དུས་རབས་གསར་བར་སྣེ་ཁྲིད་པའི་སྟོབས་ལྡན་གྱི་འགོ་ཁྲིད་ཚོགས་པ་སྟེ། ཏང་གི་སྐབས་གསར་བའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞི་བྱུང་རབས་ཀྱི་གནས་ཚུལ་དངོས།
2017.10.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49

ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་འཕེལ་རིམ་སྟེང་། མཚོན་བྱེད་རང་བཞིན་གྱི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ངེས།

2017ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་མི་ཉེར་ལྔ་ཡིས་གྲུབ་པའི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་བདམས་ཐོན་བྱུང་བ་དང་། ཞི་ཅིན་ཕིང་དང་ལི་ཁི་ཆང་། ལིས་ཀྲན་ཧྲུའུ། བང་ཡཱང་། བང་ཧུའུ་ཉིན། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་དུ་བདམས་ཤིང་། ཞི་ཅིན་ཕིང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཁོངས་མི་བདམས་ཐོན་བྱུང་བ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་མི་སྣ་གཏན་འཁེལ་བྱས་པར་མ་ཟད། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ནས་བདམས་ཐོན་བྱུང་བའི་འགོ་ཁྲིད་སྒྲིག་གཞིར་ཆོག་མཆན་བཀོད།
དེ་ནི་ཏང་ཡོན་བྱེ་བ་བརྒྱད་དང་ས་ཡ་དགུ་ལྷག་གི་འགོ་ཁྲིད་ཡིན་ལ། དེ་ནི་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་སྲོག་ཤིང་ཡིན།

ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་དུ་སྐྱོད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་སྐབས་གསར་བའི་ཀྲུང་དབྱང་གིས་ཀྲུང་གོར་སྣེ་ཁྲིད་མཛད་དེ། སྤོབས་པ་ཆེན་པོས་མུ་མཐུད་དུ་མདུན་དུ་བསྐྱོད་ངེས།

རི་རབ་ཁྲི་ཕྲག་དུ་མས་རི་རྩེ་གཅིག་ལ་ལྟ་བའི་དཔེ་ལྟར། རྒྱལ་ཁབ་སྟོབས་ལྡན་དང་ དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་འཕེལ་རིམ་གསར་བ་དང་། མི་རིགས་བསྐྱར་དར་གྱི་གནད་འགག་གི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཏང་གི་མཛུབ་སྟོན་བསམ་བློར་གཏན་འཁེལ་བྱེད་པ་ནི། ཏང་དང་མི་དམངས་ཀྱི་བློ་སེམས་གཏད་ཕྱོགས་ཡིན།

བརྗིད་ཉམས་ལྡན་པའི་ལོ་རབས་འདིར། མི་སེམས་ལ་ངར་སེམས་བསྐྱེད་པའི་དུས་སྐབས་ཤིག་ཡོད་ངེས།

ལོ་གཅིག་སྔོན་གྱི་སྟོན་ཟླ་བཅུ་བའི་པེ་ཅིན་དུ། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་གཏན་འཁེལ་བྱས་པས། མི་དམངས་ཚོགས་ཁང་ཆེན་མོའི་ནང་འབྲུག་སྒྲ་ལྡིར་བ་ལྟ་བུའི་བསྟོད་པའི་ཐལ་མོ་རྡེབ་སྒྲས་ཁེངས།

དེ་ནི་ཏང་ཡོངས་ཀྱི་བློ་མཐུན་གྱིས་སེམས་གཏིང་ནས་ཁོང་ལ་གུས་བཀུར་དང་གོང་བཀུར་བྱས་པ་ཡིན་ལ། དེ་ནི་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་ཕུགས་འདུན་འཚོལ་སྙེགས་བྱེད་པའི་ཐུན་མོང་གི་འདོད་བློའང་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དཀའ་སྤྱད་འབད་བརྩོན་དང་གསར་གཏོད་བརྩོན་ལེན་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་སྐུལ་འདེད་བྱེད་པར་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་བྱུང་།

དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་བླངས་ཤིང་། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་ཐོད་བརྒལ་གསར་བ་བླངས། དམངས་གཙོ་བཅའ་ཁྲིམས་འཛུགས་སྐྲུན་སྐས་རིམ་གསར་བར་བསླེབས་པ་དང་། བསམ་བློའི་རིག་གནས་འཛུགས་སྐྲུན་ཐད་འཕེལ་རིམ་ཆེན་པོ་བྱུང་། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་ཞིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་སྤེལ་གྱི་གནས་བབ་གསར་བ་གསར་གཏོད་བྱས། ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་བྱ་བའི་ཐད་འཕེལ་རིམ་གསར་བ་བྱུང་ཞིང་། ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ།

ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཁྱོན་ཡོངས་དང་གསར་སྐྲུན་གྱི་རང་བཞིན་ལྡན་ལ། ལོ་ལྔའི་རིང་གི་སྒྱུར་བཅོས་ནི་གཏིང་ཟབ་ཅིང་གཞི་རྩའི་རང་བཞིན་ལྡན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ།

ལག་ལེན་གསར་བས་བསམ་བློ་གསར་བ་སྦྲུམ་ཡོད། མར་ཁེ་སུ་རིང་ལུགས་ཀྱི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གསར་གཏོད་རང་བཞིན་གྱིས་ཚན་རིག་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་སྟེ། དུས་རབས་ཉེར་གཅིག་པའི་ཀྲུང་གོའི་མར་ཁེ་སུ་རིང་ལུགས་འཕེལ་རྒྱས་ཀྱི་སྐས་རིམ་གསར་བའི་སྒོ་འཕར་ཕྱེས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བཙུགས།

ལས་དོན་ཆེན་པོ་བསྒྲུབས་ནས་དཀའ་གནད་སེལ་བ། ཟིང་ཆ་ཞི་འཇགས་སུ་བཏང་ནས་རྣམ་པ་གསར་འབྱེད་བྱེད་པ།

རླབས་ཆེན་འཐབ་རྩོད་བྱེད་པ་དང་རླབས་ཆེན་ལས་གཞི་འཛུགས་སྐྲུན། རླབས་ཆེན་ལས་རིགས་ལ་སྐུལ་འདེད་བྱེད་པ། རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པ་སོགས་ལག་ལེན་རླབས་པོ་ཆེ་དང་གཞུང་ལུགས་གསར་གཏོད་རབ་དང་རིམ་པས། ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་འདུན་འདུ་ཤེས་དང་མི་དམངས་ཀྱི་བརྩེ་བ་གཅིག་སྒྲིམ་བྱས་ཤིང་། ཏང་ཀྲུང་དབྱང་གི་ཆབ་སྲིད་སྙིང་སྟོབས་དང་འགན་འཁྲི་ཁག་ཁུར་མངོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་མཁས་ཇུས་ལེགས་དང་གཙོ་འཛིན་རྣམ་པ་གསལ་བོར་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུར་བརྩོན་རྒྱལ་སྐྱོང་དང་རྐྱེན་ངན་ལེགས་འགོག ནང་སྲིད་གཅིག་གྱུར་འཆར་འགོད་དང་ཕྱི་འབྲེལ་རྒྱལ་སྲུང་བྱེད་པ། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་ལ་སྤྱི་འདོམས་བྱེད་པ། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཀྱི་ཆེད་དུ་དཀའ་ཉེན་ལ་མི་སྐྲག་པ་དང་སེམས་ཤུགས་ཅི་ཡོད་བཏོན་པས། ཏང་སེམས་དང་དམག་སེམས། དམངས་སེམས་མགུ་བར་བྱས་ཤིང་། དེ་ནི་དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ངོ་གནོང་མི་དགོས་པའི་སྲོག་ཤིང་བརྟན་པོ་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་འདེམས་སྐབས། བློ་མཐུན་ཞི་ཅིན་ཕིང་ལ་ཚང་མས་འདེམས་ཤོག་ཡོད་ཚད་འཕངས་ཏེ་བདམས་ཐོན་བྱུང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས་སྐབས། བློ་མཐུན་ཞི་ཅིན་ཕིང་ལ་ཚང་མས་འདེམས་ཤོག་ཡོད་ཚད་འཕངས་ཏེ་བདམས་ཐོན་བྱུང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་ཚོགས་པ་འདེམས་བསྐོ་བྱེད་སྐབས། བློ་མཐུན་ཞི་ཅིན་ཕིང་ལ་ཡང་བསྐྱར་ཀུན་གྱིས་འདེམས་ཤོག་འཕངས་ཏེ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བས། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས།

