གྱི་དགོངས་གཞི་བཏོན། དུས་དེ་ནས་བཟུང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་ཏང་གི་སྐབས་རེ་རེའི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་བྱ་བ་གཙོ་བོ་ཞིག་ཏུ་གྱུར་བ་དང་། དེ་ནི་ང་ཚོ་ཏང་དང་རྒྱལ་ཁབ་ཀྱི་གཞུང་ལུགས་དང་ལག་ལེན་ཡོད་ཚད་ཀྱི་བརྗོད་བྱ་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་སྣེ་ཁྲིད་དེ་མདུན་བསྐྱོད་བྱེད་པར་སྐུལ་མ་བྱེད་པའི་དར་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་ཞིབ་འཇུག་ཚན་ཁག་གཉིས་པའི་ཀྲུའུ་རིན་ཧོང་ཡུས་པེན་གྱིས་བཤད་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་ལ་སྣེ་ཁྲིད་བྱེད་ཐུབ་པ་བྱུང་བ་དེའི་གནད་འགག་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་དེ་ཀྲུང་གོའི་དངོས་ཡོད་གནས་ཚུལ་དང་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་པས་ཡིན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་བགྲོད་ལམ་སྟེང་བསྐྱོད་དེ། སྟོབས་དང་ལྡན་པའི་ཚེ་སྲོག་གི་ནུས་ཤུགས་མངོན་དགོས་ཟེར།

ཐོག་མའི་སེམས་འདུན་མི་བརྗེད་པར་དུས་དང་རྣམ་པ་ཀུན་ཏུ་འབད་བརྩོན་བྱེད་དགོས།    ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། འཛམ་གླིང་གི་གནས་བབ་ལ་སྙོམས་སྒྲིག་ཆེན་པོ་བྱུང་བ་དང་། ཀྲུང་གོའི་འཕེལ་རྒྱས་ལའང་འགྱུར་ལྡོག་གཏིང་ཟབ་མོ་བྱུང་། ང་ཚོ་ཏང་གིས་ངེས་པར་དུ་དུས་རབས་ཀྱི་བརྗོད་གཞི་གལ་ཆེན་ཞིག་ལ་ལན་འདེབས་དགོས་པ་སྟེ། ཇི་ལྟ་བུའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཇི་ལྟར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཐུབ། དཀའ་སྡུག་གདོང་གིས་བསུས་ནས་ཡར་ཐོན་གྱི་ལམ་ཕྱོགས་བཏོད་དགོས།  ལོ་ལྔའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་སྐྱོང་སྲིད་སྐྱོང་གི་རླབས་ཆེན་ལག་ལེན་ལས་དྲི་བར་ལན་བསྐྱོན་ཡོད་པ་སྟེ། དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་བརྒལ་གཏོར་ཆེན་པོ་བྱུང་ཡོད་ཅིང་། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་དེ་གོམ་སྟབས་སྔར་ལས་ཆེན་པོ་སྤོས་ཡོད་ལ། བསམ་བློའི་རིག་གནས་འཛུགས་སྐྲུན་འཕེལ་རིམ་གལ་ཆེན་དུ་སླེབས་ཡོད་པ་དང་། མི་དམངས་ཀྱི་འཚོ་བར་མུ་མཐུད་དུ་ལེགས་བཅོས་ཐོབ་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅིང་། དམག་དར་དམག་སྟོབས་ལ་རྣམ་པ་གསར་བ་ཕྱེས་པ། ཞང་ཀང་དང་། ཨོ་མིན། ཐེ་ཝན་བྱ་བར་འཕེལ་རིམ་གསར་བ་བྱུང་ཡོད་ལ། ཕྱོགས་ཡོངས་ནས་ཕྱི་འབྲེལ་བཀོད་སྒྲིག་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་བྱེད་པའི་གྲུབ་འབྲས་མངོན་གསལ་བླངས་ཡོད།

ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི། ཀྲུང་དབྱང་གུང་གཞོན་ཚོགས་པ་སློབ་གྲྭའི་དགེ་རྒན་བཱན་ཙི་ཙི་ཡིས་བཤད་རྒྱུར། ལོ་ལྔ་བོ་འདི་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡིན་ལ། དུས་ཡུན་རིང་བོར་ཐག་གཅོད་བྱེད་བསམ་ཡང་ཐག་གཅོད་བྱེད་མ་ཐུབ་པར་ལུས་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱས་པ་དང་། སྔ་མོ་ནས་སྒྲུབ་བསམ་ཡང་སྒྲུབ་མ་ཐུབ་པར་ལུས་པའི་དོན་དག་གལ་ཆེན་བསྒྲུབས་ཟིན་པས། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ནས་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་མངོན་འགྱུར་བྱུང་། ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། བློ་མཐུན་ཞི་ཅིན་ཕིང་གིས་གཟབ་ནན་གྱིས་ཁྱབ་སྒྲོག་བྱས་དོན། དུས་ཡུན་རིང་བོའི་འབད་བརྩོན་བརྒྱུད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་བསྐྱོད་པ་དང་། འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་གསར་བ་ཡིན། ལོ་ལྔའི་སྦྱོང་བརྡར་མདུན་སྐྱོད་བྱས་པའི་གྲུབ་འབྲས་ནི་ཕྱོགས་ཡོངས་དང་གསར་སྐྲུན་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། ལོ་ལྔའི་ཧུར་བརྩོན་རྒྱལ་སྐྱོང་བྱས་པའི་བསྒྱུར་བཅོསནི་གཏིང་ཟབ་པ་དང་གཞི་རྩའི་རང་བཞིན་ལྡན་པ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི། ཧྥུའུ་ཅན་ཞིང་ཆེན་ཉིན་ཏི་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་སའེ་ཅོན་གྱིས་བཤད་རྒྱུར། ལོ་ལྔའི་རིང་ལ། ང་ཚོས་བསམ་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། ང་ཚོས་སྒྲུབ་པ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་བསྐྱོད་པར་བདེན་དཔང་བྱས་ཡོད་ཟེར།

ལག་ལེན་ལ་ཕ་མཐའ་མེད་ཅིང་། གཞུང་ལུགས་གསར་སྐྲུན་ལ་དེ་བས་ཀྱང་ཕ་མཐའ་མེད། ལོ་ལྔའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དདྱང་གིས་དཀའ་སྡུག་གིས་གཞུང་ལུགས་འཚོལ་ཞིབ་བྱས་པ་བརྒྱུད། གཞུང་ལུགས་གསར་སྐྲུན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་སྟེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་གཞི་རྩའི་འཐབ་ཇུས་ཀྱི་གཅིག་གྱུར་སྣེ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱིའི་ལས་འགན་དང་། དུས་རབས་གསར་བའི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་སྒྲིག་དང་འཐབ་ཇུས་བཀོད་སྒྲིག་བཅས་གཏན་ཁེལ་གསལ་བོ་བྱས།  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ལ་ཉན་རྗེས། མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕྱིར་ཡོང་བཞིན་པའི་འཐུས་མི་ཡའོ་མེ་ཕིང་གིས་ཡིད་སེམས་རབ་ཏུ་འགུལ་བའི་ངང་ནས་བཤད་རྒྱུར། ང་ཚོའི་ཏང་གིས་མངོན་གསལ་དོད་པོའི་སྒོ་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་བཏོན་པ་དེའི་ནང་ཏང་ཡོངས་ཀྱི་བློ་གྲོས་འདུས་ཡོད་ལ། མི་དམངས་ཀྱི་རེ་བའང་བསྟུན་ཡོད། དེ་ནི་ཏང་གི་གཞུང་ལུགས་ཀྱི་གསར་སྐྲུན་གལ་ཆེན་ཞིག་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་བ་ཞིག་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ལས་དོན་གསར་སྐྲུན་གྱི་རྣམ་པ་གསར་བའི་ལམ་སྟོན་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་མི་དམངས་སྔར་ལས་འོད་སྟོང་འབར་བའི་མ་འོངས་པའི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་མཁན་ཞིག་ཏུ་འགྱུར་ངེས་ཡིན་ཟེར།

