མགོ་ལོག་གི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་དང་ཡུན་རིང་བདེ་འགོད་ཀྱི་རྣམ་པ་བཟང་བོ་འཕེལ་རྒྱས་དང་སྲ་བརྟན་དུ་གཏོང་དགོས།
2017.10.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

“འདི་ནི་བརྗིད་ཉམས་ཆེན་པོ་ལྡན་པ་དང་བརྗོད་བྱ་གཏིང་ཟབ་པ། ཁ་ཕྱོགས་ངེས་གཏན་ཡིན་པ། སྔར་སོང་རྒྱུད་འཛིན་དང་མ་འོངས་གསར་གཏོད་ཀྱི་སྙན་ཞུ་བཟང་བོ་ཞིག་རེད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལ་ངེས་ཤེས་ཟབ་མོ་དང་ཁོང་དུ་ཆུད་པར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་གོ་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས”ཞེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མིའམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།

བུའུ་ཡུས་ཀྲང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་ཁུལ་གྱིས་ཀྲུང་དབྱང་བོད་ཁུལ་བྱ་བའི་རྩ་དོན་དང་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། བཅོས་སྐྱོང་དང་ཞབས་ཞུ་མཉམ་འཛིན་བྱེད་པ་དང་། དམངས་ཕྱུག་དང་དམངས་བདེ་མཉམ་སྤེལ་བྱེད་པ། རྩེ་གྲས་འཆར་འགོད་དང་བྱེ་བྲག་གི་དངོས་འབེབ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཁུལ་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱ་བ་ཇེ་དྲག་ཏུ་བཏང་བ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཀྱི་གནས་ཚུལ་མུ་མཐུད་དུ་སྲུང་འཛིན་བྱས་པས། རིགས་སོ་སོའི་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་སྲ་བརྟན་དུ་བཏང་།

“གོ་རིམ་རྗེས་མར། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཡི་སྙན་ཞུའི་ཁྲོད་བཏོན་པའི‘ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་པའི’རེ་བ་ལྟར། ‘འདུ་ཤེས་བཞི’སྲ་བརྟན་དུ་གཏོང་བ་དང་། བརྟན་ཤུགས་སྲུང་འཛིན་བྱེད་པ་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། སློབ་སྦྱོང་མཐའ་འཁྱོལ་དང་བྱ་བ་ཟུང་འབྲེལ་ལ་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དངོས་འབེབ་བྱེད་པ་དང་། ནུས་ཤུགས་ཡོད་དགུས་གནད་ཕིགས་དབུལ་སྐྱོར་བྱ་བ་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ། དམངས་ཚིས་བདེ་སྐྱིད་གོང་སྤེལ། ‘པད་མའི་ཉམས་མྱོང’ལེགས་བཟོ་བྱེད་པ་སོགས་བྱ་བ་གཙོ་བོའི་ཁྱབ་ཁོངས་འོག འབད་བརྩོན་ལྷོད་མེད་བྱེད་པ་དང་ཕན་འབྲས་བཙལ་ནས། མགོ་ལོག་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་དང་ཡུན་རིང་བདེ་འགོད་ཀྱི་རྣམ་པ་བཟང་བོ་འཕེལ་རྒྱས་དང་སྲ་བརྟན་དུ་གཏོང་དགོས”ཞེས་བུའུ་ཡུས་ཀྲང་གིས་དེ་ལྟར་བཤད།

བུའུ་ཡུས་ཀྲང་གིས་བཤད་རྒྱུར། “དེའི་ཐད། ང་ཚོས་མུ་མཐུད་དུ་རྨང་གཞི་ལྔ་སྲ་བརྟན་དུ་གཏོང་དགོས།”རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེར་འཕར་སྣོན་འབྱུང་བཞིན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་པའི་འཕེལ་རྒྱས་འགལ་བ་རུ་བསྒྱུར་བ་དམ་འཛིན་བཟང་བོ་བྱེད་དགོས། གཅིག་ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་བོད་ཁུལ་ལ་རྒྱབ་སྐྱོར་བྱེད་པ་དང་། རྗེས་སུ་འཕེལ་རྒྱས་བཏང་བའི་ས་ཁུལ་གྱི་སྲིད་ཇུས་དང་དེ་མིན་ཁ་གཏད་རོགས་སྐྱོར་བྱས་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་གནས་འཛུགས་སྐྲུན་སོགས་གོ་སྐབས་སུ་བརྩིས་ནས་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་དགུས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་མི་འདང་ས་ཁ་གསབ་བྱེད་པ། འཕར་བ་རྗེས་སྣོན་སོགས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་ཕྱུགས་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་གསོ་སྤེལ་དང་རྒྱ་ཇེ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་ཐབས་ལ་བརྟེན་ནས་མགོ་ལོག་གི་གནད་དོན་ཐག་གཅོད་བྱེད་པ། མུ་མཐུད་དུ་མངོན་འགྱུར་བྱེད་པའི་ཡུན་རིང་བདེ་འགོད་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གཉིས་ནི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ནུས་པ་མུ་མཐུད་དུ་ཇེ་ཆེར་བཏང་སྟེ། ནུས་ཤུགས་ཡོད་དགུས་སྤྱི་ཚོགས་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། ཡོང་སྒོ་འཕར་སྣོན་གྱི་འབྲེལ་ལམ་མུ་མཐུད་དུ་རྒྱ་བསྐྱེད་དེ། དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པ་དང་། མང་ཚོགས་ལ་ཞབས་ཞུ་བྱེད་པའི་ནུས་པའི་ཆུ་ཚད་མཐོར་འདེགས་དང་འགན་སྲུང་བྱས་ཏེ། དངོས་གནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་ཚིས་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས། མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་སྐྲུན་བྱ་བ་མུ་མཐུད་དུ་དམ་འཛིན་བཟང་བོ་བྱེད་པ་དང་། བྱེད་ཐབས་གསར་སྐྲུན་དང་ནང་དོན་ཕུན་སུམ་ཚོགས་པ། དཔེ་མཚོན་འདེམས་པ་བཅས་བྱས་ནས། མི་དམངས་ཀྱི་བསམ་བློ་གཅིག་ཏུ་བསྡུས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་སྟེང་། མུ་མཐུད་དུ་ཡུན་རིང་བདེ་འགོད་ཀྱི་མང་ཚོགས་ཀྱི་རྨང་གཞི་མངོན་འགྱུར་བྱེད་དགོས། གསུམ་ནི་མུ་མཐུད་དུ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་དང་ཁྲིམས་ལྟར་ཚད་ལྡན་གྱི་དགོན་སྡེའི་དོ་དམ་ལག་བསྟར་བྱེད་པ། སྣ་མང་བ་དང་རྩད་ཞིབ་ནན་མོ་བྱས་ཏེ་འགལ་བ་འདུམ་འགྲིག་བྱེད་པ། “བདེ་འཇགས་འཛུགས་སྐྲུན”གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་བྱ་བ་གཙོ་བོར་ཡར་སྐུལ་བྱེད་དགོས་པ་དང་། ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་མུ་མཐུད་དུ་སྐུལ་འདེད་བྱས་ཏེ། ཡུན་རིང་བདེ་འགོད་གྱི་ཁྲིམས་སྐྱོང་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་གཏོང་དགོས། བཞི་ནི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྩ་འཛུགས་ནུས་པ་མཐོར་འདེགས་སུ་གཏོང་བ་གཙོ་གནད་དུ་འཛིན་པ་དང་། ཆབ་སྲིད་ནུས་པ་འབུར་དུ་བཏོད་ནས། “ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བའི”སློབ་གསོ་གཙོར་བཟུང་ནས་རྩ་འཛུགས་བྱས་ཏེ་སྤེལ་དགོས་པ་དང་། མུ་མཐུད་དུ“གཞི་གསུམ”འཛུགས་སྐྲུན་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་དམ་འཛིན་བཟང་བོ་བྱས་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་གཞི་རིམ་རྩ་འཛུགས་བཀོད་སྒྲིག་དང་བྱ་འགུལ་སྤེལ་ཐབས་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཏེ་ཏང་གི་ལངས་ཕྱོགས་དྲིལ་སྒྲོག་དང་ཏང་གི་ཐག་གཅོད་ལག་ལེན་མཐར་ཕྱིན་བྱེད་པ། མགོ་ཁྲིད་གཞི་རིམ་དུ་སྐྱོང་བ། མཐུན་སྒྲིལ་སྒོས་མང་ཚོགས་ལ་སྐུལ་སློང་བྱེད་པ། བཅོས་སྒྱུར་འཕེལ་རྒྱས་ཀྱི་འཐབ་འཛིང་བཙན་རྫོང་སྲ་བརྟན་དུ་གཏོང་བར་སྐུལ་འདེད་བྱས་ནས། མུ་མཐུད་དུ་ཡུན་རིང་བདེ་འགོད་ཀྱི་རྩ་འཛུགས་རྨང་གཞི་སྲ་བརྟན་དུ་གཏོང་བ་མངོན་འགྱུར་བྱེད་དགོས། ལྔ་ནི་རིག་གནས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བྱས་ཏེ། སློབ་གསོའི་ཁྲིད་སྟོན་དང་ལག་ལེན་ར་སྤྲོད། ལམ་ལུགས་འགན་སྲུང་བཅས་ཇེ་དྲག་ཏུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་རིགས་སོ་སོའི་མང་ཚོགས་ཀྱི་བརྩེ་སེམས་ཁས་ལེན་དང་བྱ་སྤྱོད་དུ་བསྒྱུར་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འདོན་སྤེལ་བྱེད་པ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་སོགས་བྱ་བའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། དུས་རབས་ཀྱི་ཁྱད་ཆོས་དང་འཕེལ་ཕྱོགས་གཙོ་བོའི་ཁྱད་ཆོས་ལྡན་པའི་མགོ་ལོག་དུས་རབས་ཀྱི་སྙིང་སྟོབས་ཧུར་ཐག་གིས་བསྐྲུན་དགོས་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།