འདེམས་ཤོག་རེ་རེས་ཏང་དང་མི་དམངས་ཀྱི་བསམ་པ་མཚོན་ལ། ཐལ་མོའི་རྡེབ་སྒྲ་རེ་རེས་ཡིད་ཆེས་དང་རེ་བཞག་བསྐྱལ་འོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་དམག་སྤྱི། མི་དམངས་ཀྱི་འགོ་ཁྲིད་བཅས་ཡིན་པ་ནི་ཀུན་གྱི་བདེ་སྐྱིད་ཡིན་པར་མ་ཟད། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་རེ་བའི་རེ་བ་མངོན་ས་དང་། སྟོབས་ཤུགས་མངོན་ས། རྒྱལ་ཁ་འཐོབ་ས་བཅས་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པ་ལས། ཀྲུང་གོའི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་ཀྱི་དུས་མཚམས་སུ་སླེབས་པ་མཚོན་ཡོད། 2020ལོའི་བར་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་པ་མ་ཟད། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས། དེ་མིན་ད་དུང་དུས་མཚམས་བབ་བསྟུན་གྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་འཕེལ་རིམ་གསར་པ་འཛུགས་སྐྲུན་བྱེད་པར་འགོ་བརྩམས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་དགོས། དེ་དང་ཆབས་ཅིག་ཏུ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་སྒོ་ནས་འགྱུར་ལྡོག་བྱུང་བཞིན་པའི་སྒང་རེད། རང་རྒྱལ་གྱི་འཕེལ་རྒྱས་ནི་སྔར་བཞིན་འཐབ་ཇུས་གལ་ཆེན་གྱི་དུས་སྐབས་སུ་གནས་ཡོད་པས། མདུན་ལམ་འོད་སྟོང་ལྡན་ཞིང་། འགྲན་སྡུར་ཧ་ཅང་ཛ་དྲག་ཡིན། ཡིན་ཡང་། དཀའ་ཁག་གདོང་གིས་བསུས་ནས། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་ལྡན་པའི་རླབས་ཆེན་འཐབ་རྩོད་མང་པོ་བརྒྱུད་ནས་ད་གཟོད་དུས་རབས་གསར་བའི་ལམ་ཆེན་དུ་ཞུགས་ཤིང་། འདི་ནི་ཏང་གི་འགོ་ཁྲིད་ཀྱི་ཐུགས་ཁུར་དང་། འགོ་ཁྲིད་སྲོག་ཤིང་ཡིན་པའི་གལ་ཆེའི་ནུས་པ་འདོན་སྤེལ་བྱས་པ་ཡིན།
རྒྱ་མཚོའི་རླབས་རྒྱུན་གསེར་གྱི་ཀ་བ་བཞིན།། རི་བོ་ཁྲི་ཡི་དབུ་རྩེ་བརྟན་ཞིང་འགྱིང་།།

འགན་འཁྲི་ལྕི་བའི་གནད་འགག་གི་དུས་རིམ་འདིར། ཏང་ཡོངས་དང་། དམག་ཡོངས། རིགས་སོ་སོའི་མི་དམངས་ཡོངས་ལ་ཐུན་མོང་གི་རེ་བ་ཉག་གཅིག་ཡོད་པ་ནི། ཀྲུང་དབྱང་གི་ཐུན་མོང་འགོ་ཁྲིད་བཟང་པོ་སྐོར་ཞིག་བདམས་པ་དེ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཏུ། མུ་མཐུད་དུ་གྲུབ་འབྲས་སྲ་བརྟན་དང་། དཀའ་ཁག་ཁྱད་གསོད། དཔའ་ངར་མདུན་སྐྱོད་བཅས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཕེལ་རིམ་གསར་བའི་ཁྲོད་དུ་རྔམ་བརྗིད་ཀྱི་ལེའུ་གསར་བ་ཞིག་འབྲི་བར་རེ་བས་སྒུག་ཡོད།

བྱ་བཞག་སྣ་ཚོགས་ཐད་ལ་འཇོན་མི་སྣ་ཚོགས་འདུས་ནས། ཏང་གི་ལས་དོན་དང་རྒྱལ་ཁབ་ཡུན་རིང་སྐྱོང་བའི་བྱ་བཞག་ལ་དམིགས་ནས། ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་གྱུར་འཆར་འགོད་འོག་སྐབས་གསར་བའི་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་ཀྱི་མི་སྣ་འདེམ་པའི་བྱ་བ་ལེགས་པོར་སྒྲུབ་ཅིང་། བྱ་བ་ཆེན་པོ་གང་ཞིག་བསྒྲུབ་པའི་གནད་འགག་ནི་མི་ལ་ཐུག་ཡོད་པ་དང་། རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གཞི་རྩ་འང་མི་བཀོལ་སྤྱོད་ལ་རག་ལས་ཡོད་པས། དུས་རབས་གསར་བར་འགོ་ཁྲིད་གསར་བའི་ཐུན་མོང་གི་སྲ་ཞིང་བརྟན་པའི་འབོད་སྐུལ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་ཚོགས་པ་ཇི་ལྟ་བུ་ཞིག་བྱུང་ནས་ཀྲུང་གོའི་སྣེ་ཁྲིད་ནས་མདུན་སྐྱོད་བྱེད་པར་ཏང་ཡོངས་དང་དམངས་ཡོངས། འཛམ་གླིང་ཡོངས་ཀྱིས་རེ་སྒུག་དང་། དོ་ཁུར། དོ་སྣང་ཆེན་བཅས་བྱེད་ཀྱིན་པའི་བྱ་བ་དེ་ཡིན།

ཏང་གི་སྒྲིག་ཡིག་ནང་དུ། ཏང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ནས་འདེམས་བསྐོ་བྱེད་དགོས་པ་གཏན་འཁེལ་བྱས་ཡོད།

གཏན་འཁེལ་འདི་བརྒྱུད་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་ནས་སྐབས་གསར་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་དགོས་པ་དང་། སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་སྐབས་གསར་བའི་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་དགོས། དོན་དེར་ཏང་ཀྲུང་དབྱང་གིས་ཚད་མཐོན་པོས་མཐོང་ཆེན་བྱེད་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རང་རེའི་ཏང་ནི་ཏང་ཡོན་བྱེ་བ་བརྒྱད་དང་ས་ཡ་དགུ་ལྷག་ཡོད་པའི་ཏང་ཁག་ཆེན་པོ་ཞིག་ཡིན་པར་མ་ཟད། མི་དམངས་དུང་ཕྱུར་བཅུ་ཕྲག་ལྷག་གིས་གྲུབ་པའི་སྲིད་སྐྱོང་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན་པས་ང་ཚོའི་ཕྲག་སྟེང་དུ་བབ་པའི་འོས་འགན་དང་འགན་འཁྲི་ཤིན་ཏུ་ལྕི། ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ལ་མཐུན་སྒྲིལ་གཅིག་གྱུར་ཡིན་པ། འགྱུར་མེད་སྟོབས་ལྡན་གྱི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་ཞིག་གྲུབ་པར་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་འོག སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་འདེམས་མི་གདམ་པར་གྲོས་བསྡུར་བྱེད་པའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ།