དུས་རབས་ཀྱི་རླབས་རྒྱུན་མདུན་དུ་བསྐྱོད་བཞིན་ཡོད་པ་དང་། གཞུང་ལུགས་གསར་སྐྲུན་ལ་ནམ་ཡང་རྫོགས་མཐའ་མེད།   ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ལི་ཅོན་རའོ་ཡིས་བཤད་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་སྟེང་བྲིས་ཡོད་ལ། འཛམ་གླིང་མི་དམངས་ཀྱི་ཡར་ཐོན་ལོ་རྒྱུས་སྟེང་ཀྱང་བྲིས་ཡོད་པས། ང་ཚོས་ངེས་པར་དུ་འདི་འདྲའི་འཚོལ་སྙེག་དགོས་ལ། འཚོལ་སྙེག་འདི་མངོན་འགྱུར་བྱེད་ཐུབ་པ་ཡང་ཁོ་ཐག་ཡིན་ཟེར།  ངོས་ཟིན་གཏིང་ཟབ་མོ་ཞིག་ཡོད་པ་ནི། “འགྱུར”དང་“མི་འགྱུར”གྱི་རྩོད་སྒྲུབ་འབྲེལ་བའི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་ཐོག་མའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་ཐོག་མའི་དངོས་ཡོད་གནས་ཚུལ་ལ་རྐང་ཚུགས་དགོས། “དེང་གི་བུད་མེད་ཡུས་ཀོང་”ཞེས་མཚན་སྙན་ཐོགས་པའི་ཀོས་ཀྲིག་གྲོང་ཁྱེར་ལོ་ཏེན་རྫོང་མཱ་ཧའེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། འཐུས་མི་ཏཱིན་ཡུན་ཞང་གིས་ལོ་བཅུ་གསུམ་གྱི་རིང་ལ། སྡེ་མིའི་སྣེ་ཁྲིད་དེ་རི་སྐེད་དུ་ས་ཕྱོགས་གཞན་ལ་བགྲོད་སའི་ཕུག་ལམ་ཞིག་བཏོད། ཏཱིན་ཡུན་ཞང་གིས་བཤད་རྒྱུར། ཕུག་ལམ་བཏོད་པ་དེ་ནི་དབུལ་སྐྱོར་མཁྲེགས་གཏོར་བྱས་ནས་འབྱོར་འབྲིང་གི་ལམ་དུ་བསྐྱོད་པའི་གོམ་པ་དང་པོ་ཡིན། སྡེ་བའི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྡེ་མིའི་ཡོང་སྒོ་ཇེ་མང་དུ་གཏོང་བར་ད་དུང་བསམ་བློ་མང་པོ་གཏོང་དགོས། གནད་དོན་འདི་ཡང་དང་ཐོག་ཕུག་ལམ་བཏོད་བསམ་པ་ལས་ཀྱང་སླ་མོ་ཞིག་གཏན་ནས་མ་ཡིན་ཟེར། ཀྲུང་གོའི་ཁྱད་ཆོས་ཀྱི་དུས་རབས་གསར་བར་བསྐྱོད་པ་དང་། འགྱུར་དང་མི་འགྱུར་གྱི་རྩོད་སྒྲུབ་འབྲེལ་བ་ཁོང་དུ་ཆུད་པར་བྱས་ན། ཀྲུང་གོའི་འཕེལ་རྒྱས་ཀྱི་ལམ་ཕྱོགས་སྔར་ལས་གསལ་བོ་དང་མདུན་ལྗོངས་སྔར་ལས་འོད་སྟོང་ལྡན་པ་ཞིག་ཏུ་འགྱུར་སྲིད།
འགྱུར་ལྡོག་ནི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ཡིན་པ་སྟེ། 1956ལོར། ཏང་གི་ཚོགས་ཆེན་ཐེངས་བརྒྱད་པ་ནས་བསྟན་དོན། ང་ཚོ་རྒྱལ་ནང་གི་འགལ་བ་གཙོ་བོ་ནི་མི་དམངས་ཀྱིས་དཔལ་འབྱོར་རིག་གནས་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དེ་དེང་སྐབས་ཀྱི་དཔལ་འབྱོར་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱིན་མེད་པའི་བར་གྱི་འགལ་བ་དེ་ཡིན།

