དགོས་མཁོ་གསར་བར་ཡིད་ཚིམ་པ་དང་རེ་སྒུག་གསར་བར་ལན་སློག་པ།
2017.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

  ཀྲུང་གོ་མི་དམངས་ཀྱི་བདེ་སྐྱིད་བསམ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་སྙེག

 སྲིད་འཛིན་པའི་ཐབས་དམ་པ་ནི། དམངས་སེམས་ལ་བསྟུན་པ་དང་དམངས་ཚིས་ལེགས་བཅོས་བྱེད་པ་རྩ་བར་འཛིན་རྒྱུ་དེ་ཡིན།

“མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་དགོས”ཞེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་འགན་འཁྲི་གསར་བ་གཞིར་བཟུང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་མི་དམངས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཐད་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བའི་དགོས་མཁོ་སྐོང་ཆེད། མ་ལག་ཆ་ཚང་བའི་ཇུས་འགོད་དང་བཀོད་སྒྲིག་བྱས་པ་དང་། ཤུགས་ཕུད་དེ་མིའི་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བྱས་ཡོད།

འགལ་བ་གསར་བ་དང་འགྱུར་ལྡོག་གསར་བ་ཁོང་དུ་ཆུད་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་དཀྱིལ་སྙིང་ཡིན་པ་རྒྱུན་འཁྱོངས་བྱེད་དགོས།

 ལོ་རྒྱུས་ཀྱི་ཁ་ཕྱོགས་གསལ་བོ་ཡིན་ཚེ་ད་གཟོད་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ཁོང་དུ་ཆུད་པར་བྱེད་ཐུབ་ལ་། མི་དམངས་ཀྱི་དགོས་མཁོའང་སྐོང་ཐུབ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་པ་དང་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བར་གྱུར་བ་བསྟན་ཡོད།

ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཀྲུའུ་རིན་ལིན་རོང་གིས་བཤད་རྒྱུར། སྔོན་ཆད་བཤད་པའི“དངོས་པོའི་རིག་གནས་དགོས་མཁོ”ནས“མཛེས་སྡུག་འཚོ་བའི་དགོས་མཁོ”དང་། “རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད”ཀྱི་གནད་དོན་ཐག་གཅོད་པ་ནས“ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས”ཀྱི་གནད་དོན་ཐག་གཅོད་པ་དེས་རང་རྒྱལ་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་ཐོན་ཆེན་པོ་བྱུང་བ་མཚོན་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་དགོས་མཁོ་མཚོན་པར་བྱས་པར་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོ་གལ་ཆེན་ཀྱང་མཚོན་པར་བྱས་ཡོད་ཟེར།

 “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་བཏོན་པ་དེས། ང་ལ་སྤོབས་པ་ཆེན་པོ་ཞིག་བསྩལ་བྱུང་ལ། རང་གི་འགན་འཁྲི་སྔར་ལས་ལྕི་བ་དེ་ཤེས་བྱུང་། ”ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་ཞིང་སྡེ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བ་དང་། སྐྱེ་ཁམས་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བའི་སྐོར་རྒྱས་བཤད་གང་ལེགས་བྱས་ཡོད་པ་དེས་ང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་སུ་བཅུག་བྱུང་ཞེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་སི་ཁྲོན་ཁྲིན་ཏུའུ་ཕུའུ་ཅང་རྫོང་ཞིས་ལེ་གྲོང་རྡལ་ལེང་ཧི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡའོ་ཆིན་ཡུན་གྱིས་དེ་ལྟར་བཤད་ལ། ལེང་ཧི་སྡེ་བས་ཞིང་སྡེ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བར་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་འགྲོའི་འོག ཞིང་སྡེའི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱས་ཏེ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་མཚོན་པའི་དཔེ་སྟོན་ཞིང་སྡེ་འཛུགས་སྐྲུན་བྱེད་དགོས་ཞེས་བཤད།

 “དུས་ནམ་ཡང་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་རེ་སྙེགས་བྱེད་པ་དེ་འབད་འཐབ་དམིགས་འབེན་དུ་འཇོག་དགོས།”ཅི་ཞིག་ནི་མཛེས་སྡུག་གི་འཚོ་བ་ཡིན་ཟེར་ན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་དེ་ལ་ལན་གསལ་བོར་བཏབ་ཡོད་པ་དང་། “མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པ་དེས། དངོས་པོའི་རིག་གནས་འཚོ་བར་རེ་བ་སྔར་ལས་མཐོན་པོ་བཏོན་པར་མ་ཟད། དམངས་གཙོ་དང་ཆབ་སྲིད། འདྲ་མཉམ། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་དགོས་མཁོའང་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་ཡོད།”

“སྙན་ཞུའི་ནང་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པར་མི་དམངས་ཀྱིས་ཐད་ཀར་དུ་དོ་སྣང་ཆེན་པོ་བྱེད་ཀྱིན་པའི་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་དམ་འཛིན་བྱེད་དགོས་པ་བསྟན་ཡོད་ལ།  དེས་མང་ཚོགས་ཀྱིས་གང་ལ་དོ་ཁུར་བྱེད་པ་དང་གང་ལ་རེ་སྒུག་བྱེད་པ། རྗེས་ཕྱོགས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཁྲོད་ཅི་ཞིག་དམ་འཛིན་བྱེད་དགོས་པ་དང་ཅི་ཞིག་སྐུལ་འདེད་བྱེད་དགོས་པ་བཅས་གསལ་བཤད་བྱས་ཡོད་ལ།  དམངས་ཀྱི་འཚོ་བ་སྔར་ལས་ཇེ་སྐྱིད་ཡོང་བ་དེ་འཕེལ་རྒྱས་ཀྱི་མགོ་རྩོམ་ས་དང་རྐང་འཛུགས་སར་འཇོག་དགོས”ཞེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཀྲུང་གོའི་ལྕགས་ལམ་བཟོ་སྐྲུན་ཅུས་དང་པོའི་མཐོ་རིམ་ལག་རྩལ་པ་པའེ་ཀྲི་ཡུང་གིས་དེ་ལྟར་བཤད་བྱུང་།

 བཅོས་སྒྱུར་དང་ཕྱི་ཕྱོགས་སུ་སྒོ་ཕྱེས་ནས་ལོ་ངོ་བཞི་བཅུ་ཙམ་གྱི་འཕེལ་རྒྱས་ཁྲོད། རང་རྒྱལ་གྱིས་སྤྱི་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཕྱོགས་སུ་གོམ་པ་བརྟན་པོས་བསྐྱོད་ཀྱིན་ཡོད། ཀྲུང་གོ“ཕྱུག་པོ་ནས་སྟོབས་ལྡན་དུ་འགྱུར་བའི”ཁྲོད། མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་རེ་སྙེགས་སྔར་ལས་ཇེ་ཆེར་གྱུར་ཏེ། སྔར་ལས་བཟང་པའི་སློབ་གསོ་དང་སྔར་ལས་བརྟན་འཇགས་ཀྱི་བྱ་བ། སྔར་ལས་ཡིད་ཚིམ་པའི་ཡོང་འབབ། སྔར་ལས་བློ་གཏད་ཆོག་པའི་སྤྱི་ཚོགས་འགན་སྲུང་། ཆུ་ཚད་སྔར་ལས་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། སྔར་ལས་སྐྱིད་པའི་སྡོད་ཁང་། སྔར་ལས་མཛེས་པའི་ཁོར་ཡུག སྔར་ལས་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་འཚོ་བ་བཅས་ལ་རེ་སྒུག་བྱེད་ཀྱིན་ཡོད།

“རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་འཕེལ་རྒྱས་བར་གྱི་འགལ་བར་འགྱུར་བའི་ཤན་གཅོད་གལ་ཆེན་དེས། དུས་ཐོག་ཏུ་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་ཡིད་སྨོན་བྱེད་པར་གོ་བརྡ་གསལ་བོར་སྤྲད་པ་དང་། ང་ཚོའི་ཏང་གིས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཚོན་པར་བྱས་ཡོད”ཅེས་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་གླིང་གི་གླིང་གཙོ་ཀྲིག་ཐེན་ཡུང་གིས་དེ་ལྟར་བཤད་བྱུང་།

 དུས་རབས་གསར་བ་དང་རེ་སྒུག་གསར་བར་བསྟུན་ནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་སྔར་ལས་འདྲ་མཉམ་དྲང་བདེན་སྒོས་དམངས་ཡོངས་ལ་ལོངས་སུ་སྤྱོད་དུ་འཇུག་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་བ་དང་། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་རེ་སྙེགས་བྱེད་བཞིན་པ་དེ་ཡིད་ལ་དམ་པོར་བཅངས་དགོས།

 “ཏ་བན་སྡེ་བའི་ཁྱིམ་ཚང་གཅིག་ཡིན་ཡང་དབུལ་ཕོངས་ལས་མ་ཐར་ཚེ། ང་རང་ལས་གནས་སྟེང་ནས་ཕྱིར་འབུད་མི་སྲིད”ཅེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཨན་ཧོས་ཞིང་ཆེན་ཅིན་ཀྲེ་རྫོང་ཧྭ་ཧྲི་ཞང་ཏ་བན་སྡེ་བའི་དབུལ་སྐྱོར་བྱ་བའི་རུ་ཁག་གི་རུ་གཙོ་གཞོན་པ་ཡུས་ཅིན་གྱིས་དེ་ལྟར་བཤད་བྱུང་། ལོ་གསུམ་གྱི་ནང་ཏ་བན་སྡེ་བ་དབུལ་ཕོངས་ལས་ཐར་བའི་དམིགས་འབེན་ཡོངས་འགྲུབ་བྱེད་པའི་སྐོར་གླེང་སྐབས། ཡུས་ཅིན་གྱིས་སྡེ་མི་རྣམས་ལ་ཡུན་ཕན་རྒྱུན་མཐུད་ཀྱི་དབུལ་ཐར་ཐོན་ལས་གོང་དུ་སྤེལ་བའི་ཕྱོགས་སུ་འབད་འཐབ་བྱས་ཚེ། ད་གཟོད་རྒྱུན་མཐུད་སྒོས་ཡོང་སྒོ་འཕར་སྣོན་དང་བརྟན་འཇགས་ངང་དབུལ་ཕོངས་ལས་ཐར་ཐུབ་ཅེས་བཤད།

 ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་དེ་བླ་ན་མེད་པའི་གོ་གནས་གལ་ཆེན་དུ་བཞག་ནས། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་འདྲ་མཉམ་དྲང་བདེན་སྒོས་དམངས་ཡོངས་ལ་ལོངས་སུ་སྤྱོད་དུ་འཇུག་པ་དང་། དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱེད་པའི་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་དགོས།

དམངས་ཚིས་གཙོ་གནད་དུ་བཟུང་ནས། འཇོན་མི་ལེགས་འདེམས་བྱེད་དགོས། “འགལ་རྐྱེན་བཟོ་བའི་ངལ་རྩོལ་ནུས་ཤུགས་དང་། འཇོན་མིའི་སྤྱི་ཚོགས་རང་བཞིན་གྱི་འཁོར་སྐྱོད་ལམ་ལུགས་ནང་རྐྱེན་ཀྱི་གནོད་གཞི་མེད་པར་བཟོས་ཏེ། མི་ཚང་མས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་རང་སྟེང་འཕེལ་རྒྱས་ཀྱི་གོ་སྐབས་མངོན་འགྱུར་བྱེད་དགོས།”ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་རྒྱས་བཤད་བྱས་ཡོད་པ་དང་། ལས་ཞུགས་ཀྱི་སྤུས་ཚད་དང་མི་དམངས་ཀྱི་ཡོང་སྒོའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་ནན་གྱིས་བསྟན་ཡོད།

ཐཱ་ཧྲན་འཁོར་སྐྱོད་དཔལ་འབྱོར་དཔེ་སྟོན་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡང་ཐེན་པེན་གྱིས་བཤད་རྒྱུར། ལོ་ལྔའི་རིང་ལ། དཔེ་སྟོན་ས་ཁུལ་གྱིས་གཏེར་ཁུལ་གྱི་དཔལ་འབྱོར་དང་སྐྱེ་ཁམས་ཁོར་ཡུག་གྱི་མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་བྱས་པ་དང་། དཔལ་འབྱོར་ཕན་འབྲས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་མཉམ་དུ་ལག་བསྟར་བྱས།

 ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། དུས་རབས་གསར་བའི་ཆ་རྐྱེན་འོག་གི་འབུར་ཐོན་གནད་དོན་དང་འགལ་བ་གཙོ་བོ་ཁ་གཏད་འཇལ་ནས། གཙོ་གནད་དམ་འཛིན་དང་མི་འདང་ས་ཁ་གསབ། ཞན་ཆ་ཁ་གསབ་བཅས་བྱེད་པ་དང་། སྤུས་ཚད་སྔར་ལས་མཐོ་བ་དང་ལས་ཆོད་སྔར་ལས་ལྡན་པ། སྔར་ལས་དྲང་བདེན་ཡིན་པ། སྔར་ལས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་དང་འཐབ་ཇུས་ཞིབ་འཇུག་གླིང་གི་ཞིབ་འཇུག་མི་སྣ་ཀྲང་ཅེ་