བསམ་བློའི་ཇུས་གཞི་ཁོང་དུ་ཆུད་པར་བྱས་ཏེ་བཅོས་སྒྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད།
2017.11.13 ཁུངས། ཀློག་གྲངས། 28

དུས་རབས་གསར་བར་རླབས་ཆེན་ཇུས་གཞི་ཡིས་ཁྲིད་སྟོན་བྱེད་དགོས།

ཀྲུང་གོའི་ཕུགས་འདུན་ཏན་ཏན་ཏིག་ཏིག་གི་འབད་བརྩོན་ལ་བརྟེན་དགོས།

ཏང་གིས་བྱ་བ་ཡོད་ཚད་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་མི་དམངས་དཀྱིལ་སྙིང་ཡིན་པ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་སོགས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང“ངེས་གསལ་བརྒྱད”དང“རྒྱུན་འཁྱོངས་བཅུ་བཞི”ཡིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་ཇུས་གཞི་དེ་ཆ་ཚང་བའི་སྒོ་ནས་མི་རྣམས་ལ་གསལ་བོར་བསྟན་ཡོད།

རྒྱལ་སྐྱོང་སྲིད་འཛིན་གྱི་ལག་ལེན་གྲུབ་འབྲས་ནི་མཛུབ་སྟོན་བསམ་བློའི་ནང་དོན་གལ་ཆེན་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་འགོ་བརྩམས་པའི་ཉིན་གཉིས་པར། ཧེ་ནན་ཞིང་ཆེན་ཁྲིན་མེ་རྫོང་གིས་གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས།

“མཐའ་མཚམས་དང་གཞི་རིམ་དུ་ཡོད་པའི་ཆ་ནས། ང་ཚོར་ངེས་ཤེས་ཟབ་མོ་ཞིག་བྱུང་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཡིས་མཛུབ་སྟོན་གལ་ཆེན་གནང་བ་དེ་ཡིན་ལ། ང་ཚོ་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མགྱོགས་མྱུར་སྒོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ཏུ་བླངས་ཏེ། རང་ཉིད་ཀྱི་རིག་གཞུང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས། དེ་ལྟར་བྱས་ཚེ་ལས་དོན་གསར་སྐྲུན་དང་གསར་གཏོད་བྱེད་པར་གཞི་འཛིན་ས་དང་གཏིང་ཤུགས་ཆེན་པོ་ཡོད་སྲིད”ཅེས་ཁྲིན་མེ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཅིས་ཀྲོ་མེན་གྱིས་དེ་ལྟར་བཤད་བྱུང་།

རིག་གཞུང་ནི་ལག་ལེན་ལས་བྱུང་བ་ཡིན་ལ། ལག་ལེན་ལ་ཡང་མཛུབ་སྟོན་བྱེད་དགོས།
དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་ཇུས་གཞི་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ལག་ལེན་ཉིང་བཅུད་དང་ཉམས་མྱོང་ཕྱོགས་སྡོམ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར“ངེས་གསལ་བརྒྱད”བཏོན་པ་དང་། གཞི་རྩའི་ཇུས་གཞིར“རྒྱུན་འཁྱོངས་བཅུ་བཞི”བཏོན་ནས། དེ་ཚོའི་བར་ཕན་ཚུན་ཟུང་འབྲེལ་བྱས་ནས་རིག་གཞུང་མ་ལག་ཆ་ཚང་གྲུབ།

“ཆེས་སྤྱིར་བཏང་མིན་པའི་ལོ་ལྔའི་བྱ་བར་ཕྱི་མིག་བལྟས་ཚེ། གནས་བབ་ལ་འགྱུར་ལྡོག་ཆེ་ཞིང་འགལ་བ་དང་ཉེན་ཁ་མང་བ་སོགས་དཀའ་ཁག་དང་འགྲན་རྩོད་ཀྱི་མདུན་དུ། ཏང་ཀྲུང་དབྱང་གིས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་དང་མི་དམངས་ཀྱི་རེ་སྒུག་གསར་བར་བསྟུན་པ། ཆབ་སྲིད་ཀྱི་སྙིང་སྟོབས་ཆེན་པོ་དང་འགན་འཁྲི་འཁུར་ཕོད་པའི་བསམ་པ་དྲག་པོ་བཅངས་ནས། འདུ་ཤེས་གསར་བ་དང་བསམ་བློ་གསར་བའི་འཐབ་ཇུས་རབ་དང་རིམ་པ་བཏོན་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ ”གསར་གཏོད་བྱས་པ་རེད་ཅེས་པའོ་ཐིག་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་འཐུས་མི་ཀྲང་ཡོན་ཀྲུང་གིས་དེ་ལྟར་བཤད་བྱུང་།

ཀྲུང་གོར་སྣེ་ཁྲིད་བྱེད་ན་སྟོབས་དང་ལྡན་པའི་འགོ་ཁྲིད་སྲོག་ཤིང་ཡོད་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུར་ཞིབ་མོར་ཀློག་ཚེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་ཇུས་གཞིའི་ནང་ཏང་གིས་བྱ་བ་ཡོད་ཚད་ལ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་དགོས་པ་ནན་གྱིས་བསྟན་པ་གསལ་བོར་ཤེས་ཐུབ། ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ལ། མུ་མཐུད་དུ་མཛེས་སྡུག་གི་མ་འོངས་པ་གསར་གཏོད་བྱེད་པའི་རྩ་བའི་ཁག་ཐེག་ཀྱང་ཡིན།

ཁ་ཕྱོགས་དམ་འཛིན་དང་ཆེ་ཕྱོགས་ཇུས་འགོད། སྲིད་ཇུས་གཏན་འཁེལ་བཅས་བྱེད་དགོས། “ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཏང་གིས་བྱ་བ་ཡོད་ཚད་ལ་འགོ་འཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། རང་རྟོག་སྒོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོབ་བྱས་ཏེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོས་གཅིག་གྱུར་བྱེད་དགོས”ཞེས་ཡུས་པེན་བུའུ་ལེང་ཡའེ་སྡེ་ཚོགས་ཀུང་ཟིའི་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། འཐུས་མི་ཧྥན་བིས་ཆོང་གིས་དེ་ལྟར་བཤད་བྱུང་།

ཚན་རིག་འཕེལ་རྒྱས་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལ་བརྟེན་ནས་རྒྱུན་རྣམ་གསར་བར་སྣེ་ཁྲིད་དང་ཁོང་དུ་ཆུད་པར་བྱེད་དགོས།

འཕེལ་རྒྱས་ཀྱིས་དཀའ་གནད་སེལ་བ་དང་འཕེལ་རྒྱས་ཀྱིས་ཁྱད་སྟོབས་འདོན་སྤེལ་བྱེད་པའི་རང་རྒྱལ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་བའི་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་མགོ་བརྩམས་ཟིན།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་ནི། དུས་རབས་གསར་བའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་ཇུས་གཞི་གྲས་ཀྱི་གཅིག་ཡིན་པ་གསལ་བོར་བསྟན་ཡོད།

“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ནི་དུས་རབས་གསར་བའི་ཚན་རིག་འཕེལ་རྒྱས་ཀྱི་བྱེད་ཐབས་གཙོ་བོ་ཡིན།”ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ལིག་ཡོན་ཁྲུང་གིས་བལྟས་ན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དེས་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ཀྱི་ལག་ལེན་ལ་སྣེ་ཁྲིད་བྱེད་ངེས་ཡིན་ལ། འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་རྒྱལ་ཁབ་གཞན་དག་ལའང་གདམ་ག་འདོན་སྤྲོད་བྱེད་ངེས་ཡིན་པར་སྙམ།

སྣང་བརྙན་བསྐྱར་བཞེངས་དང་ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བའི་བྱ་བར་ནམ་ཡང་རྫོགས་མཐའ་མེད།
དེང་སྐབས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྣམ་གནོན་རང་བཞིན་གྱི་གནས་བབ་ཆགས་པར་མ་ཟད་སྲ་བརྟན་དང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་སྟེ། མི་དམངས་མང་ཚོགས་ཀྱི་གོང་བཀུར་དང་རྒྱལ་སྤྱིའི་སྟེང་ནས་ཡོངས་ཁྱབ་ཀྱི་གཟེངས་བསྟོད་ཐོབ།

ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བ་དེ་ནམ་ཡང་རྫོགས་མཐའ་མེད་པས། ལྷོད་གཡེང་གཏན་ནས་བྱེད་མི་རུང་།
རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བ་དེ་གཏིང་ཟབ་ཏུ་སྐུལ་འདེད་བྱེད་པར་བླང་བྱ་གསར་བ་བཏོན་པ་དང་། མུ་མཐུད་དུ་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཏང་གི་སྣང་བརྙན་བསྐྱར་བཞེངས་བྱེད་པར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་པ་རེད།

“ཏང་གི་གཞི་རིམ་རྩ་འཛུགས་ནི་ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བ་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་བའི་གྲུབ་ཆ་གཙོ་བོ་ཡིན།”ཀན་སུའུ་ཞིང་ཆེན་ཁང་རྫོང་གི་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ལིས་ཐེན་ཅོན་གྱིས་བཤད་རྒྱུར། ང་ཚོས་ཞིང་སྡེའི་ཏང་གི་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་བྱས་ཏེ། གཞི་རིམ་གྱི་ཏང་རྩ་འཛུགས་དེ་དབུལ་ཐར་མཁྲེགས་གཏོར་གྱི་ལས་ཡུལ་དང་པོར་འཛུགས་སྐྲུན་བྱེད་དགོས་ཟེར།

མི་དམངས་དཀྱིལ་སྙིང་ཡིན་པ་རྒྱུན་འཁྱོངས་བྱེད་པ་ནས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་བྱེད་པ་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་སོགས་གཞི་རྩའི་ཇུས་གཞི་བཅུ་བཞི་ཡིས་ཁ་ཕྱོགས་གསལ་བོ་གཏན་འཁེལ་བྱས་ཏེ། འགྱུར་བ་ཆེ་བའི་འགལ་བ་གཙོ་བོ་དང་འགྱུར་བ་མེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་དོན་དངོས་ཆེན་པོ་དེ་གཞིར་བཟུང་ནས། མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་པ་དང་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་ཐག་གཅོད་བྱས།

“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་རྗེས། འགྱུར་དང་མི་འགྱུར་ལས་ཏང་གི་སྲིད་འཛིན་ནུས་པ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཆུ་ཚད་ལ་སྔར་ལས་ཉམས་སད་ཐེབས་ཡོད”། ཆིན་ཧྭ་སློབ་ཆེན་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་ཞིབ་འཇུག་གླིང་གི་གླིང་གཙོ་ཧུའུ་ཨན་ཀང་གིས་བཤད་རྒྱུར། གཞི་རྩའི་ཇུས་གཞིའི་ནང་ཆུ་ཚད་སྔར་ལས་མཐོ་ཞིང་ཐོབ་ཚོར་སྔར་ལས་ཆེན་པོ་ལྡན་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད་ཟེར།

དུས་རབས་ནི་བསམ་བློའི་མ་ཡུམ་ཡིན་ལ་ལག་ལེན་ནི་རིག་གཞུང་གི་འབྱུང་ཁུངས་ཡིན། མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་གིས་ནམ་ཡང་བབ་བསྟུན་མདུན་སྐྱོད་ཀྱི་རིག་གཞུང་གི་ཆུ་ཚད་སྲུང་འཛིན་བྱས་ཡོད།

དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་ཇུས་གཞིའི་ནང་ཀྲུང་གོའི་འཕེལ་རྒྱས་ཀྱི་དུས་རབས་གསར་བའི་སློབ་གཞི་གསར་བར་དམ་པོར་དམིགས་པ་དང་། ལག་ལེན་གསར་བ་དང་ཁྱད་ཆོས་གསར་བ་དམ་འཛིན་བྱས་ཏེ། དཔལ་འབྱོར་དང་ཆབ་སྲིད། བཅའ་ཁྲིམས། ཚན་རྩལ། རིག་གནས། སློབ་གསོ། དམངས་ཚིས། མི་རིགས། ཆོས་ལུགས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། རྒྱལ་ཁབ་ཀྱི་བདེ་འཇགས། རྒྱལ་སྲུང་དང་དམག་དཔུང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་མེས་རྒྱལ་གཅིག་གྱུར། འཐབ་ཕྱོགས་གཅིག་གྱུར། ཕྱི་ཕྱོགས་འབྲེལ་བ། ཏང་གི་འཛུགས་སྐྲུན་སོགས་ཕྱོགས་སོ་སོར་རིག་གཞུང་གིས་དབྱེ་ཞིབ་དང་སྲིད་ཇུས་ཀྱིས་མཛུབ་སྟོན་བྱས་ནས། འབྲེལ་འདྲིས་དམ་ཟབ་ཀྱི་མ་ལག་ཆ་ཚང་ཞིག་ཆགས་པར་བྱས།

མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ཆེས་གསར་བའི་གྲུབ་འབྲས་འདིས། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཚན་རིག་རིག་གཞུང་གི་མཛུབ་སྟོན་དང་བྱ་སྤྱོད་ཕྱོགས་སྟོན་འདོན་སྤྲོད་བྱས་པར་མ་ཟད། མིའི་རིགས་ཀྱི་གནད་དོན་ཐག་གཅོད་པར་ཡང་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས་པ་རེད།

བབ་བསྟུན་མདུན་བསྐྱོད་སྒོས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་ཁ་ཚོན་གསལ་བོར་བཅད།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་རྗེས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་པ་དང་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བར་གྱུར།

“དཔལ་འབྱོར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་གནད་དོན་གཞིར་བཟུང་སྟེ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་མཛུབ་སྟོན་ཏུ་བརྩིས་ནས། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་བསྒྱུར་བཅོས་དང་ལས་ཆོད་བསྒྱུར་བཅོས། སྒུལ་ཤུགས་བསྒྱུར་བཅོས་བཅས་ལ་སྐུལ་འདེད་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་གསར་སྐྲུན་སྐུལ་འདེད་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་། དཔལ་འབྱོར་གྱི་འཕར་ཚད་གསར་བ་མགྱོགས་མྱུར་སྒོས་གསོ་སྐྱོང་བྱས་ཏེ། གསར་སྐྲུན་ནུས་ཤུགས་ཀྱིས་དངོས་ཕུང་དཔལ་འབྱོར་ལ་བྱས་རྗེས་འཇོག་ཚད་ཇེ་མཐོར་གཏོང་དགོས”ཞེས་གསར་དར་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲང་ཆིས་ཙོ་གིས་དེ་ལྟར་བཤད་བྱུང་།

བབ་བསྟུན་མདུན་བསྐྱོད་བྱས་ཏེ། རྒྱུན་ཆད་མེད་པར་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་པ་སྐོང་དགོས།

མི་དམངས་དཀྱིལ་སྙིང་དུ་འཛིན་པ་དང་། མི་དམངས་རང་ཁྱིམ་རང་བདག་བྱེད་པ། འཕེལ་རྒྱས་ཀྱི་ཁྲོད་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས། དམངས་ཚིས་ཀྱི་ཕན་ཁེ་མང་པོ་བསྐྲུན་པ་དང་དམངས་ཚིས་ཀྱི་དཀའ་ཁག་མང་པོ་སེལ་ནས། འཕེལ་རྒྱས་ཀྱི་ཁྲོད་དམངས་ཚིས་ཀྱི་མི་འདང་ས་ཁ་གསབ་བྱེད་པ་དང་། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་བྱེད་དགོས།

སི་ཁྲོན་ཞིང་ཆེན་ཙི་ཡང་གྲོང་ཁྱེར་ཡན་ཅང་སྡོད་ཁུལ་ལེན་ཧྭ་སྲང་ལམ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡང་ཧྥིན་གྱིས་བཤད་རྒྱུར། སྙན་ཞུའི་ནང“དམངས་ཚིས་བདེ་སྐྱིད་ནི་འཕེལ་རྒྱས་ཀྱི་གཞི་རྩ་ཡིན།”“མི་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་བྱེད་དགོས”ཞེས་ནན་གྱིས་བསྟན་ཡོད་པ་དེར་ང་ལ་ངེས་ཤེས་ཟབ་མོ་སྐྱེས་བྱུང་། “མང་ཚོགས་ལ་ཉིན་རེར་སྣ་མང་ཅན་དུ་འགྲོ་བའི་འཕེལ་རྒྱས་དགོས། དཔེར་ན་སྡོད་ཁུལ་གྱི་གཞིས་སྲུང་རྒན་པ་དང་བྱིས་པར་ལྟ་སྐྱོང་བྱེད་རྒྱུ་དང་། དཔལ་ཡོན་འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ཚང་མ་ནི་ང་ཚོས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ། དེ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་ནང་དོན་གལ་ཆེན་རེད”ཟེར།

བབ་བསྟུན་མདུན་སྐྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཡིད་ཆེས་ཆེན་པོ་གཅིག་བསྡུས་བྱེད་དགོས།

ཡིད་ཆེས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག སྲིད་ཏང་ཞིག་གི་རང་སྟེང་འཕེལ་རྒྱས་ཀྱི་གདེང་འཇོག་མཐོན་པོ་རེད། རང་ཉིད་ཀྱི་བགྲོད་ལམ་དང་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལ་ཡིད་ཆེས་སྲ་ཞིང་བརྟན་པོ་ལྡན་ཚེ། ད་གཟོད་ཉམས་བཟང་བོ་བརྟན་སྲུང་དང་སྙིང་སྟོབས་ཆེར་བསྐྱེད། གསར་སྐྲུན་གྱི་གསོན་ཤུགས་བཅས་སྩོལ་ཐུབ།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པའམ་འཐུས་མི་མིན་མེན་གྱིས་བཤད་རྒྱུར། “ང་ཚོས་སྔོན་ཆད་དཔལ་འབྱོར་འཕེལ་རྒྱས་ཁོ་ནར་མཐོང་ཆེན་བྱེད་པ་དང་། ད་ལྟ་བསམ་བློའི་རྣམ་པ་སྟེ། ཏང་གི་འཛུགས་སྐྲུན་ལས་ཏང་གི་རྣམ་ཤེས་བསྐྲུན་པ་དང་། རིག་གནས་ཡིད་ཆེས་ལས་རྒྱལ་ཁབ་ཀྱི་རྣམ་ཤེས་སྐྲུན་པ་ཡིན། དེ་གཉིས་ལ་རྒྱང་རིང་གི་དོན་སྙིང་ལྡན་པ་ཡིན”ཟེར།

བབ་བསྟུན་མདུན་སྐྱོད་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་ཚུལ་ཆེན་པོ་གཉིས་གཅིག་གྱུར་འཆར་འགོད་བྱས་ཏེ་སྒོ་འབྱེད་མཉམ་ལས་དང་ཕན་ཚུན་མཉམ་རྒྱལ་བྱེད།

རྒྱལ་ཁབ་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་འཛམ་གླིང་གི་གནས་ཚུལ་ལ་རྟོག་དཔྱོད། ཏང་གི་གནས་ཚུལ་ལ་དབྱེ་ཞིབ་བཅས་བྱེད་དགོས། འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་ཆེན་པོ་གཉིས་པ་ཡིན་པའི་ཆ་ནས། ཀྲུང་གོའི་བབ་བསྟུན་བྱེད་ཐབས་ནི་རང་སྟེང་གི་འཕེལ་རྒྱས་ལ་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་གི་གནས་བབ་ལ་ཤུགས་རྐྱེན་བཟོ་སྲིད།

“རྒྱུད་གཅིག་ལམ་གཅིག”གི་ཀྲུང་གོའི་གྲོས་མགོ་བཏོན་པ་ནས། གསེར་ལྡན་རྒྱལ་ཁབ་ནས“ཤེས་པ་དང་ཉམས་ལེན་གཅིག་གྱུར་བྱ་སྤྱོད་རུ་ཁག”དེ་ནས་ཧྥེ་གླིང་ཨེ་པའོ་ལཱ་རིམས་ནད་ས་ཁུལ་གྱི་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་པ་བཅས་ལས། ཀྲུང་གོས་འཛམ་གླིང་གི་འགྲན་རྩོད་ལ་གདོང་གཏོད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས་ཤིང་། མིའི་རིགས་ཀྱི་ཐུན་མོང་ལས་དབང་གི་ཚོགས་པ་འཛུགས་པར་སྐུལ་འདེད་བྱེད་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མཚོན་པར་བྱས།

“སྟོབས་ཤུགས་ཆེན་པོ་གཉིས་ཀྱིས་འཛམ་གླིང་གི་འཕེལ་ཕྱོགས་ལ་ཤུགས་རྐྱེན་བཟོ་བཞིན་ཡོད་པ་དང་། སྟོབས་ཤུགས་གཅིག་གིས་འཛམ་གླིང་ཁ་ཁར་གཏོང་བཞིན་ཡོད་ལ། སྟོབས་ཤུགས་གཞན་ཞིག་གིས་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་བསྐྲུན་བཞིན་ཡོད། ཀྲུང་གོའི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་སྲིད་ཇུས་ཀྱི་གདམ་གསེས་ནི་ཆེས་གལ་ཆེ་བས། འཛམ་གླིང་ཡོངས་ཀྱིས་དེ་ལ་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད”ཅེས་ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་གླིང་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཁྲིན་ཞིས་ལུང་གིས་དེ་ལྟར་བཤད།

བསམ་བློའི་འཐབ་ཇུས་ཡིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལག་ལེན་ལ་ཁྲིད་སྟོན་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཏེ་སི་ཁྲོན་ཞིང་ཆེན་ལིང་ཧྲན་ཡུས་རིགས་རང་སྐྱོང་ཁུལ་ཧྲའོ་ཅོད་རྫོང་ཀྲི་ཨར་མའོ་ཞང་ཨ་ཐུའུ་ལི་སྡེ་བར་ཁྱབ་བྱུང་། གནས་དེའི་མཚོ་ངོས་ལས་ཆེས་མཐོ་ཚད་མུས་སྟོང་གཉིས་དང་སུམ་བརྒྱ་ཡིན་པ་དང་། དེ་སྔོན་མཐའ་འཁོབ་ཀྱི་སྡེ་བ་ཆུང་ངུ་ཞིག་ཡིན་ལ། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ལག་བསྟར་བྱས་པའི་ལོ་འདི་འགའི་རིང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་།

ཀྲི་ཨར་མའོ་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཨ་བུའུ་མུའུ་ཉིག་གིས་ཨ་ཐུའུ་ལི་ཨར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞེ་ལྔ་ལ་ཡིག་ཚགས་བཙུགས་པ་དང་བྱང་བུ་ལས་ཏེ་ལོ་གསུམ་གྱི་རིང་དབུལ་ཕོངས་ལས་ཐར་བར་ཡིད་ཆེས་ཀྱིས་ཁེངས་ཡོད། “ང་ཚོས་སྲོལ་རྒྱུན་གྱི་དམངས་སྲོལ་སྡེ་བ་འཛུགས་སྐྲུན་བྱས་ནས། གནས་སྐོར་བ་རྣམས་ལ་གདོད་མའི་ནགས་ཚལ་དང་ཆུ་ཁོལ། དམངས་སྲོལ་བཅས་ལ་རོལ་མྱོང་བྱེད་དུ་བཅུག་ནས། སྡེ་དམངས་ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་རྒྱུ་ཡིན”ཟེར།

བསམ་བློ་གསར་བ་དང་ཇུས་གཞི་གསར་བ་དོན་ཐོག་ཏུ་འཁྱོལ་བ་དང་། བཅོས་སྒྱུར་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་སྟོན་བྱེད་པའི་གནད་འགག་ནི་དགོངས་དོན་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྗེས། ཁྱབ་ཁོངས་སོ་སོ་དང་ལས་རིགས་སོ་སོའི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཚོར་སྣང་ཟབ་མོ་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བླང་བྱ་ལྟར། བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཀྱིས་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་པར་དཔའ་ངར་ཆེན་པོའི་མདུན་དུ་སྐྱོད་རྒྱུའི་སེམས་ཐག་བཅད།

གསར་སྐྲུན་སྐུལ་འདེད་ཀྱི་འཕེལ་རྒྱས་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་དགུས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་བཅོས་སྒྱུར་བྱེད་པ་དང་། གསར་སྐྲུན་རྣམ་པའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་བསྐྱོད་དགོས།

གསར་སྐྲུན་ནི་འཕེལ་རྒྱལ་ལ་སྣེ་ཁྲིད་པའི་སྒུལ་ཤུགས་གཙོ་བོ་ཡིན། “ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་ཐེངས་ལྔ་བཅུ་ལྷག་ལ་གསར་སྐྲུན་གླེང་བ་དང་། ང་ཚོར་དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་དང་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡོད་པའི་ཆོད་སེམས་ཆེན་པོ་མཐོང་དུ་བཅུག”ནང་སོག་ཅིན་ཡུས་པའོ་ལིན་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་ལིག་ཀའོ་ཡུན་གྱིས་བཤད་རྒྱུར། “ང་ཚོར་དཀའ་གནད་དང་དཀའ་ཁག་སེལ་བ་དང་། ཐོན་ཁུངས་གཅིག་གྱུར་བྱས་ནས། གསོན་ཤུགས་གསར་བ་དང་སྒུལ་ཤུགས་ཆེན་པོ་ལྡན་པར་སྐུལ་ལྕག་བྱས”ཟེར།

ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་གྲོལ་མ་ཐག«རྒྱལ་ཡོངས་ཀྱི་ས་གནས་སོ་སོར་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་ཁྱབ་སྤེལ་བྱེད་པའི་སྐོར་གྱི་ཚོད་ལྟའི་ཇུས་གཞི»འགྲེམ་སྤེལ་བྱས་ཏེ། རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་འཚོལ་ཞིབ་ལག་ལེན་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་བྱ་བ་ཡོངས་འགྲུབ་བྱས་ཤིང་། སྤྱི་དབང་ཡོད་པའི་གཞུང་དོན་ལས་སྒྲུབ་པར་ལྟ་ཞིབ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།

སྤྱི་ཚོགས་རིང་ལུགས་ཀྱི་དཀྱིལ་སྙིང་རིན་ཐང་མ་ལག་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་འཕེལ་རྒྱས་སུ་གཏོང་བ་དང་། རྩ་བ་མི་བརྗེད་པ་དང་ཕྱི་ཕྱོགས་ཀྱི་རིག་གནས་བསྡུ་ལེན། མ་འོངས་པར་ཁ་ཕྱོགས་དགོས།

“རིག་གནས་ཀྱི་ཡིད་ཆེས་ལ་རྨང་གཞི་ཆེན་པོ་ལྡན་ཞིང་། སྔར་ལས་ཁྱབ་རྒྱ་ཆེ་ཞིང་གཏིང་ཟབ་པ་རེད། རིག་གནས་ཀྱི་ཡིད་ཆེས་ཀྱིས་ང་ཚོར་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་ཁྱད་ཆོས་མངོན་པར་གསལ་བར་བྱས་ཡོད། བློ་བརྟན་འགྱུར་མེད་སྒོས་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་དུ་བསྒྱུར་བ་དང་། གསར་གཏོད་རང་བཞིན་འཕེལ་རྒྱས་བྱས་ནས། སྔར་ལས་བཟང་བའི་སྒོ་ནས་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་བསྐྲུན་དགོས”ཞེས་སི་ཁྲོན་ཞིང་ཆེན་ཙི་ཀོང་གྲོང་ཁྱེར་གླུ་གར་འཁྲབ་སྟོན་ཚད་ཡོད་འགན་ལེན་ཀུང་སིའི་མགོ་གཙོ། འཐུས་མི་ཁྲིན་ཀྲིན་ཕིན་གྱིས་དེ་ལྟར་བཤད་བྱུང་།

མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་ཀྱི་ཚེ་སྲོག་བཞིན་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།

ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ནི་རང་རྒྱལ་གྱི་ལྷོ་ཆུ་བྱང་འདྲེན་གྱི་ལྟེ་གནས་ཆུའི་འབྱུང་ཡུལ་ཡིན། “ཁ་རྒྱབ་ལ་སྙེག་པ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་སུ་སྙེག་པ་དང་། འཚོ་གནས་ལ་བརྩོན་པ་ནས་སྐྱེ་ཁམས་ལ་བརྩོན་པ། མི་དམངས་མང་ཚོགས་ཀྱིས་རི་ཆུ་སྔོ་ཞིང་ནམ་མཁའ་གཡའ་དག་པའི་རེ་བ་སྔར་ལས་མཐོ་བ་རེད། ངེས་པར་དུ་ཁོར་ཡུག་བཙོག་བཟོ་བཅོས་སྐྱོང་གི་དགོས་གཏུག་རང་བཞིན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་ཡོད”ཅེས་ཧྲི་ཡན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ཀྲང་བཱེ་ཀའོ་ཡིས་དེ་ལྟར་བཤད།

ལོ་ཙཱ་བ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ།