བསམ་བློ་གསར་བ་གཞིར་བཟུང་སྟེ་ལག་ལེན་གསར་བ་གསར་གཏོད་བྱེད།
2017.11.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

སེམས་ཁོངས་སུ་དད་མོས་ཡོད་ཚེ་འབད་འཐབ་ལ་སྟོབས་ཤུགས་ལྡན་ངེས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཏང་གི་སྒྲིག་ཡིག་ནང་དུ་བཀོད་ཡོད་པ་དང་། ཏང་གིས་ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པའི་མཛུབ་སྟོན་བསམ་བློར་གཏན་འཁེལ་བྱས་ཏེ། དུས་རབས་གསར་བའི་རླབས་ཆེན་ལག་ལེན་ལ་བྱ་སྤྱོད་ཕྱོགས་སྟོན་འདོན་སྤྲོད་བྱས། ས་ཁུལ་སོ་སོས་དགོངས་དོན་ལ་སློབ་སྦྱོང་བྱས་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དགོངས་དོན་ལ་སློབ་སྦྱོང་བྱས་ནས་བསམ་གཞིགས་གཏོང་བ། དགོངས་དོན་ལ་སློབ་སྦྱོང་བྱས་ནས་ལག་ལེན་དུ་བསྟར་བ། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་སྟེ། ཀླད་པར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད་བྱས་ནས། རྣམ་པ་གསར་བ་དང་སྤྱོད་ཚུལ་གསར་བས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་དགོས།

ཀླད་པར་དྲག་ཆས་སྤྲས་བ་དང་མི་སེམས་གཅིག་སྒྲིལ་བྱེད་དགོས།

“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རིགས་གཞུང་གི་གྲུབ་འབྲས་གལ་ཆེན་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཆགས་པར་མ་ཟད་ཆ་ཚང་བའི་སྒོ་ནས་རྒྱས་བཤད་བྱས་པ་དང་། དུས་རབས་གསར་བར་ཞུགས་རྗེས་ཅི་ལྟ་བུའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་རྒྱུན་འཁྱོངས་བྱེད་པ་དང་། ཅི་ལྟར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གནད་དོན་རབ་དང་རིམ་པར་ལན་གསལ་བོར་བཏབ”། ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་གཙོ་ལིག་བིས་ཀྱིས་བཤད་རྒྱུར། སློབ་སྦྱོང་དང་ཞིབ་འཇུག་གི་གོ་རིམ་ཁྲོད། མར་ཁེ་སི་རིང་ལུགས་ཀྱི་རིག་གཞུང་དང་མཚན་ཉིད་རིག་པ། ཆབ་སྲིད་རིག་པ། དཔལ་འབྱོར་རིག་པ། སྤྱི་ཚོགས་རིག་པ། ལོ་རྒྱུས་རིག་པ་སོགས་རིག་གཞུང་མང་པོ་དང་ཟུང་འབྲེལ་བྱས་ཏེ། བསམ་བློ་གསར་བའི་ཞིབ་འཇུག་ལ་སྔར་ལས་མ་ལག་རང་བཞིན་དང་ཚན་རིག་རང་བཞིན། ཡོངས་ཁྱབ་རང་བཞིན། རྒྱུན་སྲིང་རང་བཞིན་བཅས་ལྡན་པར་བྱེད་དགོས། དུས་མཚུངས་སུ། བསམ་བློ་གསར་བ་དེ་སློབ་དེབ་དང་སློབ་ཁྲིད་ཁྲོད་དུ་ཁྱབ་པར་བྱེད་པ་དང་། སེམས་སུ་འཇགས་པར་སྐུལ་འདེད་བྱེད་དགོས་ཟེར།

ལངས་ཕྱོགས་བརྟན་པོར་བཅངས་པ་དང་བགྲོད་ལམ་གསལ་བོར་ཞུགས་པར་ཁྲིད་སྟོན་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་གྱི་ཏང་གི་རིག་གཞུང་དང་ལག་ལེན་ཡོད་ཚད་ཀྱི་བརྗོད་དོན་གཙོ་བོ་ཡིན་ལ། ཚན་རིག་གི་སྤྱི་ཚོགས་རིང་ལུགས་རིག་གཞུང་གི་གཏན་ཚིགས་དང་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་གཏན་ཚིགས་ཀྱི་རྩོད་སྒྲུབ་གཅིག་གྱུར་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ནང་། “ངེས་གསལ་བརྒྱད”གྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་གནད་དོན་རབ་དང་རིམ་པར་ལན་གསལ་བོར་བཏབ་པ་དང་། “རྒྱུན་འཁྱོངས་བཅུ་བཞི”ཡིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་ཇུས་གཞི་གྲུབ་པར་བྱས།
མང་ཚོགས་ཀྱིས་རིག་གཞུང་ཁོང་དུ་ཆུད་པར་བྱས་ན་དངོས་པོའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་སྲིད།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་བློ་བརྟན་འགྱུར་མེད་ཀྱི་བསམ་བློའི་ཁག་ཐེག་ཡིན་ལ། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བསམ་བློའི་གནད་འགག་ཡིན། བསམ་བློ་གསར་བས་ཀླད་པར་དྲག་ཆས་སྤྲས་པ་དང་། བསམ་བློ་གསར་བས་ཕུགས་བསམ་ལ་ཁྲིད་སྟོན་བྱེད་པ། བསམ་བློ་གསར་བས་དད་མོས་ཇེ་བརྟན་དུ་བཏང་ནས། སློབ་སྦྱོང་གི་འབྲས་བུ་དེ་འགྱུར་བ་མེད་པའི་ཕུགས་བསམ་དང་ཡིད་ཆེས་སུ་བསྒྱུར་ཚེ། རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་ཁོར་ཡུག་ཁྲོད་རིག་སྟོབས་སྔར་ལས་ཇེ་དྲག་ཏུ་གཏོང་ཐུབ་ལ། བཅོས་སྒྱུར་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་ནུས་ཤུགས་མཐོར་འདེགས་དང་། བསམ་བློའི་འོད་སྣང་གིས་འབད་འཐབ་ཀྱི་ལམ་བུ་སྔར་ལས་གསལ་བར་བྱེད་ཐུབ།

ཧི་པེ་ཧན་དན་ཧྥིན་ཧྥིན་གཏེར་ཁུལ་ཅེ་ཁྲིན་གྲོང་རྡལ་གྱི་གྲངས་རིགས་ཏང་འཛུགས་སྐྲུན་ཁང་གི་ལས་བྱེད་མི་སྣས་ཅི་ལྟར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དོན་སྙིང་དེ་གསོན་ཉམས་ལྡན་པའི་གཏམ་རྒྱུད་དང་སྐད་ཆ་བརྒྱུད་ནས་གཏིང་ཟབ་ཏུ་མཚོན་པར་བྱེད་པའི་དུས་མཚུངས་སུ། སྐད་འཕྲིན་སྤྱི་སྟེགས་བརྒྱུད་ནས་ཅེ་ཁྲིན་གྱི་མང་ཚོགས་ལ་ཁྱབ་སྤེལ་བྱས་ཏེ། མང་ཚོགས་ཀྱིས་ལྟ་འདོད་པ་དང་ཉན་སྤྲོ་བ། གོ་བ་ལོན་པ། ཡིད་ཆེས་པ་བཅས་བྱེད་ཐུབ་པར་བསམ་གཞིགས་གཏོང་བཞིན་ཡོད།
གནས་ཐིག་གཏན་འཁེལ་གསལ་བོ་བྱེད་པ་དང་ཁ་ཕྱོགས་འཚོལ་ཞིབ་བྱེད་དགོས།

བསམ་བློ་ནི་དུས་རབས་ཀྱི་སྣེ་ཁྲིད་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་ཀྲུང་གོའི་འཕེལ་རྒྱས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་བ་འདིར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཡིས་སྤྱིའི་ལས་འགན་དང་གོམ་རིམ་གཉིས་ཀྱི་བཀོད་སྒྲིག་གསར་བ་གསལ་བོ་བྱས་པ་དང་། དུས་རབས་གསར་བའི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་གཙོ་བོ་མཚོན་པར་བྱས་ཤིང་། མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་སྙེག་གསར་བར་ལན་གསལ་བོ་བཏབ།

ལས་འགན་གསར་བར་ཞིབ་བསྡུར་དང་འགལ་བ་གཙོ་བོར་དབྱེ་ཞིབ་བྱས་ཚེ། ད་གཟོད་ཁ་ཕྱོགས་གསར་བ་འཚོལ་ཞིབ་བྱེད་ཐུབ་ལ་གསོན་ཤུགས་གསར་བ་རྒྱས་པར་བྱེད་ཐུབ།

ཧྲན་ཞི་ཞིང་ཆེན་མངའ་ཁོངས་ཀྱི་རྡོ་སོལ་གཏེར་ལས་སྡེ་ཚོགས་ཆེན་པོའི་ལྔའི་གྲས་ཀྱི་གཅིག་སྟེ་ཧྲན་ཞི་ཡང་ཆོན་རྡོ་སོལ་གཏེར་ལས་སྡེ་ཚོགས་ཀྱིས་མ་རྩའི་དོམ་འཁུར་ཚད་བརྒྱ་ཆའི་བརྒྱད་ལྔ་ལས་བརྒལ་མྱོང་། ཐོན་སྐྱེད་དང་སྐྱེ་ཁམས་སོགས་ཐད་ཀྱི་དཀའ་ཁག་སྣ་ཚོགས་ལ་གདོད་གཏད་དེ། ཁོས་ཚོས་བསམ་བློ་གསར་བའི་ཁྲིད་སྟོན་འོག འགུལ་ནུས་གསར་བ་གསོ་སྐྱོང་བྱས་ཏེ་འཕེལ་རྒྱས་གསར་བ་འཚོལ་ཞིབ་བྱེད་རྒྱུའི་ཆོད་སེམས་བསྟན།

ནུས་ཁུངས་གསར་བརྗེའི་གདོང་ལེན་པ་བྱས་ཏེ། ཐོན་ཁུངས་རང་བཞིན་གྱི་དཔལ་འབྱོར་རིམ་བསྒྱུར་འཕེལ་རྒྱས་མངོན་འགྱུར་བྱེད་པ་ནི། ཏང་གིས་ང་ཚོར་གནང་བའི་གཟི་བརྗིད་ལས་འགན་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཧྲན་ཞི་ཡང་ཆོན་རྡོ་སོལ་གཏེར་ལས་སྡེ་ཚོགས་ཀྱི་ཏུའུ་ཧྲི་ཀྲང་ཀྲེ་ཧོང་ཁེ་ལས་སུ་ཐོན་མ་ཐག ཏང་ཨུའི་ལྟེ་གནས་ཚན་ཆུང་རྩ་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས་མཉམ་དུ་སློབ་སྦྱོང་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། དུས་རབས་གསར་བའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་པ་དང་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་དེ་ཡིན་པས། ངེས་པར་དུ་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་དང་། རྒྱུན་ཆད་མེད་པར་མི་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་དང་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་བྱེད་དགོས། རིག་གཞུང་འདི་དག་གི་ནང་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་ཆད་མེད་པར་ཇེ་ཡངས་སུ་འགྲོ་བའི་རིན་ཐང་གི་ཁ་ཕྱོགས་དང་མཐར་ཐུག་གི་དམིགས་ཡུལ་རྒྱས་བཤད་གསལ་བོ་བྱས་ཡོད།

རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་དགུ་དང་གྲངས་ཆུང་གོ་བརྒྱད་ཙམ་ཡོད་པའི་ཐེན་ཅིན་གྲོང་ཁྱེར་ཧི་ཕེན་ཁུལ་གྱིས་ཉེ་བའི་ལོ་ལྔའི་ནང་ནོར་སྲིད་ཀྱི་བརྒྱ་ཆའི་བདུན་ཅུ་རྒན་གསོ་དང་ལས་ཞུགས། སྤྱི་ཚོགས་འགན་སྲུང་། སློབ་གསོ་སྨན་བཅོས་སོགས་དམངས་ཚིས་ལས་དོན་ཐད་དངོས་འབེབས་བྱས་ཏེ། དམངས་ཚིས་དཀའ་གནད་མང་པོ་ཞིག་ཐག་བཅད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུར་ཉན་རྗེས། ཚོགས་ཆེན་གྱི་འཐུས་མིའམ་ཐེན་ཅིན་གྲོང་ཁྱེར་ཧི་ཕེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཧྲའོ་ཧོང་གིས་རང་ཉིད་ཀྱི་ཕྲག་དུ་ཡོད་པའི་དམངས་ཚིས་ལེགས་བཅོས་ཀྱི་འགན་འཁྲི་ཧ་ཅང་ལྗི་བ་དེ་ཤེས་བྱུང་། ཁོས་བཤད་རྒྱུར། ཆུས་དང་རྫོང་ནི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་བྱ་བའི་ལས་ཡུལ་དང་པོ་ཡིན་པས། ཤུགས་ཕུད་དེ་ཁ་རྒྱབ་ཀྱི་གནད་དོན་དང་། སྡོད་ཁང་། ལས་ཞུགས། སློབ་གསོ། སྨན་བཅོས་ཉེན་ཚབ་སོགས་མང་ཚོགས་ཀྱིས་དོ་ཁུར་དང་སེམས་ཁུར་ཆེན་པོ་བྱེད་པའི་དངོས་ཡོད་གནད་དོན་དག་ཐག་གཅོད་བཟང་པོ་བྱེད་དགོས་ཟེར།

ཤེས་པ་དང་ཉམས་ལེན་གཅིག་གྱུར་བྱེད་པ་དང་། ལག་ལེན་གསར་གཏོད་བྱེད་དགོས།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་རྨང་གཞིའི་བཟོ་སྐྲུན་ཡིན།”ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་པེ་ཅིན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཧའོ་ཕེན་གྱིས་བཤད་རྒྱུར། པེ་ཅིན་སློབ་ཆེན་གྱིས“ཨང་དང་པོ་ཟུང”འཛུགས་སྐྲུན་བྱེད་པ་དེ་གོ་སྐབས་སུ་བརྩིས་ནས། ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་སློབ་ཆེན་སྒྲུབ་པར་རྐང་ཚུགས་པ་དང་། མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་བཅོས་བསྒྱུར་དེ་སྒུལ་ཤུགས་སུ་བརྩིས་ནས། མགྱོགས་མྱུར་སྒོས་འཕེལ་རྒྱས་བྱེད་སྟངས་བསྒྱུར་བ་དང་། བློ་བརྟན་འགྱུར་མེད་སྒོས་ནང་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པའི་དུས་མཚུངས་སུ། པེ་ཅིན་སློབ་ཆེན་གྱིས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་སྐྱེད་སྲིང་བྱེད་པའི་གཞི་རྩའི་ལས་འགན་གཞིར་བཟུང་སྟེ། སྤྱོད་ཡོན་གཉིས་ལྡན་དང་གཟུགས་གཞི་བདེ་ཐང་། དྲང་བདེན་གསར་བསྐྲུན། མ་འོངས་པར་ཁྲིད་སྟོན་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཕུགས་བསམ་ཡོད་པ་དང་འཇོན་ཐང་ལྡན་པ། འགན་འཁྲི་ཕྲག་ཏུ་ལེན་ཕོད་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་རྒྱུ་ཡིན་ཟེར།

ལག་ལེན་དང་ངོས་འཛིན། ཡང་བསྐྱར་ལག་ལེན་དང་ཡང་བསྐྱར་ངོས་འཛིན་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་གི་ཁྱད་ཆོས་གསར་བ་ཞིག་ནི། རྒྱུན་ཆད་མེད་པར་གནད་དོན་ཤེས་པ་དང་རྒྱུན་ཆད་མེད་པར་བཅོས་སྒྱུར་གསར་སྐྲུན་བྱེད་ཐབས་བརྒྱུད་ནས་དཀའ་གནད་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད་ཡར་རྒྱས་མདུན་སྐྱོད་བྱེད་དགོས་པ་དེ་ཡིན།

སྨན་བཅོས་བཅོས་སྒྱུར་ནི་ཀུན་གྱིས་ཁས་ལེན་པའི་འཛམ་གླིང་གི་དཀའ་གནད་ཅིག་ཡིན་ལ། བྱིས་པའི་ཚན་ཁག་གི་སྨན་བཅོས་ཐོན་ཁུངས་མི་འདང་བ་དེའང་སྨན་བཅོས་བཅོས་སྒྱུར་དཀའ་གནད་ཁྲོད་ཀྱི་ཅུང་མངོན་གསལ་ཡིན་པའི་ཞན་ཆ་རེད།

ཧུའུ་ནན་ཞིང་ཆེན་བྱིས་པའི་སྨན་ཁང་གི་ཡོན་ཀྲང་གཞོན་པ་ལིས་ཨེ་ཆིན་གྱིས་བཤད་རྒྱུར། མི་དམངས་མང་ཚོགས་ཀྱིས་སྨན་བཅོས་བཟང་པོར་ཡིད་སྨོན་བྱེད་ཚུལ་ནི། སྤྱི་ཚོགས་ཡར་ཐོན་དང་འཕེལ་རྒྱས་ཡོང་བའི་ཁ་ཕྱོགས་གཙོ་བོ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་འབྱུང་བཞིན་ཡོད་པས། སྨན་ཁང་ནི་འགལ་བ་གཙོ་བོ་འདིའི་ཁྲོད་ཀྱི“མཁོ་སྤྲོད་རང་བཞིན་གྱི་གྲུབ་ཚུལ”གྲས་ཀྱི་གཅིག་ཡིན་པ་བཏོན། མི་དམངས་མང་ཚོགས་ཀྱི་དགོས་མཁོ་བསྐངས་ཆེད། སྨན་བཅོས་བཅོས་སྒྱུར་ཁྲོད་ཀྱི་དཀའ་གནད་སེལ་ཏེ། འབད་བརྩོན་སྒོས་སྨན་བཅོས་དེ་སྤྱི་ཕན་དུ་བསྒྱུར་བར་སྐུལ་འདེད་བྱེད་པ་དང་། སྨན་བཅོས་མི་སྣས་རྒྱལ་ཁབ་ཀྱི་ལས་འགན་སྔར་ལས་མང་པོ་དང་ལེན་བྱས་ནས། སྨན་བཅོས་བྱེད་སྟངས་ནས་ནད་འགོག་མཛུབ་སྟོན་ཕྱོགས་སུ་བསྒྱུར་བའི་དུས་མཚུངས་སུ། མང་ཚོགས་ཀྱིས་ནད་ལ་བལྟ་བའི་ཉམས་ཞིབ་མྱོང་ཚོར་ཇེ་མཐོར་གཏོང་བ་དང་། ནད་པས་ཡིད་ཚིམ་ཚད་དེ་ལག་རྩལ་གྱི་རེ་བ་གཞན་པར་འཇོག་དགོས་ཟེར།

སི་ཁྲོན་ཞིང་ཆེན་ཏ་ཀྲིག་བན་ཡོན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་བུའུ་ཞོ་ཡུང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་དུས་རབས་གསར་བའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་གསལ་བོ་བྱས་པ་དང་། གནས་བབ་གསར་བའི་འོག་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པར་བཀོད་སྒྲིག་གསར་བ་གལ་ཆེན་བཏོན། བན་ཡོན་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གནད་ཕིགས་ཅན་གྱི་ལམ་ལུགས་ཇུས་འགོད་ལག་བསྟར་བྱེད་པ་དང་། རྒྱུན་ཆད་མེད་པར་རུལ་སུངས་ལ་ཉེས་ཆད་གཅོད་པ་དང་སྔོན་འགོག་བྱེད་པའི་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ། མཉམ་འབྲེལ་དྲ་རྒྱ་དང་ཉི་ཟེར་སྡེ་དོན་བྱ་བར་སྐུལ་འདེད་བྱེད་པ། ལམ་ལུགས་དང་འགལ་བའི་བྱ་སྤྱོད་ལ་རྩད་གཅོད་ནན་མོ་དང་ཕྱིར་སྒྲོག་ནུས་ཤུགས་ཇེ་དྲག་ཏུ་བཏང་ནས། ལམ་ལུགས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་ཟེར།
ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་བ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཡིད་ཆེས་དང་སྟོབས་ཤུགས་ཀྱིས་ཁེངས་ཏེ། མི་རིགས་བསྐྱར་དར་གྱི་བགྲོད་ལམ་གསར་བའི་སྟེང་མགོ་འཕངས་མཐོན་པོས་བསྐྱོད་ཀྱིན་ཡོད།
 

ལོ་ཙཱ་བ། སྒྲོལ་མ་སྐྱིད།