ཉིས་སྟོང་བཅུ་བདུན་ལོའི་ལོ་སྟོད་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་འདེམས་མི་བདམས་ཐོན་བྱེད་པའི་བྱ་བའི་གནས་ཚུལ་ཐད་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་རྣམས་ཀྱི་བསམ་འཆར་ལ་གཟབ་ནན་གྱིས་ཉན།

ཚང་མས་མཐའ་གཅིག་ཏུ། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་དང་བཅུ་བདུན་པ། བཅོ་བརྒྱད་པ་བཅས་ཀྱི་འབྲེལ་ཡོད་སྒྲུབ་སྟངས་སྤྱི་སྡོམ་བྱེད་པའི་རྨང་གཞིའི་སྟེང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མི་སྣ་འདེམས་བསྐོ་དང་ཞིང་ཆེན་རིམ་པའི་ཏང་ཨུའི་སྐབས་བརྗེའི་རྟོག་དཔྱོད་བྱ་བའི་སྒྲུབ་སྟངས་དང་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། གླེང་མོལ་དང་རྟོག་ཞིབ་ཀྱི་རྣམ་པ་སྤྱད་དེ། སྐབས་གསར་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཧྲུའུ་ཅི་ཁྲུའུ་ཡི་བཙུགས་གྲུབ་མི་སྣའི་འདེམས་མི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་མི་སྣ། གཅིག་གྱུར་སྒོས་བསམ་གཞིགས་གཏོང་དགོས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་ཁོངས་མིའི་འདེམས་མི། རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཏང་ནང་ཁུལ་གྱི་གསར་དུ་བསྐོ་འཐེན་བྱས་པའི་འདེམས་མི་བཅས་ལ་ཁྱབ་ཁོངས་ངེས་ཅན་ཞིག་ནས་མཚམས་སྦྱོར་བསམ་འཆར་དང་གྲོས་གཞི་འདོན་པར་གཅིག་གྱུར་ཡིད་འཐད་བྱུང་།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་ཆེད་དུ་ཞིབ་འཇུག་བྱས། སྐབས་བཅུ་དགུ་བའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་འདེམས་མི་གྲོས་བསྡུར་བྱེད་པའི་གླེང་མོལ་བཀོད་སྒྲིག་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་། གླེང་མོལ་ཞིབ་འཇུག་དང་འདེམས་མི་གྲོས་བསྡུར་བྱ་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐད་ཀར་འགོ་ཁྲིད་འོག་སྤེལ་བ་དང་། གཙོ་བོ་གཤམ་གྱི་རྩ་དོན་འགའ་བརྩི་སྲུང་བྱ་དགོས།

“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བྱེད་པར་དམིགས་ཏེ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་དངོས་འབེབ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ། རྒྱུན་ཆད་མེད་པར་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པ། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་འཛིན་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་སྐུལ་འདེད་བྱེད་པ། ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་གཏོང་བ། ཏང་གི་ལས་དོན་རྒྱུན་སྐྱོང་བ་དང་དར་རྒྱས་གོང་སྤེལ་བཏང་ནས། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་ཁག་ཐེག་བྱེད་དགོས།

ཆབ་སྲིད་པའི་ཚོགས་ཁག་གི་ཚད་གཞི་རྒྱུན་འཁྱོངས་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་བཞག་བྱེད་པ་རྒྱུན་འཁྱོངས་བྱེད་པ། ལས་དོན་གཙོར་འཛིན་པ་དང་འདྲ་མཉམ་དྲང་གཞག་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་དང་སྤྱོད་གཙང་གི་འགག་སྒོ་དམ་ཟུང་བྱེད་པ་དང་། ཚན་རིག་ལྟར་མི་སྣ་འདེམས་སྤྱོད་བྱེད་དགོས།

སྔར་ལས་ལྷག་པའི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་བདམ་ཐོན་ནང་རྐྱེན་ལེགས་བཅོས་དང་འཐུས་ཚང་དུ་བཏང་སྟེ། ཧུར་ཐག་དང་བརྟན་བརླིང་གིས་ཏང་དང་རྒྱལ་ཁབ་ཀྱི་མཐོ་རིམ་འགོ་ཁྲིད་པའི་གསར་རྙིང་བརྗེ་སྤོར་ལ་སྐུལ་འདེད་བྱེད་དགོས།

ཏང་དོ་དམ་ལས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་བྱེད་པ། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་ལེགས་པོ་བྱས་ཏེ། དམངས་གཙོའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས། གླེང་མོལ་དང་རྟོག་ཞིབ་ཁྲོད་དུ་གཙོ་བོ་ཐུན་མོང་གི་ལྟ་བ་གཅིག་བསྡུས་བྱས་ཏེ། འོས་སྦྱོར་མི་སྣ་མཚམས་སྦྱོར་བྱེད་པར་ཚད་བཀག་མེད་པ་དང་། འདེམས་མིའི་འོས་སྦྱོར་འདེམས་ཤོག་གྲངས་ཀ་གཞི་འཛིན་ས་བྱེད་དགོས། ལས་བྱེད་པའི་ཆ་རྐྱེན་དང་འགོ་ཁྲིད་ཚན་ཁག་གི་སྒྲིག་གཞིའི་དགོས་མཁོ་ལྟར་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞི་འདེམས་མི་བཏོན་པར་ཞིབ་འཇུག་བྱེད་དགོས།

སྐབས་གསར་བའི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་འདེམས་མིའི་ཇུས་གཞི་དེར་ཆབ་སྲིད་ཚད་གཞི་རྒྱུན་འཁྱོངས་དང་དམག་འཁྲུག་གྲ་སྒྲིག་གཅིག་བསྡུས་བྱེད་པ། གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། རྒན་དར་གཞོན་གསུམ་གྱི་གོ་རིམ་ལྟར་བཀོད་སྒྲིག་བྱེད་པར་དོ་སྣང་བྱེད་དགོས་པ་ནན་གྱིས་བསྟན།

རྩ་དོན་དེ་དག་གཞིར་བཟུང་སྟེ། ཀྲུང་དབྱང་གིས་འོས་སྦྱོར་འདེམས་མིར་འཛོམས་དགོས་པའི་ཆ་རྐྱེན་བཏོན་པ་སྟེ།
ཏང་ལ་བློ་དཀར་བ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འདུ་ཤེས་བཞི་བརྟན་པོར་འཛུགས་པ། ཡིད་ཆེས་བཞི་སྲ་བརྟན་དུ་བཏང་སྟེ། རྦད་ཆོད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་བྱེད་པ་ནི་ཚད་ལྡན་གྱི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པ་ཡིན།

འགོ་ཁྲིད་པར་སྟོབས་ཤུགས་ཆེན་པོ་ལྡན་ཞིང་། ལག་ལེན་ཉམས་མྱོང་ཕུན་སུམ་ཚོགས་པ། གསར་བརྗེའི་ལས་དོན་གྱི་སྙིང་སྟོབས་ཆེན་པོ་ལྡན་པ། བཅོས་སྒྱུར་གསར་སྐྲུན་དང་དངོས་ཐོག་བདེན་འཚོལ་གྱི་སྙིང་སྟོབས་ལྡན་པ། འགན་འཁྲི་ཕྲག་ཏུ་ལེན་ཕོད་པ། ཆབ་སྲིད་བྱས་འབྲས་ཀྱི་ལྟ་བ་ཡང་དག་ལྡན་པ། བྱ་བའི་བྱས་འབྲས་འབུར་ཐོན་ཡིན་དགོས།

དམངས་གཙོ་གཅིག་སྡུད་ཅན་ལམ་ལུགས་སྣེ་ཁྲིད་དང་ལག་བསྟར་བྱེད་པ་དང་རང་འགུལ་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་སྲིད་དང་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོབ་བྱས་ཏེ་བློ་མཐུན་བར་གྱི་མཐུན་སྒྲིལ་ལ་གཅེས་འཛིན་བྱེད་པ་དང་། དྲང་བདེན་སྲུང་བ། བློ་ཁོག་ཡངས་དགོས་པ་བཅས་བྱེད་དགོས།

གུང་ཁྲན་ཏང་མིའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་ཡོད་པར་བྱས་ཏེ་རྒྱུན་འཁྱོངས་ཀྱིས་སྣེ་ཁྲིད་བྱེད་པའི་རྣམ་གཞག་གིས་ཏང་གི་སྒྲིག་ཁྲིམས་དང་ཐག་བཅད་སྲུང་བརྩི་བྱེད་པ། བྱ་སྤྱོད་བཟང་པོ་དང་སྤྱོད་གཙང་སྲིད་གཙང་གིས་ཏང་ཕྱི་ནང་དུ་་མཚན་སྙན་མཐོ་བ་དང་སྣང་བརྙན་བཟང་པོ་ཡོད་དགོས།

སྐབས་སྔོན་མའི་བྱེད་ཐབས་ལྟར། ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཀྲུང་དབྱང་འགོ་ཁྲིད་གྲུབ་ཚུལ་འཛུགས་སྐྲུན་གྱི་དོན་དངོས་དང་། ཀྲུང་དབྱང་གིས་ད་རུང་འདེམས་སྒྲུག་མི་སྣའི་ཁྱབ་ཁོངས་དང་ལོ་ཚོད་ཀྱི་གྲུབ་ཚུལ་ལ་རེ་བ་མངོན་གསལ་བཏོན།

ཚང་མས་གཅིག་གྱུར་གྱིས་བལྟས་ན། ཀྲུང་དབྱང་གིས་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་རྩ་འཛུགས་འདེམས་སྒྲིག་བྱ་བའི་ཚན་རིག་རང་བཞིན་དང་། འདེམས་སྒྲུག་མི་སྣ་བསལ་བའི་ཚད་གཞིའི་ཆ་རྐྱེན་མངོན་གསལ་དང་། འདེམས་སྒྲུག་མི་སྣའི་ཁྱབ་ཁོངས། ལོ་ཚད་ཀྱི་ཚད་གཞི་དང་གྲུབ་ཚུལ་གྱི་ཆ་རྐྱེན་དོན་དངོས་དང་མཐུན་དགོས་པ་དེས་ཏང་ཀྲུང་དབྱང་གི་མིག་རྒྱང་རིང་བ་མཚོན་ཡོད།

དམངས་གཙོ་ཚན་རིག་གི་ཐུན་མོང་གི་ལྟ་ཚུལ་གྱིས་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་འདེམས་སྒྲུག་མི་སྣ་བདམས་ཐོན་བྱེད་པར་བྱེད་ཐབས་གསར་བ་རབ་དང་རིམ་པ་སྤྱད་དེ་མི་སྣ་འདེམས་བསྐོ་དང་བཀོལ་སྤྱོད་བྱེད་པའི་རྐྱེན་སྲོལ་དང་ཁ་ཕྱོགས་གསར་བ་མངོན་པར་བྱས་པ་དང་། ཏང་གི་བྱ་སྤྱོད་གསར་བ་དང་སྣང་བརྙན་གསར་བ་མཚོན་ཡོད།

ཉིས་སྟོང་བཅུ་བདུན་ལོའི་ཟླ་ལྔ་བའི་ཟླ་སྨད་དུ། ཞིང་ཆེན་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཞིག་ལ་པེ་ཅིན་དུ་རྩ་འཛུགས་ཀྱི་གླེང་མོལ་བྱེད་དགོས་པའི་བརྡ་འབྱོར།

གླེང་མོལ་བྱེད་པའི་དུས་ཚོད་དང་ས་གནས་ཀྲུང་ནན་ཧའེ་ལ་བཀོད་སྒྲིག་བྱས་ཡོད་པ་དང་། གླེང་མོལ་བྱེད་སར་ཐོན་དུས་རྒྱུ་ཆ་གསུམ་སྒྲོག་ཙེ་སྟེང་བཞག་ཡོད་ལ།«གླེང་མོལ་བརྟག་དཔྱད་ཀྱི་འབྲེལ་ཡོད་བཀོད་སྒྲིག»«ལས་རྐང་སྟེང་གི་ཏང་དང་རྒྱལ་ཁབ་ཀྱི་ཏང་ཡོན་འགོ་ཁྲིད་བློ་མཐུན་གྱི་མིང་ཐོ། »«ཞིང་ཆེན་དང་པུའུ་རིམ་པའི་ཏང་ཡོན་ལས་བྱེད་འགོ་ཁྲིད་ཀྱི་མིང་ཐོ།»ཁ་བརྡའི་རྟོག་དཔྱོད་བྱ་བའི་གོ་རིམ་ལྟར། གླེང་མོལ་ལ་ཞུགས་པའི་ལས་བྱེད་དག་ལ་འོས་མཚམས་ཀྱིས་རྒྱུ་ཆ་ཀློག་པའི་དུས་ཚོད་བཀོད་སྒྲིག་དང་སྒེར་ཚུགས་ཀྱིས་བསམ་གཞིག་ནན་ཏན་བྱེད་པའི་གྲ་སྒྲིག་ཡོད་པར་བྱས་པའི་རྨང་གཞིའི་སྟེང་།ཀྲུང་དབྱང་འགོ་ཁྲིད་བློ་མཐུན་དག་ལ་ཐད་ཀར་གླེང་མོལ་བྱེད་པའི་བྱེད་ཐབས་ཀྱིས་ལས་བྱེད་པ་འདིའི་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་མི་སྣ་འདེམས་སྒྲུག་གི་བསམ་འཆར་ལ་ཉན།

ལས་བྱེད་པ་འདིས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད་རྒྱུར། འོས་སྦྱོར་བྱེད་པའི་མི་གྲངས་ལ་ཚད་བཀག་མེད་པ་དང་། རྒྱུས་ལོན་ཅི་ཙམ་ཡོད་ན་དེ་ཙམ་གླེང་བ་དང་། ཇི་ལྟར་བསམ་ན་དེ་ལྟར་བཤད་པ། དངོས་ཐོག་བདེན་འཚོལ་དང་། གང་བསམ་དེ་བཤད་བྱས་ཆོག་ཟེར། ས་གནས་ནས་བྱ་བ་སྒྲུབ་བཞིན་པའི་བློ་མཐུན་ཞིག་ཡིན་པའི་ཆ་ནས། སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་བདམས་མིར་རང་ཉིད་ཀྱི་བསམ་འཆར་འདོན་པ་དང་། འོས་སྦྱོར་བྱེད་པའི་གོ་སྐབས་དང་ཐོབ་ཐང་ཡོད་པས། འདི་ནི་ཏང་ཀྲུང་དབྱང་གིས་ང་ཚོར་ཚད་མཐོན་པའི་སྒོ་ནས་ཡིད་ཆེས་བྱས་པ་ཡིན་ལ། དེས་ང་ཚོ་ཏང་གི་དམངས་གཙོའི་བྱ་སྤྱོད་དང་བསྐྱེད་ཡངས་པའི་སེམས་རྒྱ་གང་ལེགས་སྒོས་མཚོན་ཡོད་པ་དང་། ང་ཚོ་ཏང་ལ་ཏང་ཡོངས་ཀྱི་བློ་གྲོས་གཅིག་བསྡུས་བྱེད་པར་མཁས་པའི་སྲོལ་རྒྱུན་བཟང་པོ་ཡོད་པ་མཚོན་པར་བྱས་ཡོད།

མི་རེ་རེར་གླེང་མོལ་དང་རྟོག་དཔྱོད་བྱེད་པའི་རྣམ་པ་ལ་བརྟེན་ནས། ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་མཉམ་དུ་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་བདམས་མི་འོས་སྦྱོར་བྱེད་པའི་བསམ་འཆར་དང་འབྲེལ་ཡོད་གྲོས་གཞི་ལ་ཉན་པ་དང་། འདི་ནི་སྐབས་བཅུ་དགུ་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་བདམས་མིའི་མིང་འདོན་བྱ་བའི་གསར་སྐྲུན་གལ་ཆེན་ཞིག་རེད།

གསར་སྐྲུན་གལ་ཆེན་འདི་ལོ་རྒྱུས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། བདམས་མི་བཀོལ་སྤྱོད་ཀྱི་རྣམ་པ་གསར་བའི་བྱེད་ཐབས་གསར་བའི་སྟེང་མངོན་འགྱུར་བྱས་ཡོད།

ཏང་དང་རྒྱལ་ཁབ་ཀྱི་མཐོ་རིམ་འགོ་ཁྲིད་བདམས་ཐོན་བྱུང་བའི་ཐད་ནས། ང་ཚོ་ཏང་ལ་སྲོལ་རྒྱུན་བཟང་པོ་ཡོད་པ་དང་། མུ་མཐུད་དུ་འཚོལ་ཞིབ་བྱས་པས། ཉམས་མྱོང་ཡོད་ལ་བསླབ་བྱ་ཡང་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་གྲོས་ཚོགས་ལ་འོས་སྦྱོར་བྱེད་པའི་རྣམ་པ་སྤྱད་ཡང་། ཚད་ལས་བརྒལ་བའི་སྒོ་ནས་འདེམ་ཤོག་གི་མང་ཉུང་གཙོ་བོར་བཟུང་བའི་རྐྱེན་གྱིས་སྐྱོན་ཆ་མང་པོ་བྱུང་། བློ་མཐུན་ལ་ལས་གྲོས་ཚོགས་ལ་འོས་སྦྱོར་བྱེད་པའི་གོ་རིམ་ཁྲོད་འདེམ་ཤོག་སྟེང་གང་འདོད་དུ་འགྲིག་རྟགས་བརྒྱབ་པ་དེས་དམངས་ཀྱི་འདོད་བློ་ངོ་མ་མཚོན་མི་ཐུབ་པའི་སྣང་ཚུལ་ཡང་བྱུང་ཡོད་པ་དང་། ཐ་ན་འབྲེལ་བར་བརྟེན་ནས་འདེམ་ཤོག་འཕེན་པ་དང་། མིའི་བར་གྱི་བརྩེ་འདང་ལ་བརྟེན་ནས་འདེམ་ཤོག་འཕེན་པ་སོགས་ཀྱི་སྣང་ཚུལ་ཡང་ཡོད་པ་རེད། ཀྲུང་དབྱང་གིས་ཀྲིག་ཡུང་ཁང་དང་། སུང་ཀྲིན་ཚའེ། ལིན་ཅི་ཧྭ་སོགས་ཀྱིས་སྔོན་ཆད་གྲོས་ཚོགས་སྟེང་འོས་སྦྱོར་བྱེད་པའི་འདེམ་ཤོག་ཐོབ་ཆེད་གཞན་ལ་ལྐོག་རྔན་བརྫངས་པའི་རྩ་འཛུགས་མ་ཡིན་པའི་བྱ་འགུལ་ཡང་རྩད་ཆོད་ནས་ཐག་གཅོད་བྱས།

གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་སྟེ། ཀྲུང་དབྱང་གིས་སྐབས་གསར་བའི་འགོ་ཁྲིད་ལས་ཁུངས་ཀྱི་མི་སྣ་བདམས་ཐོན་ཐད་ལ་གསར་སྐྲུན་དང་ལེགས་བསྒྱུར་བྱས་པ་དང་། དམངས་གཙོ་ཁ་ཕྱོགས་རྒྱུན་འཁྱོངས་དང་། དམངས་གཙོ་བྱེད་ཐབས་ལེགས་བསྒྱུར་བྱེད་པ། དམངས་གཙོའི་སྤུས་ཚད་མཐོར་འདེགས་གཏོང་དགོས་པ་ནན་གྱིས་བསྟན་ཏེ། སྐབས་བཅུ་དགུ་པའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་བདམས་མིར་རྟོག་ཞིབ་བྱེད་པ་དང་། ནན་འཛིན་བྱེད་པའི་ཐག་གཅོད་རྨང་གཞིའི་སྟེང་། གླེང་མོལ་དང་རྟོག་ཞིབ་བྱེད་པ། བསམ་འཆར་ལ་ཉན་པ། ནང་ཁུལ་དུ་ཡང་ཡང་གྲོས་མོལ་བྱེད་པ། གྲོས་ཚོགས་སྟེང་ཐག་གཅོད་བྱེད་པ་སོགས་ཀྱི་བརྒྱུད་རིམ་བརྒྱུད་དེ་རིམ་བཞིན་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་མི་སྣ་བདམས་ཐོན་བྱུང་།

2017ལོའི་ཟླ4བའི་ཟླ་མཇུག་ནས་ཟླ6པའི་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་དུས་ཚོད་བཀོད་སྒྲིག་བྱས་ནས། སོ་སོར་ད་ལྟ་ལས་འགན་བཞེས་བཞིན་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཏང་ནང་ཁུལ་གྱི་བློ་མཐུན་རྒན་པར་གྲོས་མོལ་བྱས་ཏེ། བསམ་འཆར་ལ་ཉན་པ་དང་། སྔ་གཞུག་ཏུ་མི་ང་བདུན་ལ་གྲོས་མོལ་བྱས།

ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་གཞིར་བཟུང་ནས། ཀྲུང་དབྱང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱིས་སོ་སོར་ཞིང་ཆེན་དང་པུའུ་རིམ་པ་གཙོ་བོ་དང་། དམག་དཔུང་འཐབ་ཁུལ་དུ་ཏང་ཡོན་གྱི་ལས་འགན་གཙོ་བོ་ཁུར་བཞིན་པའི་བློ་མཐུན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་གཞན་པ་སོགས་མི་ཉིས་བརྒྱ་དང་ང་བརྒྱད་ཀྱི་བསམ་འཆར་ལ་ཉན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་སོ་སོར་ད་ལྟ་འཐབ་ཁུལ་ན་ལས་འགན་བཞེས་བཞིན་པའི་འགོ་ཁྲིད་བློ་མཐུན་གཙོ་བོ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་འཐབ་ཁུལ་རིམ་པའི་སྡེ་ཁག་གཙོ་བོའི་འགན་ཁུར་བློ་མཐུན་སོགས་མི་སོ་གཉིས་ཀྱི་བསམ་འཆར་ལ་ཉན།

འདི་ལྟར་མི་རེ་རེ་བྱས་ནས་གླེང་མོལ་དང་རྟོག་ཞིབ་བྱེད་པ་དང་། མཉམ་དུ་བསམ་འཆར་ལ་ཉན་པའི་གྲོས་གཞིའི་བྱེད་ཐབས་སྤྱད་པ་དེ་ལ་གྲོས་མོལ་ལ་ཞུགས་པའི་བློ་མཐུན་ཡོངས་ཀྱིས་བསྟོད་བསྔགས་ཐོབ། ཚང་མས་ཡོངས་ཁྱབ་སྒོས་ལྟོས་ན། བྱེད་ཐབས་ལ་བསམ་བློ་བཏང་བ་ཆ་ཚང་ཡིན་པ་དང་། བྱ་བའི་བཀོད་སྒྲིག་ཞིབ་ཕྲ་ཡིན་པ། གོ་རིམ་ཇུས་འགོད་ཞིབ་ཚགས་ཡིན་པ། སྒྲིག་ལམ་རེ་བ་ནན་མོ་ཡིན་པས། འདི་ལྟའི་བསམ་འཆར་ནི་སྔར་ལས་ཕྱོགས་ཡོངས་དང་། ངོ་མ་ཡིན་པ། ཡང་དག་ཡིན་པ་མཚོན་ཡོད།

གསར་སྐྲུན་ཆེན་པོ་དེ་ལས་དོན་ལ་གཞིགས་ནས་མི་སྣ་གདམ་པ་རྒྱུན་འཁྱོངས་དང་རྩ་འཛུགས་བྱ་བ་གྲུང་བའི་སྒྲིག་གཞི་གསར་བ་དང་ཁྲིད་ཕྱོགས་གསར་བའི་སྟེང་མངོན་ཡོད།

གླེང་མོལ་འོས་སྦྱོར་བྱ་བའི་ཁྲོད། ཀྲུང་དབྱང་གིས་འོས་སྦྱོར་འདེམ་མའི་ཆ་རྐྱེན་གསལ་བོ་བྱས་ཡོད། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པའི་ཚོགས་ཁག་གི་ཚད་གཞི་ལྟར་མི་སྣ་གདམ་པ་རྒྱུན་འཁྱོངས་བྱེད་པ་དང་། ཤེས་སྤྱོད་ཟུང་འབྲེལ་གཙིགས་སུ་བཟུང་བ་དང་། ལས་དོན་གཙོ་བོར་འཛིན་པ། སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་རྒྱུན་འཁྱོངས་བྱེད་པ། བྱ་བའི་ནུས་ཤུགས་དང་ལག་ལེན་ཉམས་མྱོང་གཙིགས་ཆེན་དུ་བཟུང་ནས། འདེམ་མིའི་སྤྱོད་གཙང་འགག་སྒོ་དང་ཀུན་སྤྱོད་འགག་སྒོ་ནན་མོ་བསྲུངས་པ་རྒྱུན་འཁྱོངས་བྱས་ཏེ་སྣང་བརྙན་བཟང་བོར་མཐོང་ཆེན་བྱས།

ཚད་གཞི་ནན་མོ་དང་ལས་དོན་གཙོར་འཛིན་དགོས། གླེང་མོལ་ལ་ཞུགས་པའི་བློ་མཐུན་ཚོས་དེའི་ཐད་དུ་གདེང་འཇོག་ཚད་མཐོན་པོ་དང་མགྲིན་གཅིག་ཏུ་ཡིད་འཐད་བྱུང་།

ཚང་མས་བལྟས་ན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་གོ་གནས་དེ་ལྕགས་ཀྱི་རྐུབ་སྟེགས་དང་ལྕགས་ཀྱི་ཞྭ་མོ་ལྟ་བུ་མིན་པར། ལོ་ཚོད་ཀྱི་ཆ་རྐྱེན་འདང་རུང་མུ་མཐུད་དུ་འོས་མིར་གདམ་པའི་ངེས་པ་མེད་པར་གཙོ་བོ་འདེམ་མིའི་ཆབ་སྲིད་ཀྱི་རྣམ་འགྱུར་དང་སྤྱོད་གཙང་གི་གནས་ཚུལ། ལས་དོན་གྱི་དགོས་མཁོ་ལྟར་ལས་གནས་སྟེང་འདུག་ཐུབ་པ་དང་ལས་གནས་སྤོར་ཐུབ་པ། གོ་གནས་འཕར་ཐུབ་པ་དང་གོ་གནས་ལས་མར་འབབ་ཐུབ་པ་བྱེད་དགོས།

ཚང་མས་བལྟས་ན། སྐབས་བཅུ་དགུ་པའི་ཀྲུང་དབྱང་མགོ་ཁྲིད་ཀྱི་སྒྲིག་གཞི་འདེམ་མི་བདམས་ཐོན་བྱུང་བ་ནི། ཚན་རིག་ལྟར་མི་བཀོད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་ཞིང་། སྔར་ལས་བཟང་བའི་སྒོ་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྣམ་པ་བཟང་བོ་ཆགས་པ་དང་ལས་བྱེད་པ་འདེམ་བསྐོ་བྱེད་པའི་ཚན་རིག་རང་བཞིན་དང་ཀུན་གྱིས་ཡིད་ཆེས་བྱེད་པར་ནང་དོན་ཟབ་མོ་ལྡན།

བློ་མཐུན་མང་ཤོས་ཀྱིས་བཤད་རྒྱུར། ཐེངས་འདིར་འདི་ལྟ་བུའི་ཁྱབ་ཁོངས་ནང་ཏང་དང་རྒྱལ་ཁབ་ཀྱི་མཐོ་རིམ་མི་དོན་བཀོད་སྒྲིག་གི་གནད་དོན་ལ་ཡོངས་ཁྱབ་ཏུ་བསམ་འཆར་བསྡུ་ལེན་བྱས་པ་ནི།གནས་བབ་གསར་བའི་འོག་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ལ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་བདམ་ཐོན་ནང་རྐྱེན་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བའི་ལག་ལེན་བཟང་བོ་ཡིན་པས། ཡང་དག་པའི་ངང་མི་བཀོད་སྤྱོད་བྱེད་པའི་ཁྲིད་ཕྱོགས་གསར་བ་དར་སྤེལ་བྱས།

གསར་སྐྲུན་ཆེན་པོ་དེ་སྤྱོད་གཙང་སྲོལ་བཟང་རྒྱུན་འཁྱོངས་དང་ཏང་གི་སྤྱོད་ཚུལ་གསར་བ་དང་སྣང་བརྙན་གསར་བ་ཡང་བསྐྱར་བཞེངས་སྐྲུན་བྱེད་པའི་སྟེང་མཚོན་ཡོད།

གཟི་བརྗིད་ལྡནཔའི་ཆབ་སྲིད་འོས་འགན་དང་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ཚད་མཐོན་པོས་འགན་འཁུར་བའི་རྣམ་འགྱུར་ཡིད་ལ་བཟུང་ནས། གླེང་མོལ་ལ་ཞུགས་པའི་བློ་མཐུན་རྣམས་ཀྱིས་གཟབ་ནན་དང་ནན་ཏན་གྱིས་ཤེས་ཚད་བཤད་པ་དང་ཅི་བསམ་ལྷུག་བརྗོད། སེམས་གཏམ་བཤད་པ་དང་དྲང་བོ་དྲང་གཞག་གིས་བསམ་འཆར་བཏོན།

གླེང་མོལ་ལ་ཞུགས་པའི་བློ་མཐུན་ཚོས་བསམ་བློ་གཏོང་སྐབས་ཧ་ཅང་ནན་ཏན་དང་གཟབ་ནན་ཡིན་ལ། ལ་ལས་གླེང་མོལ་བྱེད་སྐབས་སྐད་ཆ་གནད་བསྡུས་བཤད་པ་དང་། གླེང་མོལ་ཁྲོད་གང་བསམ་དེ་བཤད་བྱས་པས། འོས་སྦྱོར་བསམ་འཆར་ཕྱོགས་ཡོངས་ནས་སྤེལ་བར་མ་ཟད། བློ་མཐུན་མང་ཤས་ཀྱིས་ཀྲུང་དབྱང་གི་མགོ་ཁྲིད་དཔུང་སྡེ་འཛུགས་པར་བསམ་འཆར་བཟང་བོ་བཏོན།བློ་མཐུན་ལ་ལས་གླེང་མོལ་གྲོལ་རྗེས་ཡང་བསྐྱར་ཁ་པར་བཏང་ནས་བསམ་འཆར་ལ་ཁ་གསབ་བྱས། ཡང་ལ་ལས་ཆེད་དུ་ཡིག་ཐོག་བསམ་འཆར་སྤྲད།

“གླེང་མོལ་བྱེད་པའི་གོ་རིམ་ཁྲོད་རང་ཉིད་ལ་ཉམས་སད་དང་ཏང་གཤིས་སློབ་གསོ་ཐེངས་ཤིག་ཡང་བཏང་ཡོད། མཐོ་རིམ་མགོ་ཁྲིད་ལས་བྱེད་པ་ཞུགས་ཚད་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐྱེ་སྟོབས་ཀྱི་ལག་ལེན་ཞིག་ཡིན།” ཚང་མས་བལྟས་ན། བྱེད་ཐབས་དེས་སྔོན་ཆད་ནང་བཞིན་ཚོགས་ཆེན་ནས་གང་འདོད་དུ་མི་སྣ་བདམ་པ་དང་འདེམས་ཤོག་ཏུ་རྟགས་རྒྱག་པའི་སྐྱོན་ཆ་མང་བོ་ཡོ་བསྲང་བྱས་པས་ལྐོག་འཕེལ་གནས་ཚུལ་མེད་པར་ནམ་ཡང་སྤྱོད་གཙང་སྲོལ་བཟང་དར་སྤེལ་དུ་བཏང་ཡོད།

གྲོས་བསྡུར་ཟབ་མོ་བྱས་ཏེ། ཏང་གི་འདོད་བློ་གཅིག་བསྡུས་བྱས།
ཚང་མས་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་། 2017ལོའི་ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་གྱིས་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་མི་སྣ་འདེམ་བསྐོའི་ཇུས་གཞི་བཏོན།

སྐབས་གསར་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་མི་སྣ་འདེམ་བསྐོའི་ཇུས་གཞིའི་བསམ་འཆར་ཏེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འབྲེལ་ཡོད་ཕྱོགས་ལ་གྲོས་བསྡུས་ཟབ་མོ་བྱས་ནས། ཀྲུང་དབྱང་ལ་སྤྲོད་དགོས། སྐབས་གསར་བའི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་མི་སྣ་འདེམ་བསྐོའི་ཇུས་གཞི་བསམ་འཆར་ཏེ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གཅིག་བསྡུས་སྒོས་གྲོས་བསྡུར་བྱས་རྗེས། ཀྲུང་དབྱང་ལ་སྤྲོད་དགོས།

ཟླ་དགུ་པའི་ཚེས་ཉེར་དགུ་ཉིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་བསྡུས་ཏེ་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་མི་སྣ་འདེམ་བསྐོའི་བྱ་བ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཚངས་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་པོའི་སྟེང་འདེམ་བསྐོ་དང་གྲོས་མཐུན་བྱུང་བ། ཐག་གཅོད་པ་བཅས་ཀྱི་ཐད་རེ་ཞུ་ཐག་གཅོད་བྱས།

སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་བྱུང་བའི་བརྒྱུད་རིམ་ནི་ཏང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་དང་དམངས་གཙོ་དར་སྤེལ་དང་མཉམ་འབྲེལ་གང་ལེགས་བྱེད་པ། ཏང་ཡོངས་ཀྱི་བློ་གྲོས་གཅིག་བསྡུས་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ལ། ཏང་གི་སྒྲིག་ཡིག་དང་ལམ་ལུགས། གོ་རིམ་ལྟར་གཟབ་ནན་སྒོས་སྒྲུབ་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་མུ་མཐུད་དུ་ལམ་ལུགས་ལེགས་བཅོས་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་པས། ང་ཚོའི་ཏང་སྔར་ལས་མཐུན་སྒྲིལ་གཅིག་གྱུར་དང་ཡིད་ཆེས་སྔར་ལས་བརྟན་པོ་ཡིན་པ་མཚོན་ཡོད།

རླུང་བརྟེན་རླབས་གཤག་བྱས་ཏེ་མདུན་སྐྱོད་བྱེད། སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིས་ཏང་ཡོངས་ཀྱི་སྲིད་འཛིན་ཕུལ་བྱུང་མི་སྣ་གཅིག་བསྡུས་བྱས་ཏེ། ཁོ་ཚོས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། དཔའ་སྟོབས་ཀྱིས་ཁེངས་པ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་རླབས་ཆེའི་འཐབ་རྩོད་ལག་ལེན་དང་རླབས་ཆེའི་བཟོ་སྐྲུན་འཛུགས་སྐྲུན། རླབས་ཆེའི་ལས་དོན་ལ་སྐུལ་འདེད། རླབས་ཆེའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་དགོས།

ཟླ་བཅུ་པའི་ཚེས་ཉེར་བཞིའི་ཉིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལས་སྐབས་གསར་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མི་སྣ་བདམས་ཐོན་བྱུང་།

ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན། ཏང་གི་སྐབས་བཅུ་དགུ་པའི་ཚངས་འཛོམས་གྲོས་ཚོགས་ཐེངས་དང་པོ་ལས་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་།

འདི་ནི་ཏང་ཡོངས་ཀྱི་འདུ་ཤེས་མཚོན་པ་དང་ཏང་ཡོངས་ཀྱི་ཐུན་མོང་གི་ངོས་ཟིན་གཅིག་བསྡུས་བྱེད་པ། མི་དམངས་ཀྱི་རེ་སྒུག་མངོན་པར་བྱེད་པ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཡིད་ཆེས་གང་ལེགས་བྱས་ཆོག་པའི་འགོ་ཁྲིད་ཚོགས་པ་ཞིག་རེད།

སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞི་ནི་མར་ཁེ་སི་རིང་ལུགས་ཆབ་སྲིད་པའི་ཚད་གཞི་ལྟར། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་སྐུལ་འདེད་བྱེད་ཐུབ་པ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བྱེད་ཐུབ་པའི་དགོས་མཁོ་དང་བསྟུན་ཐུབ་དགོས་ལ། བཅོས་སྒྱུར་གྱི་མཁྲེགས་གཏོར་གནད་དོན་ཐག་གཅོད་བྱེད་ཐུབ་པ་དང་། ཉམས་སད་སྣ་ཚོགས་ལ་ཁ་གཏད་ཐུབ་པའི་ཆེད་ལས་ཀྱི་བྱང་ཚད་ལྡན་དགོས་ལ། འགོ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་མང་ཚོགས་ཀྱི་བྱ་བའི་ནུས་པ་ལྡན་དགོས། བློ་དཀར་སེམས་དཀར་དང་གཙང་དག འགན་ཁུར་བཅས་ལྡན་པར་བྱས་ནས། ལས་བྱེད་མང་ཚོགས་ཀྱི་ཁྲོད་ཟིལ་ཤུགས་ལྡན་པའི་ཕྱོགས་སོ་སོའི་ཏང་གི་སྲིད་འཛིན་རྐང་འཛིན་མི་སྣ་བཙུགས་གྲུབ་བྱུང་།

འདི་ནི་སྔར་སོང་རྒྱུད་འཛིན་དང་མ་འོངས་གསར་གཏོད་བྱེད་པའི་དེང་རབས་ཀྲུང་གོ་གུང་ཁྲན་ཏང་མིའི་རྣམ་པ་གང་ལེགས་སྒོས་མཚོན་པའི་འགོ་ཁྲིད་ཚོགས་པ་ཞིག་རེད།

སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ནི་ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་བྱ་བར་ཆ་རྒྱུས་ཡོད་པའི་བློ་མཐུན་ཉེར་ལྔའི་གྲུབ་པ་ཡིན་ལ། ཚང་མ་ཡོན་ཚད་དང་ཆེད་ལས་ཤེས་བྱ་ཅུང་མཐོན་པོ་ཡོད། གྲུབ་ཚུལ་ཅུང་འོས་འཚམ་ཡིན་ལ། ལ་ལས་ས་གནས་སུ་བྱ་བ་སྒྲུབ་པ་དང་ལ་ལས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སུ་བྱ་བ་སྒྲུབ་པ། ལ་ལས་དམག་ཁུལ་དུ་བྱ་བ་སྒྲུབ་བཞིན་ཡོད་ལ། ད་དུང་བུད་མེད་བློ་མཐུན་ཡང་ཡོད། དེའི་ཁྲོད། བློ་མཐུན་བཅུ་ནི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ཡིན་པས་མུ་མཐུད་དུ་འོས་མིར་བདམས་པ་དང་། བློ་མཐུན་གསུམ་ནི་རྒྱལ་ཡོངས་དམངས་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་ནས་ལས་གནས་སྤར་བ་ཡིན་ལ། བློ་མཐུན་བཅུ་གཉིས་ནི་གསར་དུ་བདམས་ཐོན་བྱུང་བ་རེད།

འདི་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡུན་རིང་འཕེལ་རྒྱས་ཀྱི་ཐད་དགོས་མཁོ་དང་མཐུན་པའི་འགོ་ཁྲིད་ཚོགས་པ་ཞིག་རེད།

སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞི་འཕར་གྲིབ་ཀྱི་བསྡུར་ཚད་ཅུང་འོས་འཚམ་ཡིན་ལ། མི་སྣ་དང་བྱ་བའི་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱས་ཡོད་པ་དང་། ཧུར་ཐག་བརྟན་བརླིང་སྒོས་ཏང་དང་རྒྱལ་ཁབ་ཀྱི་མཐོ་རིམ་འགོ་ཁྲིད་ཀྱི་གསར་རྙིང་བརྗེ་སྤོར་མངོན་འགྱུར་བྱས། སྤྱོད་ཡོན་གཉིས་ལྡན་དང་ལོ་ན་གཞོན་ཞིང་འཇོན་ཐང་ལྡན་པའི་འགོ་ཁྲིད་ལས་བྱེད་མི་སྣ་སྐོར་ཞིག་སྐབས་གསར་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་རུ་བདམས་པ་དང་། ང་ཚོའི་ཏང་ཡར་རྒྱས་གོང་འཕེལ་དང་ཤུལ་འཛིན་མཁན་ཡོད་པ་མཚོན་ཡོད།

སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་མི་སྣ་འདེམས་པར་གྲོས་བསྡུར་དང་བསམ་འཆར་བསྡུ་ལེན་བྱེད་སྐབས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་སྐོར་ཞིག་གིས་ཏང་དང་མི་དམངས་ཀྱི་ཁེ་ཕན་གཙོར་བཟུང་ནས། རྒྱལ་ཁབ་དར་རྒྱས་དང་མི་རིགས་དར་སྤེལ་གྱི་མཐོ་ཚད་ནས་འགན་ཁུར་བའི་སྙིང་སྟོབས་ཀྱིས་རང་འགུལ་གྱིས་གོ་གནས་ནས་མར་འབབ་པའི་ཚུལ་བསྟན་པ་དང་། ན་གཞོན་བློ་མཐུན་རྣམས་ལྟོས་འཇོག་གིས་གོ་གནས་འཕར་དགོས་པའི་ཚུལ་བསྟན། དེ་ནི་གུང་ཁྲན་ཏང་མིས་ཁོག་རྒྱ་ཆེན་པོ་དང་ཡ་རབས་གཞུང་བཟང་གི་རྣམ་པ་རེད།
དུས་རབས་གསར་བར་སྣེ་ཁྲིད་དེ། འཕེལ་རིམ་གསར་བའི་མགོ་ཡང་བསྐྱར་རྩོམ་དགོས།

2017ལོའི་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་ཤར་མའི་ནང་འོད་མདངས་བཀྲ་ཞིང་སྤྲོ་སེམས་འཁོལ་བའི་རྣམ་པའི་ཡོངས་སུ་ཁེངས་ཡོད། དུས་ཚོད་བཅུ་གཅིག་དང་སྐར་མ་ང་བཞིའི་སྟེང་། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལི་ཁི་ཆིང་། ལིས་ཀྲན་ཧྲུའུ། བཱང་ཡང་། བཱང་ཧུའུ་ཉིན། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཚོམས་ཁང་ཤར་མའི་ནང་ཕེབས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་སྙིང་ཉེ་བའི་མཇལ་འཕྲད་གནང་།

ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་འགྲོས་མཉམ་པའི་གོམ་སྟབས་དང་གཟི་དཔལ་གྱི་བརྗིད་ཉམས་མངོན་བཞིན་གསར་འགོད་པ་རྣམས་ཀྱི་པར་མིག་གི་མདུན་དུ་བློ་རྩ་བརྟན་པོས་སྙིང་སྟོབས་མངོན་པར་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་ཁོངས་མིའི་ཚབ་མཛད་དེ་ཏང་ཡོངས་ཀྱི་བློ་མཐུན་གྱིས་ཁོང་ལ་ཡིད་ཆེས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་། འགན་འཁྲི་ནན་སྲུང་དང་བྱ་བ་ནན་སྒྲུབ། འགན་འཁྲི་དང་ལེན་ནན་མོ་བྱས་ཏེ་མངག་བཅོལ་སྟོང་ཟད་དུ་མི་གཏོང་བའི་བསམ་ཚུལ་བསྟན། ཁོང་གིས་གསུང་རྒྱུར། འདས་པའི་ལོ་ལྔའི་ནང་། ང་ཚོས་བྱ་བ་མང་པོ་ཞིག་བསྒྲུབས་ལ། དེའི་ཁྲོད་ཀྱི་བྱ་བ་ཁ་ཤས་ཡོངས་འགྲུབ་བྱས་ཟིན་ལ་བྱ་བ་ཁ་ཤས་ད་དུང་མུ་མཐུད་དུ་བསྒྲུབ་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་ཡང་བསྐྱར་དམིགས་འབེན་གསར་བ་དང་ལས་འགན་གསར་བ་བཏོན་པས། ང་ཚོས་དེ་དག་ལ་གཅིག་གྱུར་འཆར་འགོད་དང་དངོས་འབེབ་དམ་འཛིན་བྱེད་དགོས། ང་ཚོས་མི་དམངས་ཀྱི་ཁྲོད་དུ་རྐང་འཛུགས་པ་དང་མི་དམངས་ལ་དམ་པོར་བརྟེན་ཚེ། སྔར་མེད་ཀྱི་སྟོབས་ཤུགས་ཐོབ་སྲིད་ལ། དཀའ་སྤྱད་འབད་འཐབ་ཀྱིས་མདུན་དུ་སྐྱོད་ཐུབ།

འདི་ནི་དུས་རབས་གསར་བའི་འགོ་ཁྲིད་པའི་ཡིད་ཆེས་ཡིན་ལ། དེ་ནི་སྲིད་འཛིན་ཏང་ཞིག་གི་འགན་ཁུར་ཡིན་པ། དེ་ནི་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་རེ་བའང་ཡིན།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་འབད་བརྩོན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པར་སྣེ་ཁྲིད་དེ། འོད་སྟོང་འབར་བའི་ཕྱོགས་སུ་བསྐྱོད་ངེས།