1981ལོར། ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་བསྟན་དོན། རང་རྒྱལ་གྱིས་ཐག་གཅོད་བྱེད་དགོས་པའི་འགལ་བ་གཙོ་བོ་ནི། ཉིན་རེར་གོང་འཕེལ་འབྱུང་བཞིན་པའི་མི་དམངས་ཀྱི་དངོས་པོའི་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་དབར་ཚུད་པའི་འགལ་བ་དེ་རེད། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་པ་ནས་བཅོས་སྒྱུར་སྒོ་འབྱེད་དང་། དེ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བ་ཞིག་ཏུ་སླེབ་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཁྲོད་བྱུང་བ་རེད། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྟེང་བསྟན་དོན། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེར་གོང་འཕེལ་འགྲོ་བཞི་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་དང་། དོ་མཉམ་དང་འཐུས་ཚང་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་དེ་ཡིན། “འགྱུར་བ་གཙོ་བོ་དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་བར་རེ་བ་གསར་བ་གང་མང་བཏོན་པར་མ་ཟད། ང་ཚོས་སྟོབས་ཤུགས་ཡོད་རྒུས་སྔར་ལས་ལྷག་པའི་སྒོ་ནས་་ཐབས་ཤེས་གལ་ཆེན་ལག་བསྟར་བྱེད་པ་དང་། སྔར་ལས་ཀྱང་ཕན་ནུས་ཡོད་པའི་བྱེད་ཐབས་འདོན་སྤྲོད་བྱས་ཏེ། རིམ་པ་མང་པོའི་མི་དམངས་ཀྱི་ཡིད་ཚིམ་པར་བྱེད་པ་དང་། ཚད་མཐོ་བའི་རེ་བ་ཡོངས་འགྲུབ་བྱེད་པར་འབད་པ་བྱས་ནས། མངའ་ཁོངས་དང་། མཁར་གྲོང་། ཡོང་སྒོ་བགོ་བྱ་རྒྱག་པ་སོགས་ཀྱི་དོ་མཉམ་མིན་པའི་འཕེལ་རྒྱས་དང་། འཐུས་མི་ཚང་བའི་གནད་དོན་སྐོར་ལ་ཐག་གཅོད་བཟང་པོ་བྱེད་དགོས”ཞེས་རྒྱབ་ཁབ་གློག་དྲ་ལའོ་ཉིན་གློག་ཤུགས་ཀུང་ཟིའི་ཏུང་ཧྲི་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཐཱན་ཧོང་འུན་འཐུས་མི་ཡིས་དེ་ལྟར་བཤད་བྱུང་།  འགྱུར་བ་མེད་པ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཁྲོད་ཀྱི་ལོ་རྒྱུས་དུས་རིམ་སྟེ། རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དམིགས་ཚད་ལ་བལྟས་ན།རང་རྒྱལ་དཔལ་འབྱོར་གྱི་སྤྱིའི་ཚད་གཞི་ འཛམ་གླིང་གི་ཨང་རིམ་གཉིས་པའི་ཚད་བསླེབས་ཡོད་མོད། འོན་ཀྱང་འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་། ཕན་འབྲས་ཚད་མི་མཐོ་བ། གསར་སྐྲུན་ནུས་ཤུགས་མི་འདང་བ། དངོས་ཕུང་དཔལ་འབྱོར་ཆུ་ཚད་ད་དུང་ཇེ་མཐོར་གཏོང་དགོས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ལྕི་ལ་རྒྱང་རིང་བ། དམངས་ཚིས་མངའ་ཁོངས་ཆུང་བ་སོགས་ཀྱི་གནས་ཚུལ་སྔར་བཞིན་གནས་ཡོད། ཀྲུང་གོ་འཛམ་གླིང་གི་ཁྲོད་གནས་པའི་བར་སྟོང་ཁྲོད་བལྟས་ན། རང་རྒྱལ་གྱིས་ནམ་ཡང་འཛམ་གླིང་ཁྲོད་ཆེས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གོ་གནས་ཟིན་ཡོད་པ་དེར་ནམ་ཡང་འགྱུར་བ་མེད། རང་རྒྱལ་གྱི་ཆ་སྙོམས་མི་འབོར་གྱིས་རྒྱལ་དམངས་ཐོན་སྐྱེད་སྤྱིའི་ཐོན་རིན་ཨ་སྒོར་སྟོང་བརྒྱད་ལས་བརྒལ་ཡོད་ནའང་། འོན་ཀྱང་། ཨ་རི་དང་། འཇར་མན། འཇར་ཕན་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བའི་དུས་མཇུག་གི་ཆུ་ཚད་དང་འདྲ་ཞིང་། ངལ་རྩོལ་ཐོན་སྐྱེད་ཆུ་ཚད་ཀྱང་འཛམ་གླིང་ཆ་སྙོམས་ཆུ་ཚད་དང་འདྲ་མཚུངས་ཡིན། འགྱུར་མི་སྲིད་པ་གཉིས་ཀྱིས་ང་ཚོར་མདུན་བསྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ལས་བསྟན་དོན།  ཏང་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་རྒྱབ་ཁབ་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་དངོས་ཡོད་གནས་ཚུལ་སྲ་བརྟན་གྱིས་རྐང་ཚུགས་པར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ཚེ་སྲོག་གི་ལམ་བུ་དང་། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ལམ་བུའི་ཏང་གི་གཞི་རྩའི་ལམ་ཕྱོགསད་་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་འགོ་ཁྲིད་དང་མཐུན་སྒྲིལ་བྱས་ནས། དཔལ་འབྱོར་འཛུགས་སྐྲུན ། རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ། རང་སྟོབས་ནུས་པ་འདོན་སྤེལ་བྱེད་པ། དཀའ་སྤྱད་གསར་སྐྲུན་བཅས་བྱས་ཏེ། རང་རྒྱལ་ནི་འབྱོར་ཕྱུག་དང་། དམངས་གཙོ། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་འབྱོར་རྒྱལ་ཁབ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་འབད་པ་བྱེད་དགོས།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི།ཧྲན་ཏུང་ཞིང་ཆེན་ཏུན་ཡུན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཧྲིན་ཀྲང་ཡུག་གིས་བསྟན་དོན།འགྱུར་དང་མི་འགྱུར་བའི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་དགོས་ན། གཞུང་ལུགས་ཀྱི་རང་སྟོན་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། འཐབ་ཇུས་ཀྱི་གཙོ་གནད་ཀྱང་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་རྦ་རླབས་དང་འགྲོགས་ནས་རྒྱང་དུ་སྐྱོད་པར་ཁག་ཐེག་བྱེད་དགོས་ཟེར། འོད་སྟོང་ལྡན་པའི་མདུན་ལྗོངས ་ཞིག་སྟེ།  “ང་ཚོས་ལོ་རྒྱུས་སྟེང་གི་དུས་སྐབས་ཡོད་དོ་ཅོག་དང་ཉེ་བར་བཅར་ཏེ། སྔར་ལས་ལྷག་པའི་གདེང་ཚོད་དང་ནུས་ཤུགས་ཡོད་པའི་སྒོ་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་གྱི་སྟེང་གོམ་སྟབས་ཆེན་པོ་སྤོ་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།  ཟླ10བའི་ཚེས18ཉིན། ཏང་གི་འཐུས་མི་སྐྱོད་སའི་བགྲོད་ལམ་སྟེང་དུ། རྒྱལ་ཁབ་ཕྱི་ནང་གི་སྨྱ་བྱེད་མི་སྣར་ཁ་གཏད་མཇལ་ནས། འཐུས་མི་མཁའ་སྐྱོད་པ་ཅིན་ཧེ་ཕིན་གྱིས་སྤོབས་པ་དང་སྙིང་སྟོབས་ཆེན་པོའི་སྒོ་ནས་དེ་ལྟར་བཤད། རླབས་ཆེན་གྱི་གྲུབ་འབྲས་ཡོད་ཚད་འབད་འཐབ་ཀྱི་མཇུག་འབྲས་ཡིན་ལ། རླབས་ཆེན་གྱི་ལས་དོན་ཡོད་ཚད་ནི་སྔར་སྲོལ་རྒྱུན་འཛིན་ཁྲོད་སྐུལ་འདེད་གཏོང་དགོས། དཀའ་སྡུག་དང་ཀྱག་ཀྱོག་ཁྲོད་ནས་ལམ་དུ་ཆས་པའི་ཀྲུང་གོ་གུང་ཁྲན་ཏང་གི་མི་ཡིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དེ་ཕྲག་ཏུ་བབ་པའི་གཟི་བརྗིད་ཀྱི་འོས་འགན་ཞིག་ཡིན། སྟོབས་འབྱོར་ཆེ་ཡང་ཆོག་ལ་ཆུང་ཡང་རུང་། ལེགས་པའི་ལམ་དུ་སོང་ཡང་མ་སོང་རུང་། ཐོག་མའི་སེམས་འདུན་མི་འགྱུར། ཕམ་པའི་མགོ་བོ་མི་དུད། “ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་ཀྱི་གོམ་མཚམས་ལྷོད་མ་མྱོང་བར་ཁྱད་འཕགས་ཀྱི་ཉམས་མྱོང་གསོག་ཉར་བྱས་ཡོད། ཀྲུང་གོར་ཡོང་ནས་ལོ་བཞི་འགོར་བའི་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་ཅི་ཉི་སའོ་ཧྥུ་ཡིས་ཀྲུང་གོའི་ཁྱབ་ཁོངས་ཀྱི་ས་ཁུལ་སོ་སོའི་མགྱོགས་མྱུར་འཕེལ་རྒྱས་ལ་བདེན་དཔང་བྱས་ཡོད།   ཁོས་ཚོགས་ཆེན་ཐེངས་བཅུ་དགུ་བའི་རྗེས་སུ་ཀྲུང་གོའི་དཔལ་འབྱོར་བཅོས་སྒྱུར་ཐད་ནས་མུ་མཐུད་དུ་སྒུལ་ཤུགས་གསར་བ་ལེན་པར་རེ་བ་བཅངས་ཡོད། དེ་ནི་ཀྲུང་གོ་གཅིག་པུའི་དཔལ་འབྱོར་གྱི་མདུན་ལམ་ལ་འབྲེལ་བ་ཡོད་པར་མ་ཟད།འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྱི་ལས་དབང་དང་ཁ་འབྲལ་ཐབས་མེད་ཟེར།

བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་སུ། ང་ཚོའི་ཏང་གིས་“གོམ་རིམ་གསུམ” ་གྱི་འཐབ་ཇུས་དམིགས་འབེན་བཏོན་པ་དང་། མི་དམངས་ཀྱི་ཁ་རྒྱབ་གནད་དོན་ཐག་གཅོད་བྱེད་པ་དང་། མི་དམངས་ཀྱི་འཚོ་བ་སྤྱི་ཆ་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཆུ་ཚད་དུ་བསླེབ་པར་གོང་གི་དམིགས་འབེན་འདི་གཉིས་མངོན་འགྱུར་བྱེད་པའི་རྨང་གཞིའི་སྟེང་། ང་ཚོའི་ཏང་གིས་ཡང་བསྐྱར་“བརྒྱ་ལོ་གཉིས་ཀྱི”འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རེ་བ་བཏོན། དུས་ད་ལྟ་ནས་ཚོགས་ཆེན་ཐེངས་ཉི་ཤུ་བའི་བར་ནི་བརྒྱ་ལོ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་གཏོང་བའི་ལོ་རྒྱུས་ཀྱི་རྩིས་སྤྲོད་དུས་རིམ་ཡིན། མི་འགྱང་པར་གནད་འགག་གི་དུས་སྐབས་སུ་ཐོན་ལ་ཉེ་བའི་སྐབས་འདིར། ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ཡིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཁྲོད་འཐབ་ཇུས་ཀྱི་བཀོད་སྒྲིག་གསར་བ་བྱས་ཡོད་པ་སྟེ། དུས་རིམ་དང་པོ་ནི་2020ལོ་ནས་2035ལོའི་བར་དུ་གཞི་རྩའི་སྟེང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱུང་བ། དུས་རིམ་གཉིས་པ་ནི2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་རང་རྒྱལ་ནི་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན ། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་པ། “འདི་ཡིས་ང་ཚོའི་ཏང་གིས་སྔོན་ཆད་བཏོན་པའི་བརྒྱ་ལོ་གཉིས་ཀྱི་དམིགས་འབེན་ལོ་བཅོ་ལྔའི་སྔོན་ཏུ་ཡོངས་འགྲུབ་བྱས་པ་མཚོན་ཞིང་། དུས་རིམ་གཉིས་པའི་བརྒྱ་ལོ་གཉིས་ཀྱི་དམིགས་འབེན་གསར་བ་མངོན་འགྱུར་བྱས་པའི་རྗེས་སུ། ཀྲུང་གོ་དངོས་སུ་ཡར་ལང་པ་དང་། ཕྱུག་པོར་གྱུར་བ། སྟོབས་ལྡན་དུ་གྱུར་བ་ རེད”ཅེས་པེ་ཅིན་འཛུགས་སྐྲུན་བཟོ་སྐྲུན་སྡེ་ཚན་གྱི་འཐུས་མི་ཐཱན་ཧྲང་ཅན་གྱིས་རེ་བས་ངང་དེ་ལྟར་བཤད་བྱུང་། ཀྲུང་གོའི་ཕུགས་འདུན་ནི་མི་རེ་རེའི་ཕུགས་འདུན་ཡིན་ལ། གལ་ཏེ་མཛེས་སྡུག་ལྡན་པའི་ཕུགས་འདུན་ཞིག་ཡོད་ན། འོད་སྟོང་ལྡན་པའི་ལྗོངས་རིས་གསར་བ་ཞིག་ཡོད་ངེས་ལ། ལྗོངས་རིས་གསར་བ་མངོན་འགྱུར་བྱེད་བསམ་ན། འགྱུར་མེད་འབད་འཐབ་ཀྱི་དམིགས་འབེན་གསར་བ་ཡོད་དགོས།  ཐཱིན་ཀི་ལས་ལྷོ་ཕྱོགས་ཀྱི་བྱེ་ཐང་ཁྲོད་དུ། ཧྭང་ཧཱ་ཐཱན་ཟེར་བའི་ས་ཆ་ཞིག་ཡོད། གནས་དེའི་སྤྱི་ལེ་གྲུ་བཞི་མ་280ས་མཚམས་ཀྱི་ཁྱིམ་མཚེས་ས་ཆར་ཡང་རྩྭ་ཆུ་མེད་པའི་མྱ་ངམ་ཐང་ཡིན་མོད། ད་སྐབས་གནས་དེར་དབུལ་སྐྱོར་གནས་སྤོར་སྡོད་དམངས་ཀྱི་ཁྱིམ་ཚང་གསར་བ་སྐོར་ཞིག་ཡོང་ནས་ཕྱུག་པོར་ཆགས་ཏེ། ཉི་འོད་ཀྱི་གསེབ་ཏུ་བསྟར་བསྒྲིགས་པའི་ཁང་ཁྱིམ་ནི་བྱེ་མའི་གྲི་གཟིངས་ཤིག་དང་འདྲ་བར་གྲལ་དག་ཅིང་། འཇམ་ཅག་གེར་གནས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་མཐུས་མི། ཀན་སུའུ་ཀོའུ་ལང་རྫོང་ལུག་མིག་མེ་ཏོག་ཐང་སྐྱེ་ཁམས་སྤོར་མི་རྒྱུན་མཐུད་ཐོན་ལས་ཆེད་ལས་མཉམ་ལས་ཁང་གི་ཏང་ཨུ་ཧྲིའུ་ཅི་ཧོའུ་ཧྲན་ཀྲུང་གིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་ཐར་ཕྱུག་འགྱུར་གྱི་བྱེད་སྟངས་ནི་གཞན་དང་མི་མཚུངས་པ་ཞིག་རེད། ཧོའུ་ཧྲན་ཀྲུང་གིས་ཞིབ་རྩིས་བྱས་པ་ལྟར་ན། “མིག་སྔར་ལུག་མིག་མེ་ཏོག་ཐང་སྡེ་བར་ལུག་གསོ་ཕྱུགས་སྤྱི་ཁང་སྟོང་གཉིས་དང་བདུན་བརྒྱ་ཉི་ཤུ་ལྷག་ཡོད་ལ། ཉི་འོད་དྲོད་ཁང་མུའུ་དོན་དྲུག་ཡོད་པ་དང་། དཔལ་འབྱོར་ནགས་ར་མུའུ་དྲུག་བརྒྱ་ལྷག་ཡོད། ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི་བཅུ་ཡན་གྱི་ཁྱིམ་ཚང་བགྲང་ལས་འདས། ཏང་གིས་ལས་དོན་མཐའ་དག་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནས་མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས་བྱེད་པའི་བར་དང་། འཕེལ་རྒྱས་ཁྲོད་དུ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་ནས། མི་དང་རང་བྱུང་ཁམས་བར་གྱི་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་པ་བཅས་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་མཐུས་མི་འམ། ཉིན་ཞ་ཡན་ཁྲི་རྫོང་བང་ལེ་ཅིན་ཞང་ཚིན་ཅིས་ཧྥིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲུའུ་ཡུའུ་གོ་ཡིས་བཤད་རྒྱུར། “དུས་རབས་གསར་བའི་ནང་ཅི་ཞིག་སྒྲུབ་དགོས་པར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་དུ་‘རྒྱུན་འཁྱོངས་ཞེས་པའི་མིང་ཚིག་འདི་ཐེངས་བཅུ་བཞི་བཏོན་ཡོད།ཆེས་གཞི་རིམ་ས་ཁུལ་གྱི་ཏང་གི་མཐུས་མི་ཞིག་ཡིན་པས་ཆ་ནས་གཞི་རྩའི་ཐབས་ཇུས་དག་ནི་ང་ཚོའི་རྗེས་ཕྱོགས་ཀྱི་བྱ་བ་སོ་སོའི་ཁ་ཕྱོགས་ཡིན།ལྷག་པར་དུ་རང་ཉིད་ཀྱིས་‘མི་དང་རང་བྱུང་ཁམས་བར་གྱི་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་པའི་ངེས་ཤེས་ནི་མཛེས་སྡུག་གི་ཚིན་ཅིས་ཧྥིན་སྡེ་བར་འཛུགས་སྐྲུན་ལེགས་པོ་བྱེད་རྒྱུ་དེ་ཡིན” ཞེས་བསྟན། འཕེལ་རྒྱས་ནི་ནམ་ཡང་རྫོགས་མཐའ་མེད་ལ། འབད་འཐབ་བྱེད་པར་འཛད་མཐའ་མེད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི། ནམ་ཡང་ལྷོད་ཡངས་དང་ཁ་གཡང་སྒྲོག་པ་ཙམ་གྱིས་མངོན་འགྱུར་བྱེད་མི་ཐུབ།ཏང་ཡོངས་ཀྱིས་ངེས་པར་ཏུ་དཀའ་ངལ་ཁྱད་དུ་བསལ་ནས་ཧུར་བརྩོན་བྱེད་དགོས། འཁོས་ཆུང་ངན་ངོན་གྱི་འབྲིང་རིམ་ཡོང་སྒོ་ལས་བརྒལ་ཏེ་ཁེ་ཕན་སྲ་མཁྲེགས་ལས་ཐོལ་བརྒལ་བྱུང་བ་དང་།རྙོག་འཛིང་གི་ཁོར་ཡུག་ལ་ཁ་གཏད་ནས་རླབས་ཆེན་གྱི་དམིགས་འབེན་དང་ཐག་ཉེ་བར་བཅར་ན་བཟོད་སྲན་ངང་དཀའ་ངལ་གྱིས་ཅི་ཙམ་གང་ཡང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་རླབས་ཆེན་ངང་རྒྱལ་ངེས། ངེས་པར་དུ་རྒྱུན་ཆད་མེད་པར་གནད་དོན་དང་དཀའ་གནད་དག་རྩ་གཏོར་གཏོང་དགོས།

ཀྲུང་གོའི་བྱ་བ་ལེགས་པོར་བསྒྲུབ་དགོས་ན་གཙོ་བོར་ཏང་ལ་ཐུག་ཡོད། ཏང་ཡོན་བྱེ་བ་བརྒྱད་དང་ས་ཡ་དགུ་ལྷག་ཡོད་པའི་ཏང་ཆེན་པོ་དང་མི་དམངས་དུང་ཕྱུར་བཅུ་གསུམ་ལ་མགོ་ཁྲིད་དེ་བཅོས་བསྒྱུར་སྒོ་འབྱེད་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྲིད་འཛིན་ཞིག་གིས་ཅི་ལྟར་བྱས་ན་གསར་གཏོད་ནུས་ཤུགས་དང་གོང་བུ་གཅིག་སྒྲིལ་གྱི་ནུས་ཤུགས། འཐབ་འཛིང་གི་ནུས་ཤུགས་བཅས་སྲུང་འཛིན་བྱས་ཏེ།སྲིད་འཛན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་སྲིད་འཛིན་གྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས། ཏང་གིས་འཛམ་གླིང་གི་གནས་བབ་འགྱུར་ལྡོག་ཟབ་མོ་འབྱུང་བཞིན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་འགྲོ་བར་འགན་ལེན་བྱེད་དགོས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་སྲོག་ཤིང་ཡིན་པར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་ཞེས་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ་ནང་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་ནས་ཁྱོན་ཡོངས་ནས་ཏང་ནན་མོའི་སྐྱོང་བ་དེ་སྔར་བཞིན་ལམ་དུ་ཡོད།ཏང་གིས་གསར་འཛུགས་བྱས་པའི་རླབས་ཆེན་བཟོ་སྐྲུན་གཏིང་ཟབ་དུ་འགྲོ་བ་དང་བསྟུན་ནས། ང་ཚོའི་ཏང་གིས་ངེས་པར་དུ་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེ་བའི་འཐབ་རྩོད་བྱས་ནས་རླབས་ཆེན་བྱ་བཞག་ལ་སྐུལ་འདེད་དང་རླབས་ཆེན་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་དགོས་ཞེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་མཐུས་མི་འམ་ཅང་ཞི་ཞིང་ཆེན་ཅིན་ཀང་རི་བོའི་གྲོང་ཁྱེར་གྱི་ཏང་ཨུ་ཧྲུའུ་ཅི་ལིག་ཧུང་གིས་དེ་ལྟར་བཤད། འགན་འཁྲིས་འགན་ཁུར་ཕྲག་ཏུ་ལེན་ཕོད་པར་འབོད་སྐུལ་དང་། འགན་འཁྲིས་མ་འོངས་བར་སྣེ་ཁྲིད་བྱེད་དགོས། མི་དམངས་ཀྱི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས་སྟོང་ཟད་དུ་མི་གཏོང་བ་དང་། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་ཞིག་བདམས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག་ཏུ། ཏང་གི་སྟོབས་ལྡན་གྱི་དབུ་ཁྲིད་དང་། འབད་འཐབ། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་བུ་དང་བུ་མོས་ལ་རྒྱུན་ཆད་མེད་པར་འབད་བརྩོན་ལྷོད་མེད་བྱེད་པར་སྐུ་བཏང་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཕུ་ཐག་བཅད་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ལ་རླབས་ཆེན་གྱི་རྒྱལ་ཁ་ལེན་དགོས།

 ལོ་ཙཱ་བ། ཚེ་རིང་སྒྲོལ་མ། སྟོབས་ལྡན་རྒྱལ། སྐར་མ་འཚོ།