དུས་རབས་གསར་བ་ལ་སྤྱོད་ཚུལ་གསར་བ་ཡོད་དགོས།
2017.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཞིན་ཧྭ་གསར་འགྱུར་ཁང་གི་དཔྱད་བརྗོད་པས་སྤེལ་བའི་རྩོམ་ཡིག

“དུས་རབས་གསར་བ་ལ་རྣམ་པ་གསར་བ་ཡོད་དགོས་ལ། དེ་བས་ཀྱང་སྤྱོད་ཚུལ་གསར་བ་ཡོད་དགོས།”སྐབས་གསར་བའི་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་གྱི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་ངོ་འཕྲད་གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འགན་འཁྲི་འཁུར་ཕོད་པ་དང་། བྱ་བའི་དམིགས་ཚད་གསལ་བོ་བྱེད་པ་གསལ་བཤད་མཛད་དེ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བྱས་རྗེས་གསར་བ་བསྐྲུན་པ་དང་། འོད་སྟོང་འབར་བའི་དེབ་ཐེར་གསར་བ་རྩོམ་དགོས་པའི་སྐུལ་ལྕག་གནངས། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བ་དང་། འབད་འཐབ་མདུན་སྐྱོད་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་མིས་ནམ་ཡང་ཞུམ་མེད་ཀྱི་སྙིང་སྟོབས་དང་སྔར་མེད་ཀྱི་འབད་འཐབ་དམིགས་འབེན་གྱིས་ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཀྱི་བགྲོད་ལམ་གསར་བའི་སྟེང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་དགོས།

རྒྱལ་ཁའི་ངང་གྲོལ་མ་ཐག་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་བརྡར་ཤ་བཅད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བཏོན་པ་མ་ཟད། དུས་རབས་གསར་བའི་དམིགས་འབེན་གསར་བ་དང་ལས་འགན་གསར་བ་གཏན་ལ་ཕབ་ཅིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་ལས་གསལ་བོར་བསྟན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དེ་མགོ་རྩོམ་ས་གསར་བར་བརྩིས་ཏེ། ང་ཚོས“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་སུ་མདུན་དུ་བསྐྱོད་དགོས། མ་འོངས་པའི་ལོ་ལྔའི་ནང་། བརྒྱ་ལོ་དང་པོའི་དམིགས་འབེན་མངོན་འགྱུར་བྱེད་དགོས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་ཀྱི་དམིགས་འབེན་ལ་མགོ་གསར་བ་ཞིག་རྩོམ་དགོས། དུས་ཚོད་གལ་ཆེན་གྱི་གོ་རིམ་ཁ་ཤས་སུ་བྱ་བའི་དམིགས་ཚད་གསལ་བོ་བྱས་ཏེ། བརྗིད་ཉམས་ལྡན་པའི་འབད་འཐབ་ཀྱི་གོ་རིམ་གསར་བའི་སྟེང་ངར་གྱིས་བསྐྱོད་དགོས།

2018ལོར། ང་ཚོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལོན་པར་དགའ་བསུ་བྱེད་དགོས་པ་དང་། 2019ལོར། ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་བ་བྱེད་དགོས་ལ། 2020ལོར། ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་དགོས། 2021ལོར། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་བ་བྱེད་དགོས། རླབས་ཆེན་གྱི་དུས་རབས་འདི་དག་གི་ཁྲོད་དུ། ཉིན་རེར་ལོ་རྒྱུས་གསར་བ་བསྐྲུན་བཞིན་ཡོད། མདུན་ལྗོངས་ལ་འོད་སྣང་བཞིན་ཁེངས་ཡོད་པ་དང་འགན་ཁུར་ནི་རི་བོ་ཐེ་ཧྲན་ལས་ཀྱང་ལྕི། འགན་འཁྲི་ཁུར་ཕོད་པ་དང་སྙིང་སྟོབས་ཆེར་བསྐྱེད། བྱ་བར་འབད་བརྩོན་བཅས་བྱས་ན། ད་གཟོད་དུས་རབས་གསར་བར་ངོ་གནོང་མི་དགོས་པའི་བྱས་རྗེས་ཆེན་པོ་བསྐྲུན་ཐུབ་པ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་མདུན་དུ་བསྐྱོད་པར་འབད་འཐབ་བྱེད་དགོས།

“བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་སྒོ་ཞིག་ཡིན།”བཅོས་སྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུའི་བརྒྱུད་རིམ་ཁྲོད་དུ། བཅོས་སྒྱུར་སྒོ་འབྱེད་བྱས་རྗེས་ཀྲུང་གོ་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས། མར་ཁེ་སི་རིང་ལུགས་འཕེལ་རྒྱས་བཅས་ལ་བགྲོ་གླེང་ནུས་ལྡན་གྱི་ར་སྤྲོད་བྱས་ཡོད། “ཚུལ་མིན་བསྒྱུར་བཅོས་བྱས་ཏེ་དུས་རབས་དང་བསྟུན་དགོས།”དུས་རབས་གསར་བར་ཞུགས་རྗེས། ང་ཚོས་མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོས་ཕྱོགས་སོ་སོའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། བློ་བརྟན་འགྱུར་མེད་སྒོས་སྒོ་འབྱེད་རྒྱ་བསྐྱེད་དེ་བཅོས་སྒྱུར་དང་སྒོ་འབྱེད་ཕན་ཚུན་སྐུལ་འདེད་དང་། ཕན་ཚུན་ལ་རམ་འདེགས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་གསོན་ཤུགས་བསྩལ་དགོས།

“ང་ཚོས་དུས་ནམ་ཡང་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་རེ་སྙེག་བྱེད་པའི་འདོད་བློ་སེམས་ལ་བརྟན་པོར་བཅངས་བ་ནི་འབད་འཐབ་དམིགས་འབེན་ཡིན།”དུས་རབས་གསར་བར་ཞུགས་རྗེས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་དང་། མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་དེ་བས་རེ་སྒུག་བྱེད་ཀྱིན་ཡོད། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ང་ཚོས་རྒྱུན་ཆད་མེད་པར་དམངས་ཚིས་ལེགས་བཅོས་དང་མི་དམངས་ཀྱི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་ཚིམས་པར་བྱེད་དགོས་པ་དང་། མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད། བདེ་འཇགས་བཅས་ཀྱི་ཚོར་བ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་། དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བྱས་ཏེ། མི་དམངས་ཀྱི་འཚོ་བ་ལོ་རེ་ལས་ལོ་རེར་ཇེ་བཟང་དུ་གཏོང་དགོས། “ཆབ་སྲིད་དར་སྤེལ་གཏོང་བར་དམངས་སེམས་དང་བསྟུན་དགོས།”ང་ཚོའི་ཏང་མི་དམངས་ཀྱི་ཁྲོད་དུ་གནས་པ་དང་མི་དམངས་དང་དམ་དུ་འབྲེལ་ནས། ནམ་ཡང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཚེ། སྟོབས་ཤུགས་ཆེན་པོས་འགྲན་རྩོད་དང་ཉམས་སད་ཡོད་ཚད་ལས་རྒྱལ་ཐུབ།

“ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ལས་དོན་མངོན་འགྱུར་བྱེད་པར་བརྩོན་པ་དང་གསོན་ཤུགས་ཆེས་ཆེར་རྒྱས་པའི་ལོ་བརྒྱ་ཡང་ཡིན།” ཀྲུང་གོ་གུང་ཁྲན་ཏང་ནི་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་སྲིད་ཏང་ཡིན་པ་དང་སྲིད་ཏང་ཆེ་ན་ཆེ་བའི་ཁྱད་ཆོས་ཡོད་དགོས། ལོ་ངོ་གོ་དྲུག་རིང་གི་འབད་འཐབ་དམིགས་འབེན་ལས། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་གསར་བརྗེ་ཆེན་པོ་བྱེད་ཐུབ་ལ། རང་ཉིད་གསར་བརྗེ་ཆེན་པོ་ཡང་བྱེད་ཐུབ་པ་ར་སྤྲོད་བྱུང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པ་དེ་རྫོགས་མཐའ་མེད་ཅིང་། དུས་ནམ་ཡང་ལྷོད་གཡེང་གཏན་ནས་བྱེད་མི་རུང་། ང་ཚོས་མུ་མཐུད་དུ་ཏང་གི་བདེ་འཇགས་ལ་གཏོར་བརླག་བྱེད་པའི་གནོད་པ་ཡོད་ཚད་གཙང་བཤེར་བྱེད་པ་དང་། ཤུགས་ཆེན་པོས་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་རྣམ་པ་གསར་སྐྲུན་བྱས་ཏེ། ཏང་ཡོངས་ཀྱི་སྟོབས་ལྡན་དྲང་ཕྱོགས་ཀྱི་ནུས་ཚད་དེ་སྤྱི་ཚོགས་ཡོངས་སུ་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།

དུས་རབས་གསར་པའི་རླབས་ཆེན་གྱི་འཕེལ་རིམ་མགོ་བརྩམས་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། དཔའ་ངར་ཞུམ་མེད་སྒོས་དུས་རབས་གསར་པའི་རྒྱབ་སྐྱོར་པ་དང་ཡར་བརྩོན་པ། འབད་འཐབ་པ་བཅས་བྱས་ཏེ། ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་དངོས་སྒྲུབ་བྱས་ནས། གོམ་སྟབས་ཆེན་པོས་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་བའི་མ་འོངས་བར་མདུན་སྐྱོད་བྱེད་དགོས།


ལོ་ཙཱ་བ། ཤ་བོ་རིན་མཚོ།