ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་གཟི་འོད། མགོ་བོ་ཡར་དགྱེས་ནས་དུས་རབས་གསར་བར་བསྐྱོད་པའི་བགྲོད་ལམ་སྟེང་ནམ་ཡང་འབད་བརྩོན་ལྷོད་མེད་བྱེད་དགོས།
2017.10.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42
གསེར་ལྡན་སྟོན་གྱི་དུས་ཚིགས་འདིར། གཙང་གསུམ་འབྱུང་ཡུལ་ནས་ཚྭ་འདམ་གཞོང་ས་ཁུལ་དང་། མཚོ་སྔོན་པོའི་འགྲམ་རྒྱུད་ནས་རྩྭ་སའི་ཕྱུགས་རའི་བར་དུ། བསྟུད་མར་ཉིན་འགའི་རིང་ལ། རང་ཞིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལ་མགྱོགས་མྱུར་སྒོས་སློབ་སྦྱོང་བྱེད་པའི་ཚ་རླབས་བསླངས་བ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་མཉམ་དུ་སློབ་སྦྱོང་ལེགས་པོ་བྱེད་པ་དང་། ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད་བཏོན་པའི་བསམ་བློ་གསར་བ་དང་བརྡར་གཅོད་གསར་བ། དམིགས་འབེན་གསར་བ། བྱེད་ཐབས་གསར་བ་བཅས་ལ་གོ་བ་ཟབ་མོ་ལོན་པར་བྱས་ནས། བསམ་བློ་དང་བྱ་སྤྱོད་ཀྱི་ཐོག་ནས་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྲོད་གཅིག་གྱུར་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་དངོས་གཉེར་བྱས་ཏེ། ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་གལ་ཆེན་ལྟར་སེམས་ཤུགས་གཅིག་སྒྲིལ་གྱིས་ལས་སྒྲུབ་ལས་སྐྲུན་བྱེད་པ་དང་། བསམ་ཚུལ་གལ་ཆེན་དང་བྱ་བའི་གྲུབ་འབྲས་ལེགས་པོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཕུ་ཐག་ཆོད་པའི་བྱས་རྗེས་འཇོག་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱེད་དགོས།
བསམ་བློ་གསར་བས་འགན་འཁྲི་གསར་བར་འབོད་སྐུལ་གཏོང་བ།
 
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བཏོན་པའི“དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱོར་མངོན་འགྱུར་བྱེད་ཆེད་འབད་བརྩོན་བྱེད་དགོས་པའི་བྱ་སྤྱོད་ཕྱོགས་སྟོན་ཡིན།”རང་ཞིང་གི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དེ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པའི་བྱ་སྤྱོད་ཕྱོགས་སྟོན་དུ་བསྒྱུར་ནས། འབད་བརྩོན་ལྷོད་མེད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་དགོས།
 
“སྙན་ཞུའི་ནང་ཁ་ཕྱོགས་གསར་བ་དང་བསམ་བློ་གསར་བ། བཀོད་སྒྲིག་གསར་བ། དམིགས་འབེན་གསར་བ”བཅས་བཏོན་ཡོད་ལ། ང་ཚོར་སྙིང་སྟོབས་ཆེར་བསྐྱེད་དང་ཡིད་ཆེས་སྔར་ལས་བརྟན་པོར་བསྩལ་ཡོད་པ་དང་། གཞུང་ལུགས་སྒྲོག་འགྲེལ་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། སྔོན་ལ་སློབ་དགོས་པ་དང་མང་དུ་སློབ་དགོས་པ། གཏིང་ཟབ་མོར་སློབ་དགོས། གོ་རིམ་རྗེས་མར། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཞིང་ཆེན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གཅིག་བསྡུས་སྒོས་སྒྲོག་འགྲེལ་བྱ་འགུལ་སྤེལ་བར་རྩ་འཛུགས་བཟང་བོ་བྱས་ཏེ། ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཚོ་སྔོན་ས་ཁུལ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པོར་བྱེད་དགོས་ལ། གཞུང་ལུགས་སྒྲོག་འགྲེལ་མཁན་ལ་ཡོད་དགོས་པའི་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་དགོས་ཞེས་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་ཀའོ་ཡོན་ཧྥུའུ་ཡིས་དེ་ལྟར་བཤད།
 
ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ཐད་གཏོགས་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཀྲང་ཞའོ་པའོ་ཡིས་བཤད་རྒྱུར། སྙན་ཞུའི་ནང་དུས་རབས་གསར་པར་རྒྱུན་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཇུས་གཞི་བཅུ་བཞི་བཏོན་པ་དང་། དེ་ནི་མི་དམངས་མང་ཚོགས་ཀྱི་ལག་ལེན་ཁྲོད་བསྡུ་ལེན་བྱས་པའི་རྒྱལ་སྐྱོང་སྲིད་འཛིན་གྱི་བློ་གྲོས་དང་ཉམས་མྱོང་རེད། ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས། ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་ཆེར་བསྐྱེད་བྱས་ཏེ། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་མཐའ་འཁྱོལ་བྱེད་དགོས་པ་དང་། འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཞང་ཏང་ཨུའི་ཧྲུའུ་ཅི་འཆི་མེད་ལྷ་མོ་ཡིས་མྱོང་ཚོར་ཟབ་མོས་སྒོ་ནས་བཤད་རྒྱུར། སྙན་ཞུའི་ནང་བསྟན་དོན། 2020ལོར་སླེབས་དུས། རང་རྒྱལ་གྱི་ད་ཡོད་ཚད་གཞིའི་འོག་ཞིང་སྡེའི་དབུལ་ཕོངས་མི་གྲངས་དབུལ་ཐར་བྱེད་རྒྱུ་ཡིན་ལ། དབུལ་ཕོངས་རྫོང་ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་ཐག་གཅོད་བྱས་ནས། རྩ་བ་ནས་དབུལ་ཐར་བྱེད་དགོས་པ་བཏོན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚིག་སྦྱོར་སྙན་ལ་འཇེབ་པས་ང་ཚོའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཧུར་སྐྱེད་སྔོན་བརྩོན་བྱེད་པར་སྐུལ་སློང་བྱས་པ་དང་། དོན་དངོས་བྱ་སྤྱོད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རླབས་ཆེའི་ལས་དོན་ཁྲོད་བཀོལ་སྤྱོད་ཕུ་ཐག་ཆོད་པ་བྱེད་དགོས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་ལའོ་ཁྲང་ཡུས་ཀྱིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུར་ཉན་རྗེས། སྐུལ་ལྕག་ཆེན་པོ་ཐེབས་པ་དང་། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། དུས་རབས་གསར་པའི་ཁྱད་ཆོས་གསར་བ་ཁོང་དུ་ཆུད་པར་བྱས་ནས། ཆབ་སྲིད་ཐད་ཀྱི་བློ་རིག་གསལ་བོ་བྱེད་པ་དང་བྱ་བའི་སྟེང་ལ་ཧུར་ཐག་འབད་ཐག་བྱེད་པ། ལས་གནས་བརྟན་སྲུང་དང་བློ་བརྟན་འགྱུར་མེད་ཀྱིས་ལང་ཚོའི་རྨི་ལམ་གྱི་གཤོག་ཟུང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་བ་དང་སྔར་ལས་མཛེས་སྡུག་འཚོ་བའི་དུས་རབས་ཀྱི་རྒྱང་སྐྱོད་ལམ་བུར་བརྐྱང་སྟེ།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་སྟོབས་ཤུགས་འབུལ་དགོས།
 
ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཚི་ཡུག་སྡོད་ཁུལ་གྱི་ཀྲུའུ་རིན་ཁྲིན་ཧྥུན་ལེན་གྱིས་བཤད་རྒྱུར། གཞི་རིམ་གྱི་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ངས་ཏང་གི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་བྱེད་རྒྱུ་ཡིན་པ་དང་། རང་ཉིད་ཀྱི་བྱ་བ་ནན་ཏན་སྒོས་བསྒྲུབ་ཏེ། བྱ་བའི་སྤྱོད་ཚུལ་ལེགས་པོ་དང་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་སྲུང་འཛིན་བྱས་ནས། རང་ཉིད་ཀྱི་དོན་དངོས་བྱ་སྤྱོད་ཀྱིས་མི་དམངས་ལ་ཞབས་ཞུ་སྒྲུབ་རྒྱུ་ཡིན་པ་དང་། སྡོད་ཁུལ་གྱི་བྱ་བ་སྣ་ཚོགས་ལ་གྲུབ་འབྲས་གསར་བ་ལེན་པར་ཧུར་བརྩོན་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར། 
 
འཕེལ་རིམ་གསར་བར་བྱ་སྤྱོད་གསར་བ་ཡོད་དགོས། 
 
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་བསྟན་དོན། “ དུས་རབས་གསར་བ་འདི་ནི་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད།  ལོ་རྒྱུས་གསར་བའི་ཆ་རྐྱེན་འོག་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་དུས་རབས་ཤིག་ཡིན། ”
 
ལོ་རྒྱུས་གསར་བའི་གོ་གནས་སུ་བསྡད་དེ་ལས་འགན་ལྕི་མོ་ཇི་ལྟར་ཁག་ཁུར་བྱེད་པ་དང་མ་འོངས་འཕེལ་རྒྱས་ལ་ཇི་ལྟར་འཆར་འགོད་བྱེད་རྒྱུ་ནི་རང་ཞིང་གི་ལས་བྱེད་པ་དང་མང་ཚོགས་ཚོས་གྲོས་མོལ་བྱེད་ས་ཞིག་རེད། 
ཧོང་ཀྲུང་རྫོང་ཧྲང་བོའུ་ཀྲོང་གྲོང་རྡལ་པོ་ལིག་སྡེ་བར་སྡོད་པའི“ཧྲུའུ་ཅི་དང་པོ”ཏེ་ཧྭང་གིས་བཤད་རྒྱུར། ལོ་འདི་གཉིས་རིང་གཞི་རིམ་དུ་ཟབ་ཞུགས་བྱས་པ་དང་དབུལ་མཐར་མཁྲེགས་གཏོར་གྱི་བྱ་བའི་ཉམས་མྱོང་དངོས་ལས། ཏང་དང་སྲིད་གཞུང་གིས་ཆེས་དབུལ་བའི་གནད་དོན་ཐག་གཅོད་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ལ་བདེན་དཔང་བྱས་ཡོད། པོ་ལིག་སྡེ་བའི་ཞང་སྡེའི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་སྡེ་བ་ཧྲིལ་བོའི་གནས་སྐོར་ཡོང་འབབ་སྒོར་ས་ཡ་གཅིག་འབུམ་བརྒྱད་དུ་ཐོལ་བརྒལ་བྱུང་། ཞིང་བ་མི་རེ་རེ་གནས་སྐོར་ཡོང་སྒོ་ཆ་སྙོམ་གྱིས་སྒོར་ཉིས་སྟོང་བརྒྱད་བརྒྱར་སླེབས། སྡེ་བའི་རྣམ་པ་ལེགས་བཅོས་ཆེན་པོ་བྱུང་ཡོད་པས།  གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཞིང་པའི་གདོང་གི་འཛུམ་མདངས་མཐོང་དུས་རང་ལའང་དགའ་སྤྲོ་རབ་ཏུ་རྒྱས་སོང་། རྗེས་ཕྱོགས། ང་ཚོའི་དབུལ་མཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ནུས་ཤུགས་མཉམ་འདོན་བྱས་ཏེ། འཕེལ་རྒྱས་དོ་མི་མཉམ་པ་དང་ཕུན་ཚོགས་མི་པའི་གནད་དོན་ནུས་ཡོད་སྒོས་ཐག་གཅོད་བྱེད་རྒྱུ་དང་། སྡེ་བ་ཡོངས་ཀྱི་སྣེ་ཁྲིད་དེ་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་འདྲེས་བྱས་ཏེ་མཉམ་དུ་འབྱོར་ཕྱུག་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར། 
 
ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ནན་ཁྲོན་ནུབ་ལམ་གྱི་ཧྥོའུ་ལེའི་སྲང་ལམ་གྱི་ལྷོ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྥིན་ཅོན་ཧྥང་གིས་བཤད་རྒྱུར། ཀྲི་པུའུ་ཧྲུའུ་ཅི་ཞིག་པའི་ཆ་ནས། ངས་ངེས་པར་དུ་སྡོད་ཁུལ་མང་ཚོགས་ལ་ཕན་བདེ་བསྐྲུན་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་ཕུ་ཐག་གཅོད་ཆེད་བྱ་བའི་སྟེང་འབད་པ་བྱས་ཏེ། དུས་སྐབས་གསར་བར་སྡོད་ཁུལ་གྱི་བྱ་བའི་བྱེད་ཐབས་གསར་བ་དང་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ནས་སྡོད་དམངས་ལ་དོན་བཟང་སྒྲུབ་རྒྱུ་དང་། སྡོད་ཁུལ་མང་ཚོགས་ལ་ཞབས་ཞུ་དང་མི་སེམས་གོང་བུར་འགྲིལ་བ། འཆམ་མཐུན་ཡོང་བར་སྐུལ་འདེད་བྱེད་པའི་ནུས་པ་སྔོག་འདོན་བྱས་ནས་སྡོད་ཁུལ་བྱ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་དེ་སྡོད་ཁུལ་གྱི་ཞབས་ཞུའི་རྣམ་པ་གསར་བ་གསར་སྐྲུན་བྱས་ནས་མང་ཚོགས་ལ་བདེ་སྐྱིད་འཚོ་བ་རོལ་ཏུ་འཇུག་རྒྱུ་ཡིན་ཟེར།
 
ཞིང་ཆེན་དམག་ཁུལ་ཆབ་སྲིད་བྱ་བ་ཅུའུ་ཡི་ལས་མི་ཏིན་ཀུ་ཧྭོ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནི་ང་ཚོ་མདུན་སྐྱོད་བྱེད་པའི་དར་ཆ་ཡིན་ལ། བཅའ་སྡོད་དམག་དཔུང་ཡིན་པའི་ཆ་ནས།  ངེས་པར་དུ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ཏེ། གོ་དོན་མཐིལ་རྟོགས་པར་བྱས་ནས་བྱ་བའི་ཁྲོད་བབ་བསྟུན་གྱིས་བཀོལ་སྤྱོད་བྱེད་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་དགོས། དུས་མཉམ་དུ།   “གསར་བརྗེ་སྲོལ་བཟང་རྒྱུད་འཛིན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་སློབ་གསོའི་གཙོ་གནད་”འཁུར་དུ་ལེན་དགོས། དཔོན་དམག་དང་དམངས་དམག་གི་འཐབ་འཛིང་སྙིང་སྟོབས་གསོ་སྐྱོང་བྱས་ཏེ། ཚང་མས་ནམ་ཡང་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་དང་ཏང་གི་བཀོད་འདོམས་ལ་ཉན་ནས་ཏང་དང་མི་དམངས་ཀྱིས་བསྩལ་པའི་དུས་རབས་གསར་བའི་འོས་འགན་ཁུར་དགོས་ཟེར། 
 
སྐམ་དམག་མཚོ་བོད་དམག་དཔུང་ས་ཚུགས་ཀྱི་དཔོན་དམག་ཚོས་སྤྲོ་སེམས་རབ་ཏུ་འཁོལ་པའི་ངང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལ་ལྟ་ཉན་བྱས་པར་མ་ཟད།  དེ་འཕྲད་སློབ་སྦྱོང་དཔྱད་བསྡུར་བྱས། དཔོན་དམག་ཚོས་ལང་ལོང་གིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ནས་“འདུ་ཤེས་བཞི”་སྲ་བརྟན་གྱིས་བཙུགས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྲོག་ཤིང་སྲུང་སྐྱོབ་དང་། སེམས་ཐག་གཙང་བཅད་ཀྱིས་བཀོད་འདོམས་ལ་ཉན་པ། ཆབ་སྲིད་ཀྱི་སྤྲོ་སེམས་དང་ དཔའ་ངར་ཆེར་སྐྱེད་ཀྱི་འཐབ་འཛིང་གི་ནུས་པ་ཁེངས་པར་བྱས་ནས་ཧུར་ཐག་གིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལག་ལེན་ཁྲོད་ཞུགས་ཏེ། ལྷག་བསམ་རྣམ་དག་གིས་ཏང་དང་མི་དམངས་ཀྱིས་བསྩལ་པའི་མཆོག་གྱུར་གྱི་འོས་འགན་ལག་ལེན་དུ་བསྟར་དགོས། 
 
དྲག་ཆས་མཚོ་སྔོན་སྤྱིའི་རུ་ཁག་གིས་བརྙན་འཕྲིན་དང་རྒྱང་སྒྲོག  དྲ་བ་སོགས་ཀྱི་ཐབས་ལམ་མང་བོ་བརྒྱུད་དེ་དཔོན་དམག་ཡོངས་རྩ་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་མཛད་སྒོ་ལ་ལྟ་ཉན་བྱས།  སྤྱིའི་རུ་ཁག་གི་སྡེ་ཁག་ནས་ལས་འགན་སྒྲུབ་པའི་ལས་རྐང་དང་པོའི་བར་དུ།  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལ་དམག་སྒར་རེ་རེའི་ནང་ཚང་མས་དོ་ཁུར་བཟང་བོ་བྱས་ནས། དཔོན་དམག་ཚོས་ལང་ལོང་གིས་བསྟན་དོན། སྔར་ལས་བཟང་བའི་སྒོ་ནས་སྲོག་ཤིང་ལ་སྲུང་སྐྱོབ་དང་མིག་དཔེར་ལྟ་བའི་འདོད་བློ་སྲ་བརྟན་དུ་གཏོང་བ་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་དུ་མདུད་དུ་སྐྱོད་པ། རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། “བརྒྱ་ལོ་གཉིས”་ཀྱི་འབད་ཐབས་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འབུངས་ལྷོད་མེད་བྱེད་དགོས། 
བརྗིད་རྔམ་ལྡན་པའི་ལང་ཚོའི་སྟོབས་ཤུགས་གཅིག་བསྡུས་བྱེད་པ། 
 
“ན་གཞོན་དར་ན་རྒྱལ་ཁབ་དར། ན་གཞོན་སྟོབས་ན་རྒྱལ་ཁབ་སྟོབས།”གཞོན་རབས་པ་དག་ལ་ཕུགས་བསམ་དང་འཇོན་ནུས། འགན་ཁུར་བཅས་ཡོད་ན། རྒྱལ་ཁབ་ལ་ད་གཟོད་མདུན་ལམ་ཡོད་པ་དང་། མི་རིགས་ལ་རེ་བ་ཡོད། ཀྲུང་གོའི་ཕུགས་འདུན་ནི་ལོ་རྒྱུས་དང་དངོས་ཡོད་ཡིན་ལ། མ་འོངས་པའང་ཡིན། ང་ཚོ་མི་རབས་འདིའི་ཡིན་ལ། གཞོན་རབས་དག་གི་དེ་བས་ཀྱང་ཡིན།   ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཐར་གཏུག་ན་གཞོན་རབས་པ་དག་གི་གཅིག་རྗེས་གཅིག་མཐུད་ཀྱིས་འབད་བརྩོན་ཁྲོད་མངོན་འགྱུར་བྱེད་ངེས་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད་གཞོན་རབས་པ་དག་ལ་རེ་བ་ཆེན་པོ་དང་འགན་འཁྲིའི་འོས་འགན་བཅོལ་ཡོད། 
 
མཚོ་སྔོན་གྱི་རྒྱ་ཆེའི་ན་གཞོན་སློབ་མ་རྣམས་ཀྱིས་ལང་ལོང་སྒོས་བསྟན་དོན། ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། སློབ་སྦྱོང་གི་འདུན་པ་ཆེར་བསྐྱེད་པ། ནན་ནན་ཏིག་ཏིག་གིས་སློབ་གཉེར་ལ་བརྩོན་པ།   རང་སྟེང་ནས་གཞིར་བཟུང་སྟེ་གནད་ས་དམ་འཛིན་དང་མི་འདང་ས་ཁ་གསབ། ཞན་ཆ་ལེགས་བསྒྱུར། ཤེས་བྱ་དང་ནུས་རྩལ་སྔར་ལས་མང་པོ་ཁོང་དུ་ཆུད་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་འཕེལ་རིམ་གསར་བར་རྨང་གཞི་བརྟན་པོ་འདིང་དགོས། ལོ་རྒྱུས་ཀྱི་འགན་འཁྲི་སེམས་སུ་དམ་པོར་བཅངས་བ་དང་། སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་མཐོ་ཚད་ནས། རང་ཉིད་ཀྱི་འབད་འཐབ་དམིགས་འབེན་དེ་མེས་རྒྱལ་གྱི་མདུན་ལམ་དང་ལས་དབང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་ཁྲོད་མཉམ་འདྲེས་བྱས་ཏེ། ཚད་ངེས་ཅན་ཞིག་གི་སྟེང་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པ་དང། སྔར་ལས་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད། ལང་ཚོའི་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས།
 
 མཚོ་སྔོན་སློབ་གྲྭ་ཆེན་མོའི་ནོར་སྲིད་དཔལ་འབྱོར་སློབ་གླིང་དཔལ་འབྱོར་རིག་པའི་སྡེ་ཁག་གི2014ལོ་རིམ་གྱི་དཔལ་འབྱོར་རིག་པའི་ཆེད་ལས་སློབ་མ་བྱམས་པ་དངོས་གྲུབ་ཀྱིས་བཤད་རྒྱུར། ལོ་འདི་འགར་ཕ་ཡུལ་གྱི་རི་ཆུ་སྔར་ལས་སྔོ་ཞིང་དྭངས་ལ། མཁའ་དབྱིངས་སྔར་ལས་གཡའ་དག་པ། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བཏོན་པའི་དམངས་ཚིས་དོན་དངོས་བཅུ་ནི་རེ་སྒུག་བྱེད་འོས་པ་ཞིག་ཡིན་ལ། སློབ་ཆེན་པ་ཞིག་གི་ངོས་ནས། ང་རང་ཉིད་ཀྱིས་དྲིན་བཟོ་ཤེས་པ་དང་། འགན་འཁྲི་ཡིད་ལ་དམ་པོར་བཅངས་བ། སློབ་སྦྱོང་གི་འདུན་པ་ཆེར་བསྐྱེད་པ། ནན་ནན་ཏིག་ཏིག་བཅས་ཀྱི་སྒོ་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར། 
 
མཚོ་སྔོན་དགེ་ཐོན་སློབ་ཆེན་མི་གཞུང་སློབ་གླིང2014ལོ་རིམ་གྱི་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་སློབ་མ་ཕིན་ཞན་ཡུང་གིས་བཤད་རྒྱུར། སྙན་ཞུ་ནི་མི་རྣམས་ལ་ཡིད་འགུལ་དང་སྐུལ་ལྕག་ཆེན་པོ་ཐེབས་པ་ཞིག་རེད། འདས་པའི་ལོ་ལྔའི་རིང་གི་བྱ་བར་ཕྱིར་དྲན་བྱས་ཚེ། ང་ཚོར་ངེས་ཤེས་ཟབ་མོ་ཞིག་བྱུང་བ་ནི་མེས་རྒྱལ་སྔར་ལས་སྟོབས་ལྡན་དུ་གྱུར་བ་དང་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དེ་རེད།  མིག་སྔར་ལ་རྐང་བཙུགས་ནས། ང་ཚོས་ཕུགས་བསམ་དང་ཡིད་ཆེས་ཀྱིས་མི་ཚེ་ལ་འོད་སྣང་སྦྱིན་པ་དང་། དངོས་སྒྲུབ་སྙིང་སྟོབས་ཀྱིས་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་ཏེ། ནན་ནན་ཏིག་ཏིག་སྒོས་ང་ཚོའི་མི་རབས་འདིའི་བགྲོད་ལམ་དུ་ལེགས་པོར་བསྐྱོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་རྒྱུ་ཡིན་ཟེར། 
 
  མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག2017ལོ་རིམ་གྱི་རླངས་འཁོར་ཞིག་གསོ་ལག་རྩལ་ཆེད་ལས་སློབ་མ་རིན་ཆེན་དོན་འགྲུབ་ཀྱིས་བཤད་རྒྱུར། རྒྱལ་ཁབ་སྟོབས་འབྱོར་དང་། མི་རིགས་དར་རྒྱས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་ཞུགས། དེང་རབས་ན་གཞོན་ཞིག་གི་ཆ་ནས། ང་ཚོས་སློབ་སྦྱོང་གི་འདུན་པ་ཆེར་བསྐྱེད་པ་དང་། ནན་ནན་ཏིག་ཏིག་དང་གསར་གཏོད་བརྩོན་ལེན་གྱི་སྒོ་ནས། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་ཁྲོད་མི་ཚེའི་ཕུགས་བསམ་མངོན་འགྱུར་བྱེད་པ་དང་། དཀའ་སྤྱད་འབད་བརྩོན་གྱི་ཁྲོད་ནས་མི་ཚེའི་རིན་ཐང་བསྐྲུན་རྒྱུ་ཡིན་ཟེར། 
 
 མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་མཐོ་རིམ་སློབ་འབྲིང་གི་ན་གཞོན་དགེ་རྒན་ལེང་ཡྭ་ཆིན་གྱིས་བཤད་རྒྱུར། སྙན་ཞུ་ལས“མཁར་གྲོང་གི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། ཞིང་སྡེའི་འོས་འགན་སློབ་གསོར་ཚད་མཐོན་པོས་མཐོང་ཆེན་བྱེད་པ། སློབ་སྔོན་སློབ་གསོ་དང་དམིགས་བསལ་སློབ་གསོ། དྲ་ལམ་སློབ་གསོ། མཐོ་འབྲིང་དུས་རིམ་དུ་ཁྱབ་པའི་སློབ་གསོ་བཅས་ལེགས་པོར་བསྒྲུབ་ནས། འབད་བརྩོན་སྒོས་བྱིས་པ་རེ་རེར་འདྲ་མཉམ་ཡིན་ཞིང་སྤུས་ཚད་ལེགས་པའི་སློབ་གསོ་མྱོང་དུ་འཇུག་དགོས་པ”བཏོན་ཡོད་པས། མི་རྣམས་དགའ་འོས་ཞིང་སྐུལ་ལྕག་ཆེན་པོ་ཐེབས་པ་ཞིག་རེད། དུས་རབས་གསར་བའི་ན་གཞོན་ཏང་ཡོན་དང་དགེ་རྒན་ཞིག་ཡིན་པའི་ཆ་ནས། ང་ཚོས་ཕུགས་འདུན་ཡིད་ལ་བཅངས་ནས་སློབ་སྦྱོང་ལ་ཤུགས་སྣོན་བྱས་ནས་འཇོན་ཐང་དང་ནུས་པ་ཇེ་དྲག་ཏུ་བཏང་སྟེ། དོན་ངོ་མའི་ཐོག་ནས་སློབ་མ་སྐྱེད་སྲིང་བྱེད་པའི་འགན་འཁྲི་དང་ལེན་ལེགས་པོ་བྱེད་པ་དང་།  སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར། 
 
ན་གཞོན་གསར་སྐྲུན་མཁན་ཞུས་ཡིས་ཀྱིས་ཡིད་འགུལ་ཐེབས་པའི་ངང་ནས་བཤད་རྒྱུར། སྙན་ཞུའི་ནང་ན་གཞོན་མི་ཚོགས་ལ་རེ་བ་ནན་མོ་བཏོན་པ་དེས་ང་ལ་སྟོབས་ཤུགས་ཆེན་པོ་ཞིག་བསྩལ་བྱུང་ལ། ན་གཞོན་ཞིག་ཡིན་པའི་ཆ་ནས་ཏང་གི་འབོད་སྐུལ་ཧུར་ཐག་སྒོས་དང་ལེན་བྱས་ཏེ། ནན་ནན་ཏིག་ཏིག་དང་དཀའ་སྤྱད་འབད་བརྩོན། ཡར་རྒྱས་བརྩོན་ལེན་བཅས་བྱས་ནས།  རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར ་རང་ཉིད་ཀྱི་ལང་ཚོ་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར། 
 
 དུས་རབས་ཀྱི་དུང་བརྡ་བསྒྲགས་ཤིང་རླབས་ཆེན་ཕུགས་འདུན་གྱི་འབོད་སྐུལ་གྱིས་བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གཅིག་བསྡུས་བྱེད་ཀྱིན་ཡོད། 
 
ལོ་ཙཱ། ཤ་བོ་རིན་འཚོ་། སྟོབས་ལྡན་བཀྲ་ཤིས། སྒྲོལ་མ་སྐྱིད།