ཡིད་ཆེས་བརྟན་པོ་དང་འབད་བརྩོན་ལྷོད་མེད་སྒོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་དགོས་ཞེས་པ་སྟེ། མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་མང་ཚོགས་ཀྱིས་ཏང་ག
2017.10.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

གསེར་མདོག་ལྡན་པའི་སྟོན་ཀའི་དུས་ཚིགས་འདིར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་གཟབ་རྒྱས་ངང་བསྡུས་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་གསོན་ཤུགས་གསར་བ་ཞིག་གིས་ཁེངས་འདུག བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་མྱུར་དུ་བསླངས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་མང་ཚོགས་ཀྱིས་གཅིག་གྱུར་གྱིས་བསྟན་དོན། ཆེས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་བཅངས་པ་དང་། བྱ་བའི་དོན་དངོས་དང་འབྲེལ་ནས་ནན་ཏན་སྒོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་ལ་སློབ་སྦྱོང་བཟང་པོ་དང་། དྲིལ་སྒྲོག་བཟང་པོ། དངོས་འབེབ་བཟང་པོ་བྱས་ཏེ། དོན་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཏོན་པའི་ཐབས་ཇུས་གལ་ཆེན་གྱི་བཀོད་སྒྲིག་དེ་བཅོས་སྒྱུར་དང་། འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་སོ་སོའི་དུམ་ཚན་རེ་རེའི་སྟེང་དངོས་འབེབ་བྱེད་དགོས་པ་དང་། མགྱོགས་མྱུར་སྒོས་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན་མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཕུ་ཐག་གཅོད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རང་ཉིད་ཀྱི་བྱས་རྗེས་འབུལ་དགོས།

དངོས་ཡོད་འགུལ་སྐྱོད་ཀྱིས་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་འབད་བརྩོན་བྱེད་དགོས།

རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་དགོས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་བྱེ་བྲག་གི་ལག་ལེན་ཁྲོད་དུ་ཁྱབ་པར་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་ཕུ་ཐག་གཅོད་པའི་བྱེ་བྲག་གི་ལག་ལེན་ཁྲོད་ཁྱབ་པར་བྱེད་པ། བཅོས་སྒྱུར་དང་། འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་སོ་སོའི་བྱེ་བྲག་གི་ལག་ལེན་ཁྲོད་ཁྱབ་པར་བྱས་ཏེ། ནན་ཏན་སྒོས་བྱ་བའི་རྣམ་པ་གསར་བ་གསར་བཏོད་དང་། བདེ་སྐྱིད་དང་མཛེས་སྡུག་གི་འཚོ་བ་གསར་བ་གསར་སྐྲུན་བྱས་ནས། རིགས་སོ་སོའི་མང་ཚོགས་ལ་སྔར་ལས་མང་པོའི་ཁེ་ཕན་ཐོབ་ཏུ་འཇུག་དགོས།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་མང་པོས་བསྟན་དོན། མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་པས། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་དང་། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་རྒྱུ་ནི་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་ཡིན། རྗེས་ཕྱོགས་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་གྱི་སྣེ་ཁྲིད་དེ་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་སྲུང་སྐྱོང་བརྟན་པོ་བྱས་ནས། བློ་ཐག་རྦད་ཆོད་ཀྱིས་ཆོས་ལུགས་ཀྱི་ཐལ་སྤྱོད་བསམ་བློར་བཀག་འགོག་བྱས་ཏེ། འཆམ་མཐུན་དགོན་སྡེ་འཛུགས་སྐྲུན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་བྱས་རྗེས་འཇོག་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་བར་ཡར་སྐུལ་བྱེད་དགོས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་པེ་ཧྲན་ཞང་པེ་ཧྲན་ཀིན་སྡེ་བའི་ཏང་ཡོན་དང་སྡེ་དམངས་ཁ་ཤས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འགོ་རྩོམ་པའི་གནས་ཚུལ་ལ་ལྟོས་རྗེས་སེམས་ཚོར་ཆེན་པོ་བྱུང་། པེ་ཧྲན་ཀིན་སྡེ་བའི་གུང་གཞོན་ཚོགས་པའི་ཐོན་ཀྲི་པུའུ་ཧྲུའུ་ཅི་ཁི་ཁྲང་ཡོན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་། ཕ་ཡུལ་གྱི་འགྲིམ་འགྲུལ་སྟབས་ཇེ་བདེར་སོང་བ་དང་། མགྱོགས་བགྲོད་མེ་འཁོར་རང་ཁྱིམ་གྱི་སྒོ་ཁར་ཐོན་པ། སྒྲིག་ཆས་ཆ་ཚང་བ་དང་། སྡེ་དམངས་ཀྱི་བདེ་སྡོད་ལས་བརྩོན། བདེ་སྐྱིད་ཀྱི་ཚད་ཇེ་མཐོར་སོང་ཟེར། པེ་ཧྲན་ཀིན་སྡེ་བའི་ཆི་ཀྲི་ཀིན་གྱིས་བཤད་རྒྱུར། ལོ་འདི་འགར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ནི་མིག་མཐོང་ལག་ཟིན་ཡིན་པ་དང་། དེང་སྐབས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུར་སློབ་སྦྱོང་བཟང་པོ་བྱེད་པའི་དུས་མཚུངས་སུ་ད་དུང་མཐའ་འཁོར་གྱི་མི་ལ་དྲིལ་སྒྲོག་བཟང་པོ་བྱེད་དགོས་པར་མ་ཟད། ཁོ་ཚོའི་སྣེ་ཁྲིད་དེ་མཉམ་གཅིག་ཏུ་སློབ་སྦྱོང་བཟང་པོ་དང་། དངོས་འབེབ་བཟང་པོ་བྱས་ནས། རྗེས་ཕྱོགས་རང་ཉིད་ཀྱིས་ཀྱང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་དངོས་ཡོད་བྱ་བར་ཟུང་འབྲེལ་བྱས་ཏེ། རང་ཉིད་ཀྱི་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་ནས་མ་འོངས་པའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་གཏོང་རྒྱུ་ཡིན་ཟེར།

དངོས་ཡོད་འགུལ་སྐྱོད་ཀྱིས་ཕ་ཡུལ་གྱི་རི་བོ་སྔར་ལས་ལྗང་ཤིང་ཆུ་མོ་སྔར་ལས་དྭངས་པར་བྱས་ནས་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་གཏོང་དགོས།
ངེས་པར་དུ་སྔོན་ལ་གྲོན་ཆུང་དང་། སྔོན་ལ་སྲུང་སྐྱོབ་བྱེད་པ། རང་བྱུང་སླར་གསོ་བྱེད་པ་གཙོ་བོ་ཡིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བར་སྟོང་རྣམ་པ། ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བའི་བྱེད་སྟངས་སོགས་དང་། ད་དུང་རང་བྱུང་གི་ལྷིང་འཇགས་དང་། འཆམ་མཐུན། མཛེས་སྡུག་བཅས་གྲུབ་པར་བྱེད་དགོས།

གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་། ཆི་ལིན་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ། མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་བཅས་སུ་ཡོད་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་གཅིག་གྱུར་སྒོས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་པོ་བྱེད་རྒྱུ་ནི་མཚོ་སྔོན་གྱི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པ་དང་། ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་འབྲེལ་ཡོད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བཀོད་སྒྲིག་གལ་ཆེན་ལྟར། སྔར་ལས་ལྷག་པའི་སྒོ་ནས་ཆུ་མོ་དྭངས་ཤིང་རི་བོ་ལྗང་བ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཁྱོན་ཡོངས་ནས་ཆུ་མོ་དྭངས་ཤིང་རི་བོ་ལྗང་བར་སྲུང་སྐྱོབ་དང་། ཆུ་མོ་དྭངས་ཤིང་རི་བོ་ལྗང་བ་གསོ་སྐྱོང་བྱེད་པ། དྭངས་གཙང་གི་ཆུ་མོ་དང་སྔོ་ལྗང་གི་རི་བོ་ཚན་རིག་ལྟར་བཀོལ་སྤྱོད་བྱེད་པ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་མ་ལག་གི་བཅོས་སྐྱོང་ལ་གཅིག་གྱུར་བཀོད་འདོམས་བྱས་ནས། ལྗང་མདོག་་གི་འཕེལ་རྒྱས་རྣམ་པ་དང་འཚོ་བའི་རྣམ་པ་དར་སྤེལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པ་ནན་འཛིན་དང་། གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་ཁེ་ཕན་སྲུང་སྐྱོང་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས།

ཆི་ལེན་རྫོང་ཏང་ཨུའི་ཧྲུའུ་ཅི་ཧན་ཞང་ཧོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་གཞིའི་བཅོས་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། ལྗང་མདོག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་སོགས་ཀྱི་ནང་དོན་མང་པོ་ཡོད་པ་དང་། ཆི་ལིན་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཀྱིལ་སྙིང་དུ་ཡོད་པའི་ཆི་ལེན་རྫོང་མུ་མཐུད་དུ་སྐྱེ་ཁམས་ཀྱི་ཚད་བཀག་མུ་མཐུད་དུ་སྲ་བརྟན་དུ་བཏང་སྟེ། གནད་ཕིགས་འབྲེལ་མཐུད་ནས་མགོ་བརྩམས་ཏེ། དེས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཐོན་ལས་གྲུབ་ཚུལ་སྙོམས་སྒྲིག་དང་། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན། ནགས་ཚལ་གྱི་ཆུའི་འདུས་ཚད་དང་ནམ་ཟླ་སྙོམས་སྒྲིག་གི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་མ་ལག་གི་བྱེད་ནུས་འཐུས་ཚང་དུ་གཏོང་བ། རྫོང་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོགས་ཕྱོགས་ཀྱི་ཕན་འབྲས་མང་པོ་འདོན་སྤེལ་བྱས་ཏེ། ལྗང་མདོག་གི་འཕེལ་རྒྱས་ཁྲོད་ནས་ཕན་འབྲས་ཐོབ་པར་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འཆམ་མཐུན་བརྟན་འཇགས་ཀྱི་གནས་བབ་བཟང་པོ་མངོན་འགྱུར་བྱེད་དགོས། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཁང་གི་ལས་བྱེད་པ།
འབུམ་རམས་པ་ཏིན་ལེན་ལེན་གྱིས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལ་སློབ་སྦྱོང་བྱས་རྗེས་སེམས་པ་དགའ་སྤྲོའི་ཁེངས་ཡོད། ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་འགུལ་སྤྱོད་ཀྱི་ཕྱོགས་སྟོན་དང་བྱ་བར་སྣེ་ཁྲིད་མཁན་ལ།དེ་མིན་སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ཡིན་ལ། ལྷག་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པར་སྔར་ལས་རེ་བ་ཆེན་པོ་བཏོན་ཡོད། ཁོར་སྲུང་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་བྱ་སྤྱོད་དངོས་ཀྱི་སྟེང་ནས་ལ་བརྟེན་ནས་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་བཟང་བོ་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་བྱེད་སྒོའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བར་རང་ཉིད་ཀྱིས་བྱས་རྗེས་འཇོག་དགོས། ”

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཧི་ཡིས་པང་གིས་བཤད་རྒྱུར། ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད་བསྟན་པའི་རྒྱལ་ཁབ་སྤྱི་གླིང་གཙོ་གནས་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་འཛུགས་པ་དེ་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་ཞིག་སླེབས་ངེས་ཡིན། “མཚོ་སྔོན་པོ་ནི་ཞིང་ཆེན་ཡོངས་སུ‘སྐྱེ་ཁམས་ཆེན་པོའི་ལྔའི་དུམ་ཁག’ཞིག་ཡིན་པའི་གོ་གནས་དང་ནུས་པ་མེད་མི་རུང་བ་ཞིག་ཡིན་ལ། དུས་ཡུན་རིང་བོར་མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་བྱ་བ་བསྒྲུབ་བཞིན་པའི་ཁོངས་མི་ཞིག་ཡིན་པའི་ཆ་ནས། ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། མུ་མཐུད་དུ་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་བྱ་བ་བཟང་བོ་བསྒྲུབ་ནས། བྱ་སྤྱོད་དངོས་ལས་མཚོ་སྔོན་པོའི་རང་བྱུང་ཐོན་ཁུངས་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་དོ་དམ་བྱ་བ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་རྒྱུ་དང་། མཚོ་སྔོན་པོའི་མངའ་ཁོངས་ཀྱི་རི་བོ་སྔོ་ཞིང་ཆུ་མོ་དྭངས་པ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། ”
ལྗང་མདོག་སྐྱེ་དངོས་སྣ་ཁ་དྲུག་ཅུ་ལྷག་འདེབས་འཛུགས་བྱས་ནས་ལེགས་འགྲུབ་བྱུང་པ་དང་། “སྡོང་རིང་དང་སྡོང་ཕྲན། རྩྭ”བཅས་བསྲེས་འདེབས་བྱེད་པའི་ཁྱད་ཆོས་གྲུབ་ཡོད་པ་དང་། ལྗང་མདོག་གི་ཁེབས་ཚད་བརྒྱ་ཆའི་བཞི་བཅུར་བསླེབས་ཡོད་པས། སྐྱེ་སྟོབས་དཔལ་འབར་ལྗང་མདོག་གི་ལྗོངས་ཁུལ་དེ་ནི་མཐོ་སྒང་གི་བྱེ་ཐང་སྟེང་གི་གཏེར་ཁ་གསར་སྤེལ་གྱི་ཁེ་ལས་ཤིག་ཡིན་པ་སུས་ཀྱང་དཔག་དཀའ་བ་ཞིག་རེད། ཏུའུ་ལན་ཅིན་དཔེ་གཏེར་ཁའི་ལས་རིགས་ཚད་ཡོད་ཀུང་ཟིའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲོའོ་ཐེ་ཅོན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ལམ་ཐིག་དང་དུས་ཚོད་ཀྱི་རེའུ་མིག་འཆར་འགོད་བྱས་ཡོད་པར་མ་ཟད། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་ནུས་ཡོད་སྒོས་ཁོར་སྲུང་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་ཚད་དང་། སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་གཞི་བཅོས་བསྒྱུར་ཇེ་ཆེར་གཏོང་བའི་ཐད་ལ་ཕྱོགས་བཞི་ནས་རེ་བ་བཏོན་ཡོད། ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བཟང་བོ་བྱས་ནས་དོན་དངོས་དང་ཟུང་དུ་སྦྲེལ་ཏེ། ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་ལག་ལེན་མཐར་ཕྱིན་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་གཏེར་ཁའི་ལས་རིགས་ཀྱི་ཐོན་ཁུངས་གསེར་སྤེལ་བྱེད་པའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ཏེ། དེ་ཡིས་སྲོལ་རྒྱུན་གཏེར་ཁའི་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་འཕར་ལ་སྣེ་ཁྲིད་དང་སྐུལ་སྤེལ་བྱེད་དགོས་པ་དང་། གཏེར་ཁའི་ལས་རིགས་འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཁེ་ཕན་ཇེ་མཐོར་གཏོང་དགོས། ”

བྱ་སྤྱོད་དངོས་ལས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དེ་མཚོ་སྔོན་གསར་བ་འཛུགས་སྐྲུན་ཁྲོད་ཀྱི་སྒུལ་ཤུགས་ཆེན་པོ་རུ་བརྩི་དགོས།
མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་བཱོའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་དང་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེ་གདང་ལ་རི་བོ་གྲོང་རྡལ་གྱི་འབྲི་ཆུའི་མགོ་ཁུངས་སྡེ་བ། མཚོ་སྔོན་ཚྭ་མཚོ་བཟོ་ལས་སྡེ་ཚོགས་མ་རྐང་ཚད་ཡོད་འགན་ལེན་ཀུང་ཟི་བཅས་ནི་ན་ནིང་གི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞི་ཉིན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཕེབས་མྱོང་བའི་ས་ཆ་ཡིན།

ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་གལ་ཆེན་དངོས་འབེབ་བྱས་ནས། ས་གནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དང་ཁེ་ལས་འཕེལ་རྒྱས་ལ་ཆ་སྙོམ་གྱིས་འགྱུར་ལྡོག་མངོན་གསལ་བྱུང་།

ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོ། ཏང་ཡོན་དང་ལས་བྱེད་མང་ཚོགས་ཀྱིས་བརྙན་འཕྲིན་འཕྲུལ་ཆས་ཀྱི་མཐའ་བསྐོར་ནས་དགའ་སྤྲོ་འཁོལ་བའི་ངང་ནས་ཚོགས་ཆེན་ཐེངས་བཅུ་དགུ་པའི་གནས་ཚུལ་དངོས་ལ་བལྟས་པ་དང་། ཧུའུ་ཀྲུའུ་རྫོང་བཱོ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལེའི་ཁྲིན་ཡིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་སྙན་ཞུ་ལ་ཉན་རྗེས་དགའ་སྤྲོ་དཔག་མེད་སྐྱེས། “ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་དང་སྲིད་གཞུང་གིས་ང་ཚོའི་སྡེ་བར་སྲིད་ཇུས་བཟང་བོ་མང་བོ་བསྐྱལ་ཡོད་པ་དང་། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་སྡེ་བར་གཟིགས་ཞིབ་དུ་ཕེབས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་འོག་ང་ཚོ་ཁང་པ་གསར་བའི་ནང་གནས་སྤར་ཐུབ་པ་དང་མང་ཚོགས་ལ་ཡོང་སྒོ་འཕར་བའི་ཐོན་ལས་ཡོད་པར་གྱུར། ད་ལོ་དབུལ་བོ་ལས་ཐར་ཐུབ། རྗེས་ཕྱོགས་ང་ཚོས་སྟོབས་ཤུགས་ཆེན་པོ་བཏོན་ནས་མ་འོངས་པའི་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་ལེགས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། ”

ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་དབང་མོས་བཤད་རྒྱུར། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དངོས་སུ་འབྲི་ཆུའི་མགོ་ཁུངས་སྡེ་བར་ཕེབས་ནས་ང་ཚོ་རོང་འབྲོག་མང་ཚོགས་ལ་འཚམས་འདྲི་མཛད་དེ། ང་ཚོ་ལ“བདེ་སྐྱིད་འཚོ་བ་ད་དུང་ཡུན་རིང་བོ་ཡོད་ངེས་ཡིན”ཞེས་པའི་སྨོན་འདུན་ཞུས་པའི་སྐད་ཆ་དེ་ནམ་ཡང་བདག་གི་རྣ་ལམ་དུ་གྲགས་ཀྱིན་འདུག ལོ་གཅིག་གི་རིང་ལ། འབྲི་ཆུའི་མགོ་ཁུངས་སྡེ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས། ང་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བཀའ་དྲིན་ཞུ་རྒྱུ་ཡིན།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད་ང་ཚོ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་ནང་དོན་མང་བོ་ཡོད་པས། ཉན་ན་མི་སེམས་ལ་དྲོད་ཁོལ་ལ་སྦྱིན་འོང་ཞིང་སེམས་ཤུགས་སྐྱེད་ཐུབ་པ་ཞིག་རེད། “གཞི་རིམ་གྱི་ཏང་ཀྲི་པུའུ་ཞིག་ཡིན་པའི་ཆ་ནས། ངས་མ་འོངས་པར་ཐོག་མའི་སེམས་འདུན་མི་བརྗེད་པ་དང་ལས་འགན་སེམས་ལ་བརྟན་པོར་བཅངས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྡེ་མི་རེ་རེར་ཤེས་སུ་བཅུག་ནས། མགོ་ཁྲིད་ནས་སློབ་སྦྱོང་བྱེད་པར་མ་ཟད་ལག་ལེན་དུ་བསྟར་ནས། ཏན་ཏན་ཏིག་ཏིག་གིས་བྱ་བ་སྒྲུབ་རྒྱུ་ཡིན་པ་དང་། བྱ་སྤྱོད་དངོས་ཀྱི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་མཛའ་བརྩེའི་ཐུགས་ཁུར་གནང་བར་དྲིན་ལན་འཇལ་རྒྱུ་ཡིན་པ་དང་། གུང་ཁྲན་ཏང་གི་རྗེས་འབྲངས་ནས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་ཡུན་ནས་ཡུན་དུ་གནས་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཟེར།

མཚོ་སྔོན་ཚྭ་མཚོ་མཱེ་བཟོ་ལས་ཚད་ཡོད་ཀུང་ཟིའི་ལྕགས་རིགས་མཱེ་བཟོ་གྲྭའི་ཁིལ་མཱེ་རྫས་ལས་སྣོན་བྱེད་སའི་འགན་འཁུར་བ་ཀྲང་ཀྲི་ཕིན་གྱིས་བཤད་རྒྱུར། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་ཀུང་ཟི་ལ་གཟིགས་ཞིབ་མཛད་སྐབས། ལྕགས་རིགས་མཱེ་ལས་གཞི་ངེས་པར་དུ་བཟང་བོ་སྒྲུབ་དགོས་པའི་མངག་བཅོལ་གནང་། ད་ལོ་ང་ཚོས་ཐོན་སྐྱེད་བྱས་པའི་ཀྲུང་གོའི་ཚྭ་མཚོའི་ཚྭ་ཆུའི་མཱེ་ལྡན་ལེབ་མོ་དང་པོ་དེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ལེགས་སྐྱེས་སུ་འབུལ་བ་ཡིན། ད་ལྟ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་སྙན་ཞུ་ཕུལ་པའི་ནང་དུ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཚོན་པར་བྱས་ཤིང་། ཚྭ་མཚོའི་གཞི་རིམ་གྱི་ལས་རྐང་དང་པོའི་ལས་བཟོ་བ་ཞིག་ཡིན་པའི་ཆ་ནས། ངས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་དོན་དངོས་ཀྱི་བྱ་སྤྱོད་དུ་བསྒྱུར་ནས་འབད་བརྩོན་སྐུལ་འདེད་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། ནན་ཏན་གྱིས་རང་གི་བྱ་བ་བཟང་བོར་བསྒྲུབ་ནས་ལྕགས་རིགས་མཱེ་གཞི་གཅིག་ཅན་གྱི་ལས་གཞི་སྔ་མོ་ནས་དམིགས་ཚད་དང་ཐོན་ཚད་དུ་སླེབས་པར་མངོན་འགྱུར་བྱེད་པར་སྐུལ་འདེད་བྱེད་རྒྱུ་དང་། ཚྭ་མཚོའི་བཟོ་ལས་ས་ཁུལ་གྱི་མི་རྣམས་ཀྱི་སེམས་སུ་བཅངས་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས། 
                                                                                                                              ལོ་ཙཱ་བ། ཚེ་རིང་སྒྲོལ་མ། སྟོབས་ལྡན་བཀྲ་ཤིས།