འབད་བརྩོན་ལྷོད་མེད་གྱིས་དུས་རབས་ཀྱི་ལེའུ་འབྲི།
2017.10.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། ལོ་རྒྱུས་རང་བཞིན་ཅན་གྱི་ཉིན་མོ་ཞིག
ཉིན་དེའི་ཞོགས་པར། མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ལམ་དུ་རང་ཞིང་ནས་ཐོན་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་མཐུས་མི་རྣམ་པ་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་མཐུས་མི་སྟོང་གཉིས་དང་སུམ་བརྒྱ་དང་མཉམ་དུ་ཆར་བ་ཟམ་ཟིམ་ཁྲོད་ཚོགས་རའི་ནང་དུ་འགྲོ་མགོ་བརྩམས།

མ་འོངས་པའི་ཉིན་བདུན་གྱི་རིང་ལ། ཁོ་ཚོས་ཏང་ཡོན་བྱེ་བ་བརྒྱད་དང་ས་ཡ་དགུ་ལྷག་དང་། གཞི་རིམ་གྱི་ཏང་རྩ་འཛུགས་ས་ཡ་བཞི་དང་འབུམ་ལྔ་ལྷག་གི་ཚབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བར་ཞུགས་ནས་ཏང་དང་རྒྱལ་ཁབ་ཀྱི་མ་འོངས་པའི་འཕེལ་རྒྱས་དང་འབྲེལ་བའི་གནད་དོན་གལ་ཆེན་རབ་དང་རིམ་པར་བགྲོ་གླེང་དང་ཐག་གཅོད་བྱེད་རྒྱུ་རེད།

དུས་ཚོད་དགུ་ཡི་སྟེང་། འཛམ་གླིང་ཀྲུང་གོའི་དུས་ཚོད་དུ་འཁེལ་ནས་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

འཐུས་མི་རྣམས་ཀྱིས་ཡུན་རིང་བོའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་སྙན་ཞུ་སྟེགས་བུའི་ཐོག་ཕེབས་ནས་ཚོགས་ཆེན་བཅུ་དགུ་བར་ཞུགས་པའི་མཐུས་མི་རྣམས་པ་དང་། ཀྲུང་གུང་ཏང་ཡོན་བྱེ་བ་བརྒྱད་དང་ས་ཡ་དགུ་ལྷག་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་ལ་བྱ་བའི་སྙན་ཞུ་ཕུལ།

ཐོག་མའི་སེམས་མདུན་མི་བརྗེད་པ་དང་། ལས་འགན་སེམས་ལ་བརྟན་པོར་བཅངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་བཅད་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་བྱུང་བར་འབད་བརྩོན་ལྷོད་མེད་བྱེད་དགོས།

“ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཕྱོགས་ཡོངས་དང་གསར་བརྩོན་རང་བཞིན་ཡིན་ལ། ལོ་ལྔའི་རང་གི་བསྒྱུར་བཅོས་ནི་གཏིང་རིམ་ཅན་དང་རྩ་བའི་རང་བཞིན་ཞིག་ཡིན།”

“དུས་ཡུན་རིང་བའི་འབད་བརྩོན་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་ཞུགས་པ། འདི་ནི་རང་རྒྱལ་འཕེལ་རྒྱས་སུ་འགྲོ་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་བ་ཡིན། ”

“ཏང་ཡོངས་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་གྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས། བྱ་བ་སོ་སོའི་ཁྲོད་དུ་ཁྱོན་ཡོངས་དང་དྲང་བདེན་གྱིས་ལག་བསྟར་བྱེད་དགོས། ”

ཡིག་འབྲུ་ཁྲི་གསུམ་ལྷག་གི་སྙན་ཞུ་དང་དུས་ཚོད་གསུམ་ལྷག་གི་ཚོགས་ཆེན་ལ་ཐལ་མོའི་རྡེབ་སྒྲ་མཐོ་ནས་མཐོ་རུ་ཕྱིན།

ཐལ་མོའི་རྡེབ་སྒྲ་དེ་ནི་ཏང་སེམས་དང་དམངས་ཀྱི་འདོད་བློའི་མཚོན་བྱེད་ངོ་མ་ཡིན།

ཐལ་མོའི་རྡེབ་སྒྲ་དེ་ནི་སེམས་ཐག་གཙང་བཅད་ཀྱིས་ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་དང་ཡིད་ཆེས་ཡིན།

ཐལ་མོའི་རྡེབ་སྒྲ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་དགའ་འབོད་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་ཀྲང་ཨེ་དཔུང་གིས་བཤད་རྒྱུར། འདས་པའི་ལོ་ངོ་ལྔའི་རིང་ང་ཚོའི་རྒྱལ་ཁབ་ལ་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་ཆེན་པོ་བྱུང་ལ། ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་དེས་མི་སེམས་ལ་སྤོབས་པ་ཆེ་རུ་བསྐྱེད་དུ་བཅུག ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་ཕུ་ཐག་ཆོད་པའི་དུང་བརྡ་གསལ་བོར་བསྒྲགས་ཡོད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱང་སྐྱོད་གསར་བར་གོམ་ཁ་བསྒྱུར་ནས། ང་ཚོར་ཁ་ཕྱོགས་སྔར་ལས་གསལ་བ་དང་ཡིད་ཆེས་སྔར་ལས་ཆེ་བ། སྟོབས་ཤུགས་སྔར་ལས་འཛོམས་པའི་ཚོར་སྣང་ཞིག་སྐྱེ་ཐུབ།

འབྲས་བུ་ལོ་ལེགས་ཀྱིས་གདོང་ལ་འཛུམ་མདངས་རྒྱས་ཤིང་བརྟན་བརླིང་གོམ་སྟོབས་སྔར་བཞིན་སྲ་བརྟན་དུ་གནས། བརྟན་བརླིང་གི་གོམ་པའི་འདེགས་འཇོག་སྔར་ལས་སྲ་བརྟན་ནུས་ལྡན་ཞིག་རེད། སྲིད་ཁྲིམས་སྡེ་ཁག་ནས་ཡོང་བའི་གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་ཁྲིན་ཡོང་ཅེ་ཡིས་བཤད་རྒྱུར། ངས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་སྟེང་ནས་“རྒྱལ་ཁབ་ཁྲིམས་ཀྱིས་ལག་ལེན་གཏིང་ཟབ་དུ་སྤེལ་ནས” ཧུར་ཐག་གིས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དུ་མི་དམངས་མང་ཚོགས་ལ་དྲང་བདེན་ལུགས་མཐུན་གྱི་ཚོར་བ་མྱོང་དུ་འཇུག་རྒྱུ་ཡིན་ཟེར།

“ངས་རང་ཉིད་ཀྱི་ལས་རྐང་སྟེང་ནས་ཏན་ཏན་ཏིག་ཏིག་གིས་སློབ་སྦྱོང་དང་། ནན་ནན་ཏན་ཏན་གྱིས་བྱ་བ་བསྒྲུབ་ནས། དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྐུལ་འདེད་ཀྱི་མཐོ་རླབས་ཁྲོད་དུ་ནུས་པ་ཡོད་ཚད་གང་ལེགས་སྒོས་འདོན་སྤེལ་བྱེད་རྒྱུ་ཡིན།” ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་ལེན་ཡཱ་ལེན་གྱིས་སྤྲོ་སེམས་རབ་ཏུ་འཁོལ་ནས་དེ་ལྟར་བཤད།

ང་ལ་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་ནི་འཚོ་བར་རེ་བ་ཡོད་པ་དང་། ལས་དོན་སྒྲུབ་རྒྱུ་ཡོད་པ། མ་འོངས་པར་འཆར་གཞི་ཡོད་པ་བཅས་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་སོའུ་ཧྲིན་ཁྲིན་གྱིས་བབ་ཆགས་ཀྱི་སྐད་ཆ་དེ་ལ་ཡིད་ཆེས་དང་རང་རློམ། རང་སྟོབས་བཅས་ཀྱིས་ཁེངས་ཡོད།

ལོ་རྒྱུས་ཀྱི་གླེགས་བུམ་འབད་བརྩོན་གྱི་མདུན་དུ་བསྐྱོད་ཁྲོད་བཀྲམས་ཤིང་དུས་རབས་ཀྱི་ལེའུ་འབད་འཐབ་གསར་བའི་ཁྲོད་དུ་གསར་དུ་བྲིས། ལོ་ལེགས་ཁུར་གྱིས་དུད་པའི་གསེར་མདོག་གི་སྟོན་ཟླ་བཅུ་བར། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས་ཡང་བསྐྱར་ལམ་དུ་ཆས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཕུ་ཐག་བཅད་དེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ཐོབ་པར་བརྩོན་ལེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བ་མངོན་འགྱུར་བྱེད་ཆེད་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས།

 

ལོ་ཙཱ་བ། སྐར་མ་འཚོ། སྟོབས་ལྡན་བཀྲ་ཤིས།