ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཚེ་སྲོག་གི་སྟོབས་ཤུགས་ཆེན་པོ་སྔར་ལས་མངོན་པར་བྱེད་དགོས།
2017.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་རེ་རེར་འཕྲད་སྐབས། ང་ཚོ་ཏང་གིས་ཕྱོགས་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། མདུན་བསྐྱོད་རང་བཞིན་ལྡན་པའི་བསམ་བློའི་རྩ་དོན་བཏོན་ནས། ཏང་དང་རྒྱལ་ཁབ་ལས་དོན་གྱི་རྣམ་པ་གསར་བ་ཕྱེས་པ་དང་། བསམ་བློ་གཏོང་ཕྱོགས་གསར་བ་གསར་གཏོད་བྱེད་པར་ཡར་སྐུལ་བྱེད་ཐུབ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་མཇུག་བསྡུས་ཟིན་པ་དང་། འདི་ནི་ང་ཚོའི་ཏང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཕུ་ཐག་ཆོད་པའི་དུས་རིམ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་གནད་འགག་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད། ཐེངས་འདིའི་ཚོགས་འདིའི་སྟེང་། ང་ཚོ་ཏང་གིས་ཆབ་སྲིད་དང་། གཞུང་ལུགས། ལག་ལེན་གྱི་སྟེང་ནས་གྲུབ་འབྲས་གལ་ཆེན་རབས་དང་རིམ་པ་བླངས་ཏེ། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་རབས་དང་རིམ་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཐད་ལ་སྲིད་ཇུས་དང་བྱེད་ཕྱོགས་རྒྱས་བཤད་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་བྱ་བའི་ཐད་ལ་འཐབ་ཇུས་བཀོད་སྒྲིག་གཏན་ཁེལ་བྱེད་པར་ཡར་སྐུལ་བྱེད་པ་དེ་ནི་ང་ཚོ་ཏང་དུས་རབས་གསར་བར་བསྐྱོད་པའི་གོ་རིམ་གསར་བ་དང་། མུ་མཐུད་དུ་ཆབ་སྲིད་བསྒྲགས་གཏམ་དང་བྱ་སྤྱོད་རྩ་གནད་ཀྱི་ལེའུ་གསར་བ་འབྲི་བའི་མགོ་བརྩམས་པ་ཞིག་རེད། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ནང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ནི་ཏང་གི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་དངོས་འབེབ་བྱེད་པ་དེ་ཡིན་ལ། དེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་བསམ་བློའི་ལག་ཆ་ལྟ་བུ་ཞིག་ཏུ་འགྱུར་བར་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དངོས་འབེབ་བྱེད་པ་དེ་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སློབ་སྦྱོང་བཟང་པོ་བྱེད་དགོས་པའི་རེ་བ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་དགོངས་དོན་ལྟར། སློབ་སྦྱོང་བྱས་ནས་གོ་བ་ལོན་པའི་སྟེང་འབད་བརྩོན་བྱེད་དགོས་པ་དང་། གོ་བ་བླངས་ནས་བཀོལ་སྤྱོད་བྱེད་པའི་འབད་བརྩོན་བྱེད་དགོས་ལ། ལག་ལེན་བྱེད་པའི་སྟེང་འབད་བརྩོན་བྱེད་དགོས། མ་ལག་ཆ་ཚང་བའི་རྨང་གཞིའི་སྟེང་གནད་ས་འབུར་དུ་ཐོན་པར་བྱེད་པ་དང་། གནད་འགག་འཛིན་པ། ཤུགས་ཆེན་པོའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དེ་ཏང་གིས་ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པའི་མཛུབ་སྟོན་བསམ་བློའི་སྟེང་གཅིག་བསྡུས་བྱེད་དགོས་པ་དང་། ལོ་ལྔའི་རིང་ལ་ཏང་དང་རྒྱལ་ཁབ་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བའི་སྟེང་གཅིག་བསྡུས་བྱེད་དགོས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེར་གོང་དུ་འཕེལ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་པ་དང་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བར་བསྒྱུར་བ་སོགས་ཀྱི་ཤན་གཅོད་གལ་ཆེན་གྱི་ཤན་ཤུགས་ཟབ་མོའི་སྟེང་གཅིག་བསྡུས་བྱེད་དགོས་ཤིང་།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཇུས་ཆོད་གལ་ཆེན་བཀོད་སྒྲིག་དངོས་འབེབ་དོན་འཁྱོལ་ཡོང་བ་གཅིག་བསྡུས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་བརྩི་སྲུང་དང་། མི་དམངས་ཀྱིས་གུས་བཀུར། ངོ་གནོངས་མི་དགོས་པའི་ཏང་གི་གཙོ་འཛིན་ཡིན་པ་གཅིགབསྡུས་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དེ་ཁེ་ལས་དང་ཞིང་སྡེ། ལས་ཁུངས། སློབ་གྲྭ སྡོད་ཁུལ། དམག་སྒར། དྲྭ་ཚིགས་བཅས་སུ་བསྐྱོད་པར་སྐུལ་འདེད་བྱས་ཏེ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ངར་ཤུགས་གཅིག་སྒྲིལ་གྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་གཏན་ཁེལ་བྱས་པའི་དམིགས་འབེན་དང་འོས་འགན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ་ཏང་གི་གཞུང་ལུགས་དང་ལག་ལེན་སྤྱིའི་བརྗོད་དོན་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ཡིས་ང་ཚོའི་ཏང་གི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་གལ་ཆེའི་ཆབ་སྲིད་ཀྱི་བརྡར་ཤ་གལ་ཆེན་བསྟན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱས་ཏེ། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ”བཞི་ཁོང་དུ་ཆུད་པར་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་ཆོད་གཏམ་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ན། ད་གཟོད་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་གསར་བར་ངོས་འཛིན་གསལ་བོ་བྱེད་ཐུབ་པ་དང་། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་བབ་འགན་ཁོང་དུ་ཆུད་པར་བྱས་ཏེ།“ཡིད་ཆེས་བཞི”ལ་ཤུགས་སྣོན་བྱ་དགོས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་བྱུང་བའི་ཁྱད་ཆོས་གསར་བར་སློང་སྦྱོང་དང་གོ་བ་གཏིང་ཟབ་བླངས་ན། ད་གཟོད་ཁྱོན་ཡོངས་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་རྟོགས་ཐུབ་ལ། དུས་རབས་ཀྱི་བླངས་བྱ་དང་འཚམ་པ་དང་། དུས་རིམ་གཉིས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་གྱི་དམིགས་འབེན་གསར་བར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ན། ད་གཟོད་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ཁོང་དུ་ཆུད་ནུས་ལ། འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཐུབ། ཏང་གི་འཛུགས་སྐྲུན་གྱི་བླང་བྱ་གསར་བར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ན། ད་གཟོད་བརྟན་རླིང་སྒོས་ཏང་འཛུགས་སྐྲུན་སྔར་ལས་སྟོབས་དང་ལྡན་པར་གཏོང་ཐུབ་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་རྒྱུན་འཁྱོངས་དང་འཕེལ་རྒྱས་ལ་ཤུགས་སྣོན་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་དོན་གཙོ་བོ་ཡིན་པ་དང་། ང་ཚོའི་ཏང་གི་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་གལ་ཆེའི་གཞུང་ལུགས་གསར་སྐྲུན་དང་མ་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་བ་བཅས་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ན་ངེས་པར་དུ་ཅི་ལྟ་བུའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏང་བ་དང་ཅི་ལྟར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏང་དགོས་པའི་དུས་རབས་གསར་བའི་མཐོ་ཚད་ནས་འགྲེངས་ཏེ། གཏིང་ཟབ་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཏང་གིས་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་མཛུབ་སྟོན་བསམ་བློའི་དགོངས་དོན་གལ་ཆེན་དུ་གཏན་འཁེལ་བྱས་པ་རྟོགས་པར་བྱེད་དགོས། གཏན་འཁེལ་གསལ་བོ་བརྒྱད་ནས་རྒྱུན་འཁྱོངས་བྱེད་དགོས་པ་བཅུ་བཞིའི་བར་དུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་ཚན་རིག་གི་མ་ལག་ཆ་ཚང་བ་ཞིག་གྲུབ་པར་བྱས་ཡོད་པ་དང་། བསམ་བློ་དེའི་དུས་རབས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་གནས་བབ། ཚན་རིག་གི་མ་ལག དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་རེ་བ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། དེའི་ཁྲོད་ཀྱི་དད་མོས་འདུ་ཤེས་བརྟན་པོ་ཡིན་པ་དང་མི་དམངས་ཀྱི་ལངས་ཕྱོགས་གསལ་བོ་ཡིན་པ། ལོ་རྒྱུས་ཀྱི་འགན་འཁྲི་དྲག་པོ་ལྡན་པ། དངོས་ཐོག་བདེན་འཚོལ་གྱི་ཀུན་སྤྱོད་ལྡན་པ། གསར་སྐྲུན་གྱི་སྙིང་སྟོབས་ལྡན་པ་དང་ཚན་རིག་བྱེད་ཐབས་ཀྱི་གཞུང་ལུགས་བཅས་ལ་གོ་བ་གཏིང་ཟབ་བླངས་ན། ང་ཚོས་ད་གཟོད་མངོན་གསལ་གྱི་རྒྱུད་འཛིན་རང་བཞིན་དང་གསར་སྐྲུན་རང་བཞིན། དུས་རབས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཁོང་དུ་ཆུད་པར་བྱེད་ཐུབ། རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་སློབ་སྦྱོང་གི་ཁྲོད་དུ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་དགོས་པ་དང་། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱིས་ཀླད་པ་གསལ་བོ་བྱེད་པ་དང་ལག་ལེན་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བྱེད་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་འདུག་མཉམ་ལས་བྱས་ནས། མི་དམངས་ཀྱི་མཛེས་སྡུག་འཚོ་བ་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་བརྩོན་ལེན་མཐའ་འཁྱོལ་བྱེད་དགོས།

ཏང་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་བརྩོན་སེམས་ཆེར་བསྐྱེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྔར་ལས་གསོན་ཤུགས་གསར་བ་རྒྱས་སུ་འཇུག་དགོས་པར་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཏང་ཡོངས་ལ་རླབས་ཆེན་གྱི་འབོད་སྐུལ་གསར་བ་བསྒྲགས་ཡོད།

ང་ཚོས་བསམ་བློ་དང་འགུལ་སྐྱོད་གཉིས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གཟི་བརྗིད་གསར་བ་འབྲི་དགོས་པ་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་སྟེང་མཚར་སྡུག་གསར་བ་བསྐྲུན་དགོས།
 

ལོ་ཙཱ་བ། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས། གཡང་འབུམ་རྒྱལ།