སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ10བའི་ཚེས་27ཉིན་གྱི་སྔ་དྲོ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་དང་པོ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཆབ་སྲིད་དང་གཞུང་ལུགས། ལག་ལེན་བཅས་ཀྱི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་རབ་དང་རིམ་པ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་གྱིས་རྒྱས་བཤད་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་བྱ་བར་སྐུལ་འདེད་བཏང་ཏེ། འཐབ་ཇུས་བཀོད་སྒྲིག་གཏན་འཁེལ་བྱས་ཡོད་པ་དང་། དེ་ནི་ང་ཚོ་ཏང་གིས་དུས་རབས་བའི་བགྲོད་ལམ་གསར་བ་གསར་སྐྲུན་བྱེད་པའི་ཆབ་སྲིད་དང་འགུལ་སྤྱོད་རྩ་གནད་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཐད། ཏང་ཡོངས་ཀྱིས་སློབ་སྦྱོང་བྱ་འགུལ་རྒྱ་ཆེན་པོ་ཞིག་སྤེལ་དགོས་ཟེར། ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་ལེན་མཐར་ཕྱིན་པའི་སྐོར་གྱི་མྱོང་ཚོར་གླེང་། ཁོ་ཚོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་ནས། མར་ཁེ་སི་ལེའི་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏུན་ཞོའི་ཕེན་གྱི་རིགས་པའི་གཞུངས་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་སོགས་ཆབ་སྲིད་ཀྱི་ཆོད་གཏམ་ཞིག་ཡིན་ལ། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འོས་འགན་གསལ་བཤད་བྱས་ཡོད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་ཕུ་ཐག་གཅོད་པ་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་གོ་རིམ་གསར་བའི་དམིགས་འབེན་སྤེལ་བ་དང་། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་དང་ཏང་གི་རླབས་ཆེན་བཟོ་བཀོད་ཆེན་པོ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་མདུན་དུ་སྐྱོད་པའི་ཁ་ཕྱོགས་སྔར་ལས་གསལ་བོར་བསྟན་ཡོད་པ་དང་། ང་ཚོ་ཏང་མཐུན་སྒྲིལ་བྱས་ཏེ་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་ནས་དུས་རབས་གསར་བ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབས་སྲིད་བསྒྲགས་གཏམ་དང་བྱ་སྤྱོད་རྩ་གནད་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་སྐུལ་འདེད་བྱེད་པ། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཅས་བྱས་ཏེ། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་གཟབ་ནན་སྒོས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་བསམ་བློའི་དྲག་ཆས་ཆེན་པོར་སྐུལ་འདེད་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བཏོན་པའི་དམིགས་འབེན་འགན་འཁྲི་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཁོ་ཚོའི་བསམ་འཆར་ལ་ནན་ཏན་སྒོས་ཉན། ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་ནི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་གཅིག་གི་ཆབ་སྲིད་འགན་འཁྲི་གཙོ་བོ་ཡིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྔོན་ལ་སློབ་སྦྱོང་བྱས་ཏེ་ཏང་ཡོངས་ལ་དཔེ་སྟོན་གྱི་ནུས་པ་འདོན་དགོས། འདིར་བཞུགས་ཀྱི་བློ་མཐུན་མི་ཉུང་བ་ཞིག་ནི་གསར་དུ་ཀྲུང་དབྱང་ཆབ་སྲིད་ཅུའུ་རུ་ཞུགས་པའི་བློ་མཐུན་ཡིན་པས། གོ་གནས་མཐོ་ལ་འགན་འཁྲི་ལྕི་བ་དང་། མཐོ་ཚད་སྔར་ལས་མཐོ་བས་མིག་རྒྱ་སྔར་ལས་ཆེན་པོར་བསྐྱེད་དགོས། ཚང་མས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཏང་གི་སློབ་ཁྲིད་དང་པོ་དང་། ཆབ་སྲིད་ཀྱི་ངེས་སྦྱོང་སློབ་ཁྲིད་དང་པོར་བརྩིས་ནས། ཧུར་ཐག་གིས་རང་ཉིད་ཀྱི་ཆབ་སྲིད་བྱང་ཚད་དང་བསམ་བློའི་གཞུང་ལུགས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཏང་དང་མི་དམངས་ཀྱིས་བསྩལ་བའི་འགན་འཁྲི་ལྕི་མོ་དང་ལེན་བཟང་བོ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་ནང་དོན་ལ་གོ་བ་ལོན་པ་ནས་འབད་པ་བྱེད་དགོས། ནང་དོན་ལ་གོ་བ་ལོན་ཐུབ་པར་བྱེད་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལས་འདུ་ཤེས་གསར་བ་དང་རིགས་པས་ཐག་གཅོད་གསར་བ་མང་པོ་བཏོན་ཡོད་ལ། འགན་འཁྲི་གསར་བ་དང་བྱེད་ཐབས་གསར་བ་མང་པོ་གཏན་འཁེལ་བྱས་པ་དང་། སློབ་སྦྱོང་བྱས་པ་བརྒྱུད་ནས་གོ་བ་ཡང་དག་པོར་ལོན་པ་བྱེད་དགོས། གནད་འགག་ནི་བསམ་གཞིགས་མང་པོ་བཏང་སྟེ། ཧུར་ཐག་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་ཆབ་སྲིད་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་། གཞུང་ལུགས་ཀྱི་རིན་ཐང་། ལག་ལེན་གྱི་རིན་ཐང་བཅས་ཁོང་དུ་ཆུད་པར་བྱེད་དགོས། གཞུང་ལུགས་དང་ལག་ལེན། ལོ་རྒྱུས་དང་དངོས་ཡོད། དེང་སྐབས་དང་མ་འོངས་བ་ཟུང་འབྲེལ་བྱེད་པའི་ཐབས་ལམ་ལག་བསྟར་བྱེད་པ་གདེང་འཇོག་བྱས་ནས། གནད་སོ་སོའི་གོ་བ་གཏིང་ཟབ་ལོན་པར་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་ཚུལ་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ་དང་། རང་རྒྱལ་གྱི་དོན་དངོས་ནས་མགོ་བརྩམས་ཏེ། རང་རྒྱལ་འཕེལ་རྒྱས་ཀྱི་གཏན་ཚིགས་དང་མཐུན་པའི་བསམ་གཞིགས་གཞིར་བཟུང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐབས་ལམ་ཡིད་ཆེས་དང་གཞུང་ལུགས་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་བཅས་ཇེ་དྲག་ཏུ་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་དང་། ཁོང་དུ་ཆུད་བྱས་པར་བྱས་ཏེ། ནང་དོན་ཆད་ལྷག་མེད་པ་དང་། ཐར་ཐོར་མིན་པ། གཙོ་ཕལ་མེད་པ། ཁ་བཤད་ཙམ་མིན་པ། ཕྱི་ཚུལ་རིང་ལུགས་ལྟར་མི་བྱེད་པ། དངོས་ཕན་རིང་ལུགས་བཅས་ཀྱི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དང་སྦྲགས་ནས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིག་པར་སློབ་སྦྱོང་བྱེད་དགོས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དང་མཉམ་དུ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ང་ཚོའི་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བཟོ་སྐྲུན། རླབས་ཆེན་གྱི་ལས་དོན་ལ་སྐུལ་འདེད་བཏང་ནས། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལག་ལེན་དང་སྦྲེལ་བ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དང་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་འཐབ་ཇུས་བཀོད་སྒྲིག་སྣ་ཚོགས་ལག་ལེན་དང་སྦྲེལ་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་འཐབ་ཇུས་བཀོད་སྒྲིག་བྱས་པའི་སྤྱི་ཡོངས་རང་བཞིན་དང་། འབྲེལ་པའི་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ཁྱོན་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་རིགས་སྣ་ཚོགས་བཟང་པོར་སྒྲུབ་པའི་ཐད་ངོས་འཛིན་ཟབ་མོ་བྱེད་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ཏེ། དངོས་སྒྲུབ་ཐད་ཤུགས་བསྣན་ནས། རྒྱལ་ཕུང་གཙང་སེལ་དང་། དངོས་སྒྲུབ་རྒྱལ་དར།བཀོད་སྒྲིག་སྣ་གཅིག་དང་། ལག་ལེན་སྣ་མང་སྤྱད་དེ། དངོས་གནས་དྲང་གནས་ཀྱིས་བྱེད་ཐབས་ལག་བསྟར་བྱས་ནས། ཏང་གི་ལས་དོན་ཡར་ངོས་ཟླ་བ་ལྟར་གོང་དུ་འཕེལ་བར་སྐུལ་འདེད་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་ལག་ལེན་དངོས་འབེབས་བྱས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་འགོ་ཁྲིད་དེ། བྱ་བ་དང་འགན་ཁུར་དོན་གཉེར་བྱེད་པ་དང་། ལས་བགོས་བྱས་པའི་བྱ་བ་ནན་ཏན་གྱིས་སྒྲུབ་ནས་འབྲས་བུ་བཟང་པོ་ལེན་པ། ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་བཏོན་པའི་དམིགས་འབེན་འགན་འཁྲི་སྣ་ཚོགས་གཅིག་གྱུར་བྱས་ནས། དམིགས་འབེན་གལ་ཆེན་གྱི་འགན་ཁུར་ཐད་རིམ་པ་ལྟར་འཆར་འགོད་དང་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་ཕྱོགས་ནས་རང་འགུལ་གྱིས་རང་གི་འགན་འཁྲིའི་ཁྱབ་ཁོངས་ཀྱི་འགན་ཁུར་ཁག་ཐེག་བྱས་ནས། ཡང་དག་པའི་བྱ་བའི་ཇུས་གཞི་བཙལ་ནས། འགན་འཁྲི་དང་དུས་ཚོད། ལམ་ཐིག་བཅས་ཀྱི་འཆར་འགོད་བཟོས་ནས། བྱ་བའི་ཁ་ཕྱོགས་མངོན་གསལ་དང་། རྒྱུ་སྤུས་གལ་ཆེན་དུ་འཛིན་པར་རེ་བ་ནན་མོ་བཏོན་ཞིང་།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དམིགས་འབེན་འགན་ཁུར་ལ་ཉེ་དུས་དང་། དུས་དཀྱིལ། ཡུན་རིང་བཅས་ཀྱི་ཁ་ཕྱོགས་མངོན་གསལ་གྱིས་གཏན་འཁེལ་བྱས་ཡོད་པས། བྱ་བའི་གཙོ་ཕལ་དང་ལྕི་ཡངས་ཁོང་དུ་ཆུད་པར་བྱས་ནས། འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པའི་སྒོ་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རང་རྟོགས་ཀྱིས་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དེ་ས་ཁུལ་དང་སྡེ་ཁག་གི་བྱ་བའི་འགན་ཁུར་དུ་བརྩིས་ནས། རྒྱལ་ཡོངས་ཀྱི་བསམ་བློ་འགྱུར་མེད་སྲ་བརྟན་གཏོང་བར་སྐུལ་འདེད་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དེ་སྔོན་འགྲོར་བརྩིས་ནས། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་དང་འཐབ་ཇུས་བཀོད་སྒྲིག་བདེ་བླག་ངང་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས།
ཞི་ཅིན་ཕིང་གིས་གོ་རིམ་གསར་བའི་བགྲོད་ལམ་ནི་ནམ་ཡང་ཀྱག་ཀྱོག་དང་དཀའ་ཚེགས་ཆེ་བ་ཞིག་ཡིན་ཞིང་། ང་ཚོའི་མདུན་དུ་འགྲན་རྩོད་ཆེན་པོ་དང་ཉམས་སད་ཆེན་པོ། འགལ་རྐྱེན་ཆེན་པོ། འགལ་བ་ཆེན་པོ་བཅས་མང་པོ་ལྷགས་ཡོད་པས། འགོ་ཁྲིད་ལས་བྱེད་པར་ངེས་པར་དུ་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ཆེན་པོ་ཡོད་དགོས། འགོ་ཁྲིད་ལས་བྱེད་པར་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ཆེན་པོ་ཡོད་དགོས་པར་མ་ཟད། བྱ་བ་ལེགས་འགྲུབ་བྱེད་པའི་འཇོན་ཐང་ཆེན་པོའང་ལྡན་དགོས། སྤོབས་པ་ཆེན་པོས་ཆབ་སྲིད་འཛིན་པ་དང་ཆབ་སྲིད་འཛིན་མཁས་པ། འཕེལ་རྒྱས་དམ་འཛིན་བྱེད་པ་དང་འཕེལ་རྒྱས་དམ་འཛིན་བྱེད་མཁས་པ། བཅོས་སྒྱུར་དམ་འཛིན་བྱེད་ཕོད་པ་དང་བཅོས་སྒྱུར་དམ་འཛིན་བྱེད་མཁས་པ། འགལ་བ་དང་གནད་དོན་ལ་གདོང་གཏོད་ཕོད་པ་དང་འགལ་བ་དང་གནད་དོན་ཐག་གཅོད་བྱེད་མཁས་པ། དངོས་འཛིན་དངོས་སྒྲུབ་བྱེད་པའི་རང་རྟོག་གི་བསམ་བློ་ཡོད་དགོས་པ་དང་བྱ་བ་ལེགས་འགྲུབ་བྱེད་པའི་འཇོན་ཐང་ལྡན་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་ཀྱིན་ཡོད་ལ། ཚོགས་འདུའི་ཡིག་ཆ་བཀྲམ་རྒྱུ་ནི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱེད་པའི་དགོས་ངེས་ཀྱི་བྱེད་ཐབས་ཡིན་ལ། སློབ་སྦྱོང་དྲིལ་སྒྲོག་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་དེའང་ཆེས་དགོས་ངེས་ཆེ་བ་ཞིག་རེད། ཡིན་ནའང་གྲོས་ཚོགས་བརྒྱུད་ནས་གྲོས་ཚོགས་དངོས་འབེབས་བྱེད་པ་དང་ཡིག་ཆ་བརྒྱུད་ནས་ཡིག་ཆ་དངོས་འབེབས་བྱེད་པའི་སྣང་ཚུལ་འབྱུང་བ་བཀག་འགོག་བྱེད་པ་དང་། སྟོང་བཤད་མི་རྒྱག་པ་དང་རྣམ་པ་ཙམ་དུ་མི་འགྱུར་བར་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། རྣམ་པ་མང་པོ་དང་བྱེད་ཐབས་སྣ་མང་ལག་བསྟར་བྱེད་པ་དང་། དྲིལ་སྒྲོལ་བྱེད་ཤུགས་རྒྱ་བསྐྱེད་དེ། སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་གྱི་ཚ་རླབས་ཤིག་བསླངས་དགོས། རིམ་པ་སོ་སོའི་ཏང་ཨུས་རྫོང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་དམ་འཛིན་བྱེད་པ་དང་། ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་འཇོག་དགོས་ལ། རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ལས་བྱེད་པའི་གསོ་སྦྱོང་གི་ནང་དོན་གཙོ་བོར་འཇོག་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལས་བྱེད་པ་རྩ་འཛུགས་བྱས་ཏེ་གཅིག་བསྡུས་རེས་མོས་ཀྱིས་གསོ་སྦྱོང་བྱེད་པར་དམ་འཛིན་བྱེད་དགོས། རྒྱ་ཆེའི་མང་ཚོགས་ལ་ཕྱོགས་པའི་དྲིལ་སྒྲོལ་སློབ་གསོ་དམ་འཛིན་བྱེད་པ་དང་། རྒྱ་ཆེའི་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་ཏུ་དྲིལ་སྒྲོག་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་དངོས་སྒྲུབ་པ་དང་དྲིལ་སྒྲོག་པ་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དགོངས་དོན་སྒྲོག་འགྲེལ་དང་། མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དྲིལ་སྒྲོག་བྱེད་དགོས་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་རྩ་འཛུགས་བྱས་ཏེ་གཞི་རིམ་དུ་སོང་ནས་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་། རང་ཉིད་ཀྱི་མྱོང་ཚོར་དངོས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དྲིལ་སྒྲོག་བྱེད་དགོས།
ལོ་ཙཱ་བ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ། སྟོབས་ལྡན་བཀྲ་ཤིས། སྟོབས་ལྡན་རྒྱལ།