དམིགས་འབེན་གསར་བར་ཕྱོགས་ནས་ཐོད་བརྒལ་གསར་བ་མངོན་འགྱུར་བྱེད།
2017.11.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་། “ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས་ལ། སྐབས་བསྟུན་མདུན་སྐྱོད་སྒོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་གསར་བའི་འགོ་བརྩམས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་པ” གསལ་བོར་བསྟན།

དེ་ནི་ཁ་ཕྱོགས་ཡིན་ལ་སྒུལ་ཤུགས་ཀྱང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དམིགས་འབེན་གསར་བ་གཞིར་བཟུང་སྟེ། རྣམ་པ་གསར་བ་དང་སྙིང་སྟོབས་ཆེན་པོས་ཐོད་བརྒལ་གསར་བ་མངོན་འགྱུར་བྱེད་དགོས།

“ཚོགས་ཆེན་གྱི་སྙན་ཞུའི་ནང་མང་ཚོགས་ཀྱི་བསམ་ཚུལ་ཡོངས་སུ་མཚོན་པར་བྱས་ཡོད་པས་མ་འོངས་པའི་འཕེལ་རྒྱས་ལ་གདེང་ཚོད་ཆེན་པོ་ལྡན”། “དམིགས་འབེན་གསར་བ་ཡོད་པས་རེ་སྙེག་གསར་བ་ཡོད་པ་རེད”ཅེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཅང་སུའུ་ཞིང་ཆེན་ཅང་ཡུན་གྲོང་ཁྱེར་ཧྭ་ཞིས་སྡེ་བའི་ཏང་ཨུའི་ཧྲུའུ་ཅི་བུའུ་ཞེ་ཨུན་གྱིས་སྤྲོ་སེམས་འཁོལ་བའི་བའི་ངང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དེ་ཡུལ་མི་ཚོའི་སེམས་ལ་ངེས་སུ་བཅུག

བུའུ་ཞེ་ཨུན་གྱིས་བཤད་རྒྱུར། ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་སྐབས་སུ་ཏང་གིས་རྒྱུན་ཆད་མེད་པར་གཅིག་རྗེས་གཉིས་མཐུད་སྒོས་འབད་འཐབ་དམིགས་འབེན་གསར་བ་བཏོན་པ་ནི། ཏང་ལ་རྒྱལ་ཁ་ཐོབ་པའི་གདམས་ངག་ཡིན་ལ། ཀྲུང་གོར་རྒྱལ་ཁ་ཐོབ་པའི་གདམས་ངག་ཀྱང་ཡིན། ད་སྐབས་དུས་རབས་གསར་བའི་དམིགས་འབེན་གཏན་འཁེལ་བྱས་ཟིན་པས། ང་ཚོས་ཕུ་ཐུང་ཡར་ལ་བརྫིས་ཏེ་འབད་བརྩོན་བྱེད་དགོས་ཟེར།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་དུས་རབས་གསར་བའི་ནང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲིར་དམིགས་ནས། འབད་འཐབ་དམིགས་འབེན་གསར་བ་བཏོན་པ་སྟེ། 2020ལོའི་བར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་དང་། 2035ལོའི་བར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་རྒྱུ་ཡིན་པ། དུས་རབས་འདིའི་དུས་དཀྱིལ་གྱི་བར་ཁྱོན་ཡོངས་ནས་སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུ་རེད།

དུས་རབས་གསར་བར་ཁ་ཕྱོགས་གསལ་བོ་ཡོད་པ་དང་འཕེལ་རིམ་གསར་བར་ལམ་ཐིག་དཔེ་རིས་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཅིག་བསྡུས་སློབ་སྦྱོང་ཐེངས་དང་པོའི་སྟེང་ནན་གྱིས་བསྟན་དོན། “ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་གཏན་ལ་ཕབ་པའི་ལས་འགན་དེ་ཉེ་བའི་དུས་དང་དུས་དཀྱིལ། དུས་ཡུན་རིང་བོར་ཡོངས་འགྲུབ་བྱེད་དགོས་པ་ཞིག་ཡིན་པས། གལ་ཆེ་ཆུང་གི་ལྟར་དུ་འཆར་གཞི་དང་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་བྱེད་དགོས།”

“འབད་འཐབ་དམིགས་འབེན་གསར་བའི་ཁྲོད་ལོ་རྒྱུས་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་མཚོན་པར་བྱས་པ་དང་། ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་གསར་བའང་མཚོན་པར་བྱས་ཤིང་། ཡུན་རིང་གི་འཚོལ་སྙེག་མཚོན་པར་བྱས་པ་མ་ཟད། རིམ་བཞིན་མཐོར་འདེགས་དང་ཡར་སྐུལ་གཏོང་བའི་ཁྱད་ཆོས་ཀྱང་མཚོན་པར་བྱས་ཡོད་པས། དེ་ལ་ལག་བསྟར་བྱེད་ཆོག་པའི་རང་བཞིན་དངོས་ལྡན་པ”རེད་ཅེས་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ཀྲིན་ཀྲན་མེན་གྱིས་དེ་ལྟར་བཤད་བྱུང་།

དམིགས་འབེན་གསལ་བོ་ཡིན་ཚེ་བྱ་སྤྱོད་རང་འགུལ་ཅན་དུ་འགྱུར་ཐུབ་ལ། ལས་དོན་ཐད་ལ་གྲུབ་འབྲས་ཆེན་པོ་ལེན་ཐུབ།

“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་དམིགས་འབེན་གསར་བ་བཏོན་པ་དང་དཔེ་རིས་གསར་བ་རིས་སུ་བཀོད་ཡོད་པས། སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་ཞིག་ཡིན་པའི་ཆ་ནས། ང་ལ་སྐུལ་ལྕག་ཆེན་པོ་ཐེབས་ལ། ཕྱིན་ཆད་རང་ཉིད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས། ཧུར་ཐག་གིས་རྒྱལ་ཁབ་ཀྱི་དམིགས་འབེན་དང་ཉིན་རྒྱུན་གྱི་བྱ་བའི་དམིགས་འབེན་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་ཡར་ཐོན་མངོན་འགྱུར་བྱེད་རྒྱུ་ཡིན”ཞེས་ཁྲུང་ཆིན་རོང་ཁྲང་ཁུལ་ཨན་ཧྥུ་སྲང་ལམ་ཐུང་ཨན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཞའེ་ཡིས་དེ་ལྟར་བཤད་བྱུང་།

ཐུང་ཨན་སྡེ་བ་ནས་བསྟུད་མར་ཉིན་འགར་སློབ་སྦྱོང་ཚོགས་འདུ་བསྡུས་ཤིང་། ཀྲི་པུའུ་ཧྲུའུ་ཅི་ཀྲང་ཞའེ་དང་སྡེ་བའི་ལས་བྱེད་པ་རྣམས་ཀྱིས་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དེ་སྡེ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྡེ་མི་རྣམས་ལ་སྒྲོག་འགྲེལ་བྱས་ཤིང་། སྡེ་མི་རྣམས་ཀྱིས་ལང་ལོང་སྒོས་བཤད་རྒྱུར། རྗེས་ཕྱོགས་སུ་ཅི་ཞིག་སྒྲུབ་པ་དང་ཅི་ལྟར་སྒྲུབ་དགོས་པ་དེ་ཤེས་བྱུང་ཟེར།

འབད་འཐབ་དམིགས་འབེན་གསར་བའི་ཁྲོད་དུས་རབས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་ཚོད་རེའུ་མིག་ཡོད་ལ། ཡང་དུས་རབས་ཀྱི་འགན་འཁྲི་ཡོད་པའི་ལས་འགན་ཡི་གེའང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གོ་རིམ་ནི། དམིགས་འབེན་རྒྱུན་ཆད་མེད་པར་སེམས་ལ་ངེས་པ་དང་བྱ་སྤྱོད་སྟེང་ནས་དངོས་འབེབ་བྱེད་པའི་གོ་རིམ་ཡིན་ལ། རྒྱུན་ཆད་མེད་པར་འོས་འགན་དང་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་བའི་གོ་རིམ་ཀྱང་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་སློབ་གསོ་དེ“ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་རྨང་གཞིའི་བཟོ་སྐྲུན”དུ་བཀོད་པས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཧྲང་ཧེ་ཚོད་ལྟའི་སློབ་ཆུང་གི་སློབ་གཙོ་དབྱང་རོང་གིས་རང་ཉིད་ཀྱི་ཕྲག་ཏུ་ཡོད་པའི་ལས་འགན་ཧ་ཅང་ལྕི་བ་དེ་ཤེས་བྱུང་།

དབྱང་རོང་གིས་བཤད་རྒྱུར། “ད་ལྟའི་སློབ་ཆུང་སློབ་མ་ནི་བརྒྱ་ལོ་དང་པོའི་ནང་འཚར་ལོངས་འབྱུང་འགོ་བརྩམས་པ་དང་། བརྒྱ་ལོ་གཉིས་པའི་དམིགས་འབེན་མངོན་འགྱུར་བྱེད་མཁན་ཀྱང་ཡིན”། སློབ་གྲྭའི་སློབ་གསོ་དེ་དུས་རབས་ཀྱི་འཕེལ་རྒྱས་དང་ཟུང་འབྲེལ་དམ་པོ་བྱེད་དགོས་ལ། མ་འོངས་པར་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་བར་དམ་པོར་དམིགས་ཏེ། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཕྲག་ཏུ་ལེན་ཕོད་པའི་དུས་རབས་ཀྱི་མི་སྣ་གསར་བ་སྐྱེད་སྲིང་བྱེད་དགོས་ཟེར།

དམིགས་འབེན་གྱིས་ཡིད་ཆེས་ཇེ་བརྟན་ཏུ་བཏང་ཞིང་དམིགས་འབེན་གྱིས་སྒུལ་ཤུགས་ཆེན་པོ་བསྩལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཏོན་པའི་འབད་འཐབ་དམིགས་འབེན་གསར་བར་དམ་པོར་དམིགས་ཏེ། སྙིང་རུས་ལྷོད་མེད་ཀྱི་འབད་འཐབ་ཁྲོད་ནས། མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤོག་སླེ་གསར་བ་བསྐྲུན་དགོས།

ངར་ཤུགས་གཅིག་སྒྲིལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་དགོས།

ཕུ་ཐག་ཆོད་པའི་དུས་སྐབས་སུ་ཕུ་ཐག་ཆོད་པའི་ཆོད་སེམས་ཡོད་དགོས་ལ། རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་གྲ་སྒྲིག་ཀྱང་ཡོད་དགོས།

ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དེ་མཐའ་མཇུག་གི་དུས་རིམ་དུ་བསླེབས་ཟིན་པས། མཐའ་མའི་ལོ་གསུམ་གྱི་གདོང་མཆོང་ཁྲོད། བྱ་བ་སྣ་ཚོགས་ཏང་གི་ཆོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཏོན་པའི་བླང་བྱ་ལྟར་དུ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་པ་དང་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བར་བསྒྱུར་བའི་ཤན་གཅོད་གསར་བ་གལ་ཆེན་དང་དམ་པོར་འབྲེལ་དགོས།

“སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ཐག་གཅོད་ལེགས་པོ་བྱེད་རྒྱུ་ནི་འགལ་བ་སྣ་ཚོགས་ཐག་གཅོད་པར་སྐུལ་ཁྲིད་བྱེད་པའི་སྔོན་འགྲོ་ཡིན”ཞེས་ཀྲུང་གོ་མི་དམངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་གླིང་གཙོ་ཧོ་ལིས་ཞིན་གྱིས་དེ་ལྟར་བཤད་ལ། རང་རྒྱལ་འཕེལ་རྒྱས་ཁྲོད་གནས་པའི་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་གནད་དོན་ཐག་གཅོད་པ་དང་། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་པ་སྐོང་རྒྱུ་དམ་འཛིན་བྱེད་པ་ནི། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི“གནད་འགག” དམ་འཛིན་བྱས་པ་རེད་ཅེས་བཤད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཐེན་ཅིན་གྲོང་ཁྱེར་ནན་ཁའེ་ཁུལ་ཞིས་ཡང་ལིས་སྡོད་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་བང་ཡེ་ཧྭ་པེ་ཅིན་ནས་ཕྱིར་ཐོན་མ་ཐག ཚོགས་ཆེན་ལ་ཞུགས་པའི་མྱོང་ཚོར་དེ་སྡོད་ཁུལ་གྱི་སྡོད་དམངས་རྣམས་ལ་བཤད། ཁོ་མོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་འཕེལ་རྒྱས་བར་གྱི་འགལ་བར་བསྒྱུར་བ་དེ་བཏོན་ཡོད་པས། སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན་ཞིག་གི་ཆ་ནས། རྗེས་ཕྱོགས་སུ་མང་ཚོགས་ཀྱི་བདེ་སྡུག་བསམ་པ་དང་། མང་ཚོགས་ཀྱི་སེམས་ཁྲལ་སེལ་ཏེ། དམངས་ཀྱིས་དོ་ཁུར་བྱེད་པའི་དོན་ཆུང་གི་སྟེང་ནས་སྒྲུབ་མགོ་རྩོམ་རྒྱུ་ཡིན་ཟེར།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དེ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་སྐབས་སུ་ཞུགས་པ་ཁོང་དུ་ཆུད་པར་བྱས་ནས། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་འཛུགས་སྐྲུན་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཚན་རྩལ་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་སྤེལ་གཏོང་བའི་འཐས་ཇུས་དང་འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས། གསར་སྐྲུན་སྐུལ་འདེད་ཀྱི་འཕེལ་རྒྱས་འཐབ་ཇུས། ཞིང་སྡེ་དར་སྤེལ་འཐབ་ཇུས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས། རྒྱུན་མཐུད་འཕེལ་རྒྱས་འཐབ་ཇུས། དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་འཐབ་ཇུས་བཅས་ལག་བསྟར་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི། ཅང་ཞི་ཕའོ་ཡང་རྫོང་ཅིས་ལིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པའོ་ཞིན་ཀའོ་ཡིས་བཤད་རྒྱུར། ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས“ཞིང་སྡེའི་དར་སྤེལ་འཐབ་ཇུས”བཏོན་ཡོད་པ་དང་། བྱེ་བྲག་གི་བྱ་བའི་ཁྲོད་དངོས་འབེབ་བྱས་ཏེ། སྡེ་བ་རེ་རེར་རྣམ་པ་གསར་བ་ཡོད་པ་དང་ལས་རིགས་གསར་བ་ཡོད་པ་མངོན་འགྱུར་བྱེད་དགོས་པ་དང་། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་སྟེང་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ད་ལྟ། ཅིས་ལིན་སྡེ་བའི་ཀན་བཱན་མཐའ་མཚམས་ཀྱི་རི་སྡེ་ཆུང་ཆུང་ཞིག་གིས་རི་ཀླུང་ཡོངས་སུ་ཤིང་འབྲས་ཡང་མཱེ་དང་ཤིང་འབྲས་ཧྲུའུ་མཱེ་འདེབས་པ་ལ་བརྟེན་ནས། ལྷད་མེད་ཐོན་ལས་དང་གནས་སྐོར་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། སྡེ་དམངས་ཀྱི་ཡོང་སྒོ་འཕར་སྣོན་དུ་གཏོང་བ་དང་ཆབས་ཅིག མཛེས་སྡུག་གི་ཞིང་སྡེ་ལེགས་སྐྲུན་བྱེད་རྒྱུ་ཡིན།

མཇུག་མཐའི་དམིགས་འབེན་ཡོངས་འགྲུབ་བྱེད་རྒྱུ་དེའང་ཆེས་དཀའ་ཁག་ཆེ་བ་ཞིག་རེད། གཙོ་གནད་དམ་འཛིན་དང་མི་འདང་ས་དང་ཞན་ཆ་ཁ་གསབ། ཁྱད་པར་དུ་ཉེན་ཁ་ཆེན་པོ་ཐག་གཅོད་དང་དོགས་ཟོན་བྱེད་པ་དང་། གནད་ཕིགས་དབུལ་ཐར། བཙོག་བཟོ་འགོག་བཅོས་བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་བློ་ཐག་རྦད་ཆོད་སྒོས་བཟང་བོར་སྒྲུབ་ན། ད་གཟོད་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཐུབ་ངེས་རེད་ཟེར།

“དབུལ་ཕོངས་ལ་མཁྲེགས་གཏོར་བྱེད་དགོས་ན། བསམ་གཞིགས་སྔར་ལས་གསལ་བོ་ལྡན་དགོས་པ་དང་རྒྱུན་སྲོལ་ལས་བརྒལ་བའི་བྱེད་སྟངས། བྱ་སྤྱོད་སྔར་ལས་བརྟན་པོ་བཅས་ལྡན་དགོས།”ཧྲན་ཞི་ཡུང་ཧི་རྫོང་ཡུན་དི་ཧི་སྡེ་བའི་ཧྲུའུ་ཅི་དང་པོ་ཚའོ་ཞུའུ་ཏུང་གིས་བཤད་རྒྱུར། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་བགྲོད་ལམ་སྟེང་། ཡུན་དི་ཧི་སྡེ་བས་རང་བྱུང་སྐྱེ་ཁམས་སོགས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས། སྐྱེ་ཁམས་དབུལ་སྐྱོར་སྲིད་ཇུས་དངོས་འབེབ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཧུར་ཐག་གིས་སྐྱེ་ཁམས་བཅོས་སྐྱོང་དང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་གཉིས་ལས་རྒྱལ་བར་བརྩོན་དགོས་ཟེར།

སྐབས་བསྟུན་མདུན་སྐྱོད་བྱས་ཏེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་དགོས།

སྟོན་ཀའི་དྲོད་འཇམ་ཉི་འོད་འོག་ཏུ། རྒྱལ་ཁབ་རྒྱུད་འདྲེས་ཆུ་འབྲས་གནད་སའི་ཚོད་ལྟའི་ཁང་གི་ཚན་རིག་པ་གཙོ་བོ་ཏིན་ཆིས་ཡོན་གྱིས་མགོ་ལ་རྩྭ་ཞྭ་གྱོན་ཏེ། བསྟུད་མར་ཉིན་འགའི་རིང་ལ་ཚོད་ལྟའི་རྟེན་གཞི་རུ་ཆུ་འབྲས་ཀྱི་རྒྱུ་ཆ་ཁྲི་གཅིག་ལྷག་ལ་ཞིབ་ལྟ་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས་པ་བཏོན་ཡོད་ལ། སྐབས་བསྟུན་མདུན་སྐྱོད་སྒོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་གསར་བའི་འགོ་བརྩམས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། དེས་ཏིན་ཆུས་ཡུན་ལ་སྤོབས་པ་ཆེན་པོ་ལྡན་དུ་བཅུག

ཏིན་ཆུས་ཡུན་གྱིས་བཤད་རྒྱུར། ཚོགས་པས་ཧུར་ཐག་སྒོས་མ་འོངས་པར་ཁ་ཕྱོགས་ཏེ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། འཛམ་གླིང་གིས་རབས་གསུམ་པའི་སོན་གསོར་ཁ་ཕྱོགས་བཞིན་ཡོད་ལ། སྔར་ལས་བཟང་བོའི་ས་བོན་ལེགས་པོ་གསོ་སྤེལ་བྱས་ཏེ། ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱིས་ཚན་རྩལ་གྱི་མཐོ་གནས་མུ་མཐུད་དུ་བརྩོན་ལེན་བྱས་ནས། འཛམ་གླིང་མི་དམངས་དང་རྒྱལ་ཁབ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཟེར།

མིག་སྔར་ལ་རྐང་བཙུགས་ཏེ་མ་འོངས་བར་ཁ་ཕྱོགས་པ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་དེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལས་སྔོན་དཔག་ལྡན་པའི་སྒོ་ནས་འཐབ་ཇུས་གལ་ཆེན་དང་། རྩ་དོན་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འགྲུབ་པར་བྱེད་པར་བཀོད་སྒྲིག་ལེགས་པོ་བྱེད་དགོས།

དཔེ་རིས་ཆེན་པོ་རིས་སུ་བཀོད་དེ། ངེས་པར་དུ་ཡིད་ཆེས་སྔར་ལས་བརྟན་པོ་བསྐྲུན་དགོས།

“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་གཞི་རྩའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེ་བའི་ཁྱད་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན། མི་རིགས་བསྐྱར་དར་ཏེ་སྟོང་བསམ་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་ལ་མུ་མཐུད་དུ་བྱེད་ངེས་ཡིན”ཞེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་དོན་སྡེ་ཁག་གི་ཀྲུའུ་རིན་ཞའེ་ཁྲོན་ཐའོ་ཡིས་དེ་ལྟར་བཤད།

ཐེ་ཡོན་རྣོ་ལྕགས་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ལིས་ཞའོ་པོ་ཡིས་བཤད་རྒྱུར། དུས་རབས་གསར་པའི་ཁེ་ལས་འཕེལ་རྒྱས་གསར་བ་འབྱུང་དགོས་ན། ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་གནས་གཙོ་བོར་འཇོག་དགོས། ཏང་གི་འཛུགས་སྐྲུན་སྣ་ཚོགས་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་པ་བརྒྱུད་དེ། ཏང་གི་ཆབ་སྲིད་ཁྱད་སྟོབས་དེ་ཁྲོམ་རའི་འགྲན་རྩོད་ཁྱད་སྟོབས་སུ་བསྒྱུར་དགོས་པ་དང་། ཏང་གི་རྩ་འཛུགས་སྐུལ་སློང་ནུས་པ་དེ་ལས་བྱེད་པ་དང་ལས་བཟོ་པའི་མཁྲེགས་གཏོར་དཀའ་སྤྱད་ཀྱི་འགུལ་སྐྱོད་ནུས་པར་བསྒྱུར་དགོས་ཟེར།

ཐེ་ཡོན་རྣོ་ལྕགས་སྡེ་ཚོགས་ཀྱི་ཐོན་སྐྱེད་འཁོར་ཁང་དུ། མཐུག་ཚད་ལ་ཧའོ་མུས་ཐིག་དང་གྲངས་ཆུང་གསུམ་མ་གཏོགས་མེད་པའི་བཙའ་མེད་རྣོ་འཁོར་བྲེལ་འཚུབ་ཆེན་པོས་ཐོན་སྐྱེད་བྱེད་བཞིན་ཡོད་ལ། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་བའི་ཉིན་དེར། རྒྱལ་ཁབ་ཀྱི་གསར་བཟོའི་འཆར་གཞི་གཙོ་གནད་དེ་ཁོར་ཡུག་སྡུག་པོའི་འོག་ཏུ་ལྕགས་ལམ་འཁོར་ལོའི་གནད་འགག་གི་ལྷུ་ལག་ལ་བཀོལ་བའི་རྣོ་ཡི་ལས་གཞི་ཞེས་པ་དེ་ཐེ་ཡོན་རྣོ་ལྕགས་སྡེ་ཚོགས་ནས་ལག་བསྟར་བྱེད་འགོ་བརྩམས་པ་རེད།

དམིགས་འབེན་གསར་བ་ལག་བསྟར་བྱེད་ན། ངེས་པར་དུ་བབ་བསྟུན་མདུན་སྐྱོད་ཀྱིས་དངོས་སྒྲུབ་ལ་སྔར་ལས་གཙིགས་འཛིན་བྱེད་དགོས།

ཁྲོན་བོད་འདྲེས་མཚམས་ཀྱི་འབྲི་ཆུའི་ཆུ་ལག་ཏུ་རི་མཐོ་ཞིང་ཆུ་ཟབ། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་བའི་སྐབས་སུ། ནུབ་གློག་ཤར་སྐྱེལ་གྱི་རྗེས་མཐུད་རྟེན་གཞིའི་བཟོ་སྐྲུན་གཙོ་བོ་སྟེ་ཀྲུང་གོ་ཧྭ་གློག་སྡེ་ཚོགས་ཀྱིས་དངུལ་གཏོང་འཛུགས་སྐྲུན་བྱེད་པའི་འབའ་ཐང་ཆུ་གློག་ས་ཚིགས་ལ་དངོས་སུ་ཆོག་མཆན་ཐོབ་ནས་ལས་འགོ་བརྩམས། ཧྭ་གློག་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཀྲའོ་ཅན་གོ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པས་དྭངས་གཙང་ཐཱན་ཉུང་འཕེལ་རྒྱས་ཀྱི་རེ་བ་གསར་བ་བཏོན་ཡོད་པ་དང་། ཀུང་སིའི་དྭངས་གཙང་ནུས་ཁུངས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་བསྡུར་ཚད་བརྒྱ་ཆའི་སོ་བརྒྱད་ལ་སླེབས་ཡོད། རྗེས་མར་དགོངས་དོན་གསར་བས་ལག་ལེན་གསར་བར་མཛུབ་སྟོན་བྱས་ཏེ། སྔོན་དཔག་ཇུས་འགོད་དང་ཏན་ཏིག་ལས་གཉེར། བབ་བསྟུན་མདུན་སྐྱོད་བཅས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་བར་སྟོང་གསར་བ་འབྱེད་རྒྱུ་ཡིན་ཟེར།

བཀོད་སྒྲིག་འཁྱོངས་མིན་དེ་གཙོ་བོ་དངོས་འབེབས་བྱེད་མིན་ལ་རག་ལས་ཡོད་པས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ན། གནད་འགག་ནི་རྣལ་སྒྲུབ་ཀྱི་ཐད་ལ་འབད་བརྩོན་བྱེད་དགོས་ཏེ། བྱེད་ཐབས་རྣལ་མ་སྤྱད་དེ། དུས་མཚམས་རེ་རེ་བཞིན་དུ་མདུན་སྐྱོད་བྱེད་དགོས་ལ། གཟེར་བརྡབ་ཀྱི་སྙིང་སྟོབས་བཅངས་ཏེ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་རྒྱུ་དམ་འཛིན་བྱེད་དགོས།

ཆིན་ཧྭ་སློབ་ཆེན་གློག་རྡུལ་སྡེ་ཁག་གི་ཏང་ཨུའི་ཧྲུའུ་ཅི་ཅིན་ཏི་ཕིན་གྱིས་བཤད་རྒྱུར། མིག་རྒྱང་སྔར་ལས་རིང་པོས་ཉམས་མྱོང་རེ་རེ་རིམ་བཞིན་དུ་གསོག་པ་དང་། གསར་གཏོད་རང་བཞིན་དང་རྩ་སློག་རང་བཞིན་གྱི་གྲུབ་འབྲས་མང་དུ་བླངས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།

ཐོལ་བརྒལ་གསར་བ་མངོན་འགྱུར་བྱེད་ན། ངེས་པར་དུ་སྟོབས་ཤུགས་སྔར་ལས་ཆེན་པོ་གཅིག་ཏུ་བསྡུ་དགོས།

ཚོགས་ཆེན་བཅུ་དགུ་པའི་འཐུས་མི། རྒྱལ་ཁབ་གློག་དྲ་ཧྲན་ཏུང་ཞིབ་བཤེར་ཉམས་གསོ་ཀུང་ཟིའི་སྐྱེལ་བཤེར་ལྟེ་གནས་གློག་ལྡན་ཚན་སྐོར་གྱི་འགོ་པ་གཞོན་པ་ཝང་ཅིན་གྱིས་གཟི་བརྗིད་དང་ལས་འགན་སེམས་སུ་བཅངས་ནས་ཕྱིར་བྱ་བའི་ལས་གནས་སྟེང་ཐོན་པ་མ་ཟད། འཁོར་ཁང་གི་ཚོགས་ཁང་ནས་ཁ་ཡིག་ལ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས། འབད་བརྩོན་ལྷོད་མེད་སྒོས་བྱ་བ་སྒྲུབ་ཅེས་པའི་ཏང་གི་སློབ་ཁྲིད་བྱས། ཝང་ཅིན་གྱིས་རང་གི་ལས་གྲོགས་རྣམས་ལ་བཤད་རྒྱུར། ང་ཚོ་མི་ཚང་མ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་མཁན་ཡིན་པས། ཚང་མས་ངེས་པར་དུ་རང་གི་ལས་གནས་ལ་རྐང་འཛུགས་པ་དང་སྔོན་ཐོན་བརྩོན་ལེན་བྱས་ཏེ། མི་རིགས་བསྐྱར་དར་ཀྱི་ཆེད་དུ་རང་གི་སྟོབས་ཤུགས་འབུལ་དགོས་ཟེར།

ལོ་ཙཱ་བ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ།