མི་སེམས་དྲག་ཏུ་སྐྱོམ་པའི་དུས་རབས་གསར་བའི་འབོད་སྒྲའི་ཁྲོད། བསྟུད་མུར་ཉིན་འགའི་རིང་ལ། མཚོ་སྔོན་འཐུས་མི་ཚོགས་པ་དང་ཚོགས་ཞུགས་མི་སྣ་རྣམས་ཀྱིས་མཉམ་དུ་སྤྲོ་སེམས་འཁོལ་བའི་ངང་བསྟན་དོན། “ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་ཏང་ཡོངས་དང་དམངས་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པའི་འགུལ་སྤྱོད་ཀྱི་ཁ་ཕྱོགས་ཡིན་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་ཡུན་རིང་རྒྱུན་འཁྱོངས་སྒོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་བརྩོན་མདུན་སྤྱོད་དང་། ཡག་ཐོག་ཡག་བརྩེགས་བྱེད་པའི་ཁ་ཕྱོགས་ཡིན།”ཞེས་བསྟན།
འཐུས་མི་རྣམས་ཀྱིས་གཏམ་བཤད་ཁྲོད་བལྟས་ན། འདས་པའི་ལོ་ངོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་གོ་རིམ་ཁྲོད་ཀྱི་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ལ། རང་རྒྱལ་གྱི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་བྱས་ཡོད་པ་དང་། ང་ཚོའི་ཏང་གིས་ཡུན་རིང་བོར་ཐག་གཅོད་བསམ་ཡང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། སྔོན་ཆད་བསྒྲུབ་བསམ་ཡང་བསྒྲུབས་མ་ཐུབ་པར་ལུས་པའི་དོན་ཆེན་མང་པོ་བསྒྲུབས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་གཏན་འཁེལ་དང་ཕྱོགས་སྟོན་སྣེ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པར་སྐུལ་འདེད་བཏང་ནས། ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཞིག་གྲུབ་པར་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་ཚན་རིག་གི་མཛུབ་སྟོན་ལ་དགེ་མཚན་ཆེན་པོ་ལྡན་ངེས།
འཐུས་མི་དག་གིས་གཏམ་བཤད་སྤེལ་སྐབས་འདི་ལྟར་བཤད་ཡོད་དེ།“ལོ་ལྔའི་རིང་གི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་རྟོགས་རྗེས། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་ཇེ་བརྟན་ཏུ་བཏང་ནས། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བཟོ་སྐྲུན། རླབས་ཆེན་གྱི་ལས་དོན། རླབས་ཆེན་གྱི་ཕུགས་འདུན་བཅས་ལ་སྔར་ལས་རྒྱུས་ལོན་དང་འདུ་ཤེས་ཟབ་མོ་ཡོད་པ་དང་། ཡིད་སེམས་སྐྱིད་ཅིང་ཁ་ཕྱོགས་གསལ་བའི་ཚོར་སྣང་སྐྱེ་ཐུབ་ངེས་ཡིན།
འཐུས་མི་རྣམས་ཀྱིས་བལྟས་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་ཚན་རིག་རང་བཞིན་དང་དུས་རབས་རང་བཞིན། ལག་ལེན་རང་བཞིན། གསར་བརྗེ་རང་བཞིན་བཅས་མངོན་གསལ་ལྡན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གི་བླ་མེད་གཤིས་སྤྱོད་དང་རང་གཤིས་ཀྱི་མཛེས་པ་དེས་མི་རྣམས་ཀྱི་ཡིད་སེམས་བཀུགས་པ་མཚོན་ཡོད་པ་དང་། དེ་ནི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་དར་ཆ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྣེ་ཁྲིད་ཀྱི་བསམ་བློའི་དཔའ་འབར་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བཟོ་སྐྲུན། རླབས་ཆེན་གྱི་ལས་དོན། རླབས་ཆེན་གྱི་ཕུགས་འདུན་བཅས་མངོན་འགྱུར་
བྱུང་བའི་འཕེལ་རིམ་ཁྲོད་དུ་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས།
བརྒྱ་ལོ་གཉིས་ཀྱི་འབད་ཐབས་དམིགས་འབེན་གྱི་ལོ་རྒྱུས་དཀྱོགས་མཚམས་སུ་འགྲེངས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ཡིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་གསར་བ་བྱས་ཡོད་པ་སྟེ། དུས་རིམ་དང་པོ་ནི་2020ལོ་ནས་2035ལོའི་བར་དུ་ཡིན་པས་གཞི་རྩའི་སྟེང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱུང་བ་དང་། དུས་རིམ་གཉིས་པ་ནི2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་ཡིན་པས་རང་རྒྱལ་ནི་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན ། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། དུས་རིམ་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དེས་རང་རྒྱལ་གྱི་གཞི་རྩའི་སྟེང་དེང་རབས་ཅན་མངོན་འགྱུར་བྱེད་པ་ལོ་བཅོ་ལྔ་སྔ་ནུར་གྱིས་ལེགས་འགྲུབ་བྱེད་ཐུབ་པ་མཚོན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་རྣམས་ཀྱིས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ཡིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཏུ་བསྐྲུན་པར་མཛེས་སྡུག་འཆར་གཞིའི་དུས་ཚོད་རེའུ་མིག་ཅིག་བཟོས་ཡོད་པ་དང་། དེ་ནི་མི་སེམས་འགུལ་བ་ཞིག་རེད་ཅེས་བཤད།
འཐུས་མི་ཚོས་བཤད་རྒྱུར། ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་ཏེ། བརྒྱ་ལོ་གཅིག་གི་འབད་ཐབས་དམིགས་འབེན་མངོན་འགྱུར་བྱེད་དགོས་ལ། དུས་བསྟུན་འཕེལ་རྒྱས་ཀྱི་སྟེང་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་བ་ཞིག་གི་སྒོ་འཕར་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་དུས་རིམ་གཉིས་པའི་དམིགས་འབེན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་རྒྱུ་ནི་ལོ་རྒྱུས་ཀྱི་གདམ་ཀ་ཡིན་ལ། ལག་ལེན་གྱི་ཟབ་ས་ཡིན།དེ་ལས་ཀྱང་མི་དམངས་ཀྱི་རེ་ལྟོས་འཆར་ས་ཡིན་ཟེར།
འཐུས་མི་རྣམས་ཀྱིས་བཤད་རྒྱུར། དུས་རབས་གསར་བར་འགན་འཁྲི་གསར་བ་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ལ་གདམས་པར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་སོས་དལ་བག་ཕེབས་དང་། རྔ་རྡུང་རོལ་དཀྲོལ་ཙམ་གྱིས་མངོན་དུ་འབྱུང་བ་ཞིག་མིན་པར། རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན། ཞུམ་མེད་སྙིང་སྟོབས་ཡིད་ལ་བཅངས་ནས་ངེས་པར་དུ་རླབས་ཆེན་གྱི་འཐབ་རྩོད་ཁྲོད་ཞུགས་དགོས་པ་དང་། རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན་དང་། རླབས་ཆེན་གྱི་ལས་དོན་ལ་སྐུལ་འདེད་བཅས་བྱེད་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་དུས་རབས་གསར་བའི་འགན་འཁྲི་དང་ལས་འགན་ཡིན་ཟེར།
འཐུས་མི་རྣམས་ཀྱིས་བཤད་རྒྱུར། འདི་ལྟ་བུའི་ཤུགས་དྲག་པའི་འགན་འཁྲིའི་བསམ་པ་དང་། འགན་ཁུར་ཕོད་པའི་འདུ་ཤེས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆེས་གཞི་རྩར་གྱུར་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ཅིའི་ཕྱིར་ཉེན་ཁ་དང་དཀའ་ཁག་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཆེ་རུ་ཕྱིན་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་ཐུབ་པ་བྱུང་བ་རེད་ཟེར་ན། དེ་ནི་རྒྱལ་ཁབ་བཙུགས་པ་ནས་བཟུང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཐོག་མའི་སེམས་འདུན་དང་ལས་འགན་མ་བརྗེད་པར་ཡིད་ལ་དམ་པོར་བཅངས་ཡོད་པའི་རྐྱེན་རེད་ཅེས་བསྟན།
“དུས་རབས་ནི་བསམ་བློའི་མ་ཡུམ་ཡིན་ལ། ལག་ལེན་ནི་གཞུང་ལུགས་ཀྱི་འབྱུང་ཁུངས་ཡིན། ང་ཚོས་དུས་རབས་ཀྱི་འབོད་སྐད་ལ་ཉན་པར་མཁས་དགོས་ལ། བདེན་ལུགས་སྐྱོང་བ་རྒྱུན་འཁྱོངས་བྱས་ནས་ནོར་འཁྲུལ་ལ་བཅོས་བསྒྱུར་བྱེད་ཕོད་ཚེ། དུས་རབས་ཉེར་གཅིག་པའི་མར་ཁེ་སུའི་རིང་ལུགས་ཀྱིས་ངེས་པར་དུ་སྟོབས་ཤུགས་ཆེན་པོ་མངོན་ཐུབ་པ་དང་། བདེན་ལུགས་ཀྱི་ནུས་པའི་འགུགས་ཤུགས་ཇེ་ཆེར་གཏོང་ངེས།”མཚོ་སྔོན་ཞིང་ཆེན་གྱི་མཐུས་མི་ཚོས་བསྟན་དོན། “བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཛུབ་སྟོན་འོག་ཏུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་ལས་དོན་ཡོད་ཚད་མུ་མཐུད་དུ་མདུན་དུ་བསྐྱོད་བཞིན་ཡོད” འཐུས་མི་རྣམས་ཀྱིས་གཅིག་གྱུར་ངང་བསྟན་དོན། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབ་བྱས་ནས། མཚོ་སྔོན་གྱིས་རྒྱལ་ཡོངས་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་འོག་ནས་འཆར་གཞི་འཐེན་དགོས་པ་དང་། དགེ་མཚན་འདོན་སྤེལ་བྱེད་པ། འཛུགས་སྐྱོང་བྱས་འཕར་གྱི་དགེ་མཚན་ལེན་པ། འཕེལ་རྒྱས་ཀྱི་བར་སྟོང་གསར་བ་སྒོ་འབྱེད་པ། འཕེལ་རྒྱས་ཀྱི་རྗེས་སྣོན་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དེ་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་རང་འགུལ་འགུལ་སྤྱོད་སྟེང་བསྒྱུར་ཏེ་མཚོ་སྔོན་གྱི་ལས་དོན་སྣ་ཚོགས་བཅོས་བསྒྱུར་འཕེལ་རྒྱས་སུ་བཏང་ནས་ཡང་དག་པའི་བགྲོད་ལམ་སྟེང་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པར་ཁག་ཐེག་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་དགོངས་དོན་དང་། ཚན་རིག་གི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་སྣེ་ཁྲིད་གཙོ་བོར་བཟུང་ནས་དོན་དངོས་དང་འབྲེལ་ནས་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་དགོས་པ་དང་། དངོས་འབེབ་བསམ་འཆར་ལ་ཞིབ་འཇུག་དང་ལག་བསྟར་བྱས་ཏེ་རྒྱུས་ལོན་གསལ་བོ་དང་།རིགས་ལམ་གསལ་བ། བྱེད་ཐབས་གནད་ཕིག་བཅས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དངོས་ཡོད་བྱ་བའི་ཁྲོད་དོན་འཁྱོལ་ཡོང་བར་བྱེད་དགོས། རླབས་ཆེན་དུས་རབས་ཡོད་ཚད་ལ་བསམ་བློའི་ཁྲིད་སྟོན་མཁན་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཡིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཁ་ཕྱོགས་བསྟན་ཡོད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་གོང་བུ་གཅིག་སྒྲིལ་སྒོས་མདུན་སྐྱོད་བྱེད་པར་སྟོབས་ཤུགས་བསྩལ་ཡོད།
ཚང་མས་གཅིག་རྗེས་གཉིས་མཐུད་ངང་བསྟན་དོན།ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བཟང་པོ་བྱེད་དགོས་པ་དང་། ངེས་ཤེས་ཟབ་མོ་ལེན་པ། དོན་འཁྱོལ་བཟང་པོ་བྱེད་པ་བཅས་བྱས་ཏེ། རང་འགུལ་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཡིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་།མི་དམངས་ལ་སློབ་གསོ་བཏང་སྟེ་གོམ་གང་མདུན་སྤོས་སྒོས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”རྒྱུན་འཁྱོངས་བྱས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། དུས་རབས་གསར་བར་གོམ་པ་སྤོས་ནས། རྒྱང་བསྐྱོད་ཀྱི་བགྲོད་ལམ་གསར་བ་སྒོ་འབྱེད་བྱེད་པ།མུ ་མཐུད་དུ་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་གསར་བ་བྲིས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་འབད་བརྩོན་ལྷོད་མེད་བྱེད་དགོས།
ལོ་ཙཱ་བ། སྟོབས་ལྡན་རྒྱལ། སྐར་མ་འཚོ།