ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་དཔྱད་བརྗོད། དུས་ནམ་ཡང་ཏང་འཛུགས་སྐྲུན་གྱི་བླང་བྱ་གསར་བ་ཁོང་དུ་ཆུད་པར་བྱེད་དགོས།
2017.10.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། ང་ཚོའི་ཏང་ལ་ངེས་པར་དུ་རྣམ་པ་གསར་བ་དང་སྤྱོད་ལམ་གསར་བ་དགོས།”ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ལས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཕྱོགས་ཡོངས་ནས་མགོ་བརྩམས་ཏེ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་ལ་སྤྱིའི་རེ་བ་བཏོན་ཡོད་པ་དང་། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ་གཏིང་ཟབ་སྒོས་འཕེལ་རྒྱས་གཏོང་བའི་ཐད་བཀོད་སྒྲིག་གསར་བ་འདོན་པར་སྐུལ་འདེད་བྱས། དེས་ང་ཚོའི་ཏང་གིས་རང་ཉིད་གསར་བརྗེ་དང་གཟབ་ནན་སྒོས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆུ་ཚད་མངོན་གསལ་དང་གང་ལེགས་སྒོས་མཚོན་པར་བྱས་ཡོད་པ་དང་། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱས།

ཏང་འཛུགས་སྐྲུན་གྱི་བླང་བྱ་གསར་བ་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱེད་དགོས་ན། ལག་ལེན་གྱི་འཕེལ་རིམ་དང་ཟུང་འབྲེལ་བྱས་ཏེ་བསམ་གཞིགས་གཏོང་དགོས་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་བསམ་བློའི་ཤེས་ཚོར་ཇེ་དྲག་ཏུ་གཏོང་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པ་དང་། ནུས་ཤུགས་ཡོད་དགུས་མི་དམངས་མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པ་དང་ཏང་གི་སྲིད་སྐྱོང་རྨང་གཞིར་འཇིགས་སྐུལ་ཆེས་ཆེ་བའི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་སབ་སོབ་རྣམ་པ་རྩ་བ་ནས་བསྒྱུར་བ་དང་། སེམས་ཤུགས་དང་གཤིས་ཀ་བརྟན་པོས་སྲོལ་བསྲིང་ཁྲིམས་གཅུན་དང་། རུལ་རྒོལ་ཉེས་གཅོད་བྱས་ཏེ། ཏང་ནང་གི་ཆབ་སྲིད་འཚོ་བ་རྒྱུན་ཆད་མེད་པར་གཙང་མར་བསྒྱུར་ནས། ཏང་ལ་གསར་བརྗེ་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ནས་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་སུ་འཇུག་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ལས་ཏང་གི་འཛུགས་སྐྲུན་ལོ་རྒྱུས་ཀྱི་ཉམས་མྱོང་དང་འདས་ཟིན་པའི་ལོ་ལྔའི་རིང་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ཉམས་མྱོང་གསར་བ་བསྡུ་ལེན་གང་ལེགས་བྱས་ཡོད་པ་དང་། དུས་རབས་གསར་བ་དང་འགན་འཁྲི་གསར་བ་གཞིར་བཟུང་ནས་རེ་བ་གསར་བ་བཏོན་ཡོད་ལ། ང་ཚོའི་ཏང་གིས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་མར་ཁེ་སི་རིང་ལུགས་སྲིད་ཏང་འཛུགས་སྐྲུན་ཆོས་ཉིད་འཚོལ་ཞིབ་དང་མུ་མཐུད་དུ་གཏིང་ཇེ་ཟབ་ཏུ་བཏང་བ་དང་། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་སྤྱོད་ཚུལ་མངོན་གསལ་དང་ཆོད་སེམས་བརྟན་པོ་མཚོན་ཡོད།

ཏང་འཛུགས་སྐྲུན་གྱི་བླང་བྱ་གསར་བ་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱེད་དགོས་ན། ང་ཚོའི་ཏང་གིས་དུས་རབས་གསར་བའི་ལོ་རྒྱུས་འགན་འཁྲི་ལ་དམིགས་ནས། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་གཟབ་ནན་སྒོས་སྐྱོང་བ་དེ་ཏང་གི་དུས་ཡུན་རིང་བོའི་སྲིད་སྐྱོང་གི་གཞི་རྩའི་རེ་བ་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གཞི་རྩའི་འགན་ལེན་ཡང་ཡིན། བྱ་བ་གང་ཞིག་བསྒྲུབ་ན་ཐོག་མར་རང་ཉིད་ལ་སྟོབས་ཤུགས་ལྡན་པར་བྱེད་དགོས། དུས་རབས་གསར་བར་ཞུགས་རྗེས། རླབས་ཆེའི་འཐབ་རྩོད་དང་རླབས་ཆེའི་བཟོ་སྐྲུན། རླབས་ཆེའི་ལས་དོན། རླབས་ཆེའི་ཕུགས་འདུན། འབྲེལ་བ་དམ་ཟབ། ཕན་ཚུན་ཁོང་དུ་ཆུད་པ། ཕན་ཚུན་ལ་བྱེད་ནུས་ཐེབས་པ་བཅས་ཐག་གཅོད་རང་བཞིན་ཁྲོད་ཀྱི་བྱེད་ནུས་ནི་ཏང་འཛུགས་སྐྲུན་གྱི་རླབས་ཆེའི་བཟོ་སྐྲུན་གསར་བ་ཞིག་རེད། ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་འགན་འཁྲི་ཁུར་དུ་ལེན་དགོས་ན། ངེས་པར་དུ་གཡོ་འགུལ་སྤུ་ཙམ་མེད་པ་རྒྱུན་འཁྱོངས་དང་ཏང་གི་མགོ་ཁྲིད་འཐུས་ཚང་དུ་གཏོང་དགོས། ཏང་འཛུགས་སྐྲུན་གྱི་ཐད་སྟོབས་ཤུགས་སྔར་ལས་ལྡན་པ་དང་གཡོ་འགུལ་སྤུ་ཙམ་མེད་པར་བྱེད་དགོས་ལ། ཐོག་མཐའ་བར་གསུམ་དུ་ཏང་དུས་རབས་ཀྱི་སྔོན་དུ་བསྐྱོད་པར་ཁག་ཐེག་བྱས་ཏེ། དུས་ནམ་ཡིན་ཡང་རྒྱལ་ཡོངས་མི་དམངས་ཀྱི་སྲོག་ཤིང་དུ་འགྱུར་དགོས་ལ། མགོ་ཁྲིད་ཀྱི་སྲོག་ཤིང་བརྟན་པོར་འགྱུར་དགོས།

ཏང་འཛུགས་སྐྲུན་གྱི་བླང་བྱ་གསར་བ་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱས་ཏེ། བསམ་གཞིགས་ཀྱི་གོ་རིམ་ལེགས་པོར་སྤྱོད་དགོས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཚན་རིག་བཀོད་སྒྲིག་གཏིང་ཟབ་སྒོས་རྟོགས་དགོས། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་ནི་གཞི་རྩའི་རྩ་དོན་དང་ཁ་ཕྱོགས་རེད། ཏང་གི་དུས་ཡུན་རིང་བོའི་སྲིད་འཛིན་ནུས་པ་འཛུགས་པ་དང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་ནི་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་གཙོ་གནད་རེད། ཏང་གི་ཆབ་སྲིད་འཛུགས་སྐྲུན་ཏེ་གཙོ་གནད་ཡིན་པ་དང་། ཕུགས་འདུན་ཡིད་ཆེས་དང་དམིགས་ཡུལ་སྲ་བརྟན་དུ་གཏོང་བ་དེ་གཞི་རྩར་བརྩི་བ། ཏང་ཡོངས་ཀྱི་བརྩོན་སེམས་དང་རང་རྟོགས། གསར་སྐྲུན་གྱི་རང་བཞིན་སྐུལ་སློང་བྱེད་པ་དེ་མགོ་རྩོམ་སར་བརྩིས་ནས། ལག་ལེན་གྱི་ཉམས་མྱོང་གསལ་སྟོན་བྱས། ཕྱོགས་ཡོངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློའི་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། ཀུན་སྤྱོད་ལེགས་སྤེལ། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བྱས་ཏེ། འཛུགས་སྐྲུན་ལམ་ལུགས་ཏེ་དེའི་ཁྲོད་དུ་ཁྱབ་པར་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ཏེ། ཏང་གི་འཛུགས་སྐྲུན་སྤུས་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་། ཕྱོགས་སོ་སོའི་འཛུགས་སྐྲུན་འགན་འཁྲི་གསལ་བོ་བྱས། ཏང་འཛུགས་སྐྲུན་ཏེ་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་སྔོན་གྲས་སུ་བསྐྱོད་པ་དང་། མི་དམངས་ལ་སེམས་གཏིང་ནས་བརྩི་བཀུར་བྱེད་པ། རང་ཉིད་གསར་བརྗེ་བྱེད་ཕོད་པ། ཉམས་སད་སྣ་ཚོགས་ཐེག་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཛུགས་སྐྲུན་བྱས་ཏེ། དུས་རབས་གསར་བའི་ཏང་འཛུགས་སྐྲུན་གྱི་སྤྱིའི་དམིགས་འབེན་གཏན་འཁེལ་བྱས།

ཏང་གི་འཛུགས་སྐྲུན་གྱི་བླང་བྱ་གསར་པར་ངོས་འཛིན་ཟབ་མོ་བྱེད་དགོས་ན། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱས་ཏེ། མུ་མཐུད་དུ་ལག་ལེན་ཁྲོད་ནས་ཁྱོན་ཡོངས་ཞེས་པ་དང་གཟབ་ནན་ཞེས་པ་གཉིས་དངོས་འབེབས་བྱེད་དགོས། ང་ཚོའི་ཏང་གི་མདུན་དུ་གནས་པའི་སྲིད་འཛིན་ཁོར་ཡུག་ནི་རྙོག་འཛིང་ཡིན་པ་དང་། ཏང་གི་སྔོན་ཐོན་རང་བཞིན་ལ་གནོད་སྐྱེལ་བ་དང་ཏང་གི་ལྷད་མེད་རང་བཞིན་ཇེ་ཞན་དུ་གཏོང་བའི་རྒྱུ་རྐྱེན་ཡང་རྙོག་འཛིང་ཡིན་ལ། ཏང་ནང་དུ་གནས་པའི་བསམ་བློ་རྣམ་དག་མིན་པ་དང་རྩ་འཛུགས་རྣམ་དག་མིན་པ། ཀུན་སྤྱོད་རྣམ་དག་མིན་པ་སོགས་ཀྱི་འབུར་ཐོན་གནད་དོན་ད་དུང་རྩ་བ་ནས་ཐག་བཅད་མེད་པ་བཅས་ངེས་པར་དུ་གསལ་པོར་ཤེས་དགོས། ཏང་གི་མདུན་དུ་གནས་པའི་སྲིད་འཛིན་གྱི་ཚོད་བགམ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ཚོད་བགམ། ཁྲོམ་རའི་དཔལ་འབྱོར་གྱི་ཚོད་བགམ། ཕྱི་ཕྱོགས་ཁོར་ཡུག་གི་ཚོད་བགམ་བཅས་ཀྱི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་གསལ་པོར་ཤེས་པར་བྱེད་པ་དང་། ཏང་གི་མདུན་དུ་གནས་པའི་བསམ་བློ་སྒྱིད་ལུག་གི་ཉེན་ཁ་དང་། ནུས་པ་ཉམས་ཞན་གྱི་ཉེན་ཁ། མང་ཚོགས་དང་ཁ་གྱེས་པའི་ཉེན་ཁ། ལེ་ལོ་རུལ་སུངས་ཀྱི་ཉེན་ཁ་བཅས་ཀྱི་ཛ་དྲག་རང་བཞིན་དང་ཚབས་ཆེན་རང་བཞིན་གསལ་པོར་ཤེས་པར་བྱས་ཏེ། ཏང་དོ་དམ་དང་བཅས་སྐྱོང་བྱེད་པའི་བྱ་བ་དམ་དུ་འཛིན་དགོས། ལངས་ཕྱོགས་གསལ་པོས་ཆབ་སྲིད་གཙིགས་སུ་འཛིན་པའི་རྩ་བའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། ཏང་ཡོངས་ཀྱིས་ཀྲུང་དབྱང་གི་བཀའ་ལ་ཉན་པར་ཁག་ཐེག་གིས་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕུགས་བསམ་དང་ཡིད་ཆེས་བརྟན་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་ཏང་ཡོངས་ལ་དྲག་ཆས་སྤྲས་དགོས་ཤིང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དེ་འཐབ་འཛིང་གི་བཙན་རྫོང་དུ་བསྐྲུན་དགོས་ལ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྲོལ་བསྲིང་ཁྲིམས་གཅུན་བྱས་ཏེ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཐད་དུ་མཐོ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ལ། མར་ཁེ་སི་རིང་ལུགས་ཀྱི་སློབ་སྦྱོང་རྣམ་པའི་སྲིད་ཏང་འཛུགས་སྐྲུན་བྱས་ཏེ། སྲིད་འཛིན་ནུས་པ་དང་འགོ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས།
ཀྲུང་གོའི་ལས་དོན་ལེགས་པོར་སྒྲུབ་པའི་གནད་འགག་ཏང་ལ་ཐུག་པ་དང་། རླབས་ཆེན་གྱི་ལས་དོན་ལ་ངེས་པར་དུ་སྟོབས་དང་ལྡན་པའི་ཏང་གིས་མགོ་ཁྲིད་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་ཀྱི་འོག བློ་བརྟན་འགྱུར་མེད་དགོས་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་། ཏང་འཛུགས་སྐྲུན་གྱི་རླབས་ཆེའི་བཟོ་སྐྲུན་གསར་བ་གཏིང་ཟབ་ཏུ་སྐུལ་འདེད་བྱས་ཏེ། ཏང་ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་གནས་ཤིང་མཉམ་དུ་བྱ་བཞག་སྒྲུབ་ཏེ། བློ་གཅིག་སེམས་གཅིག་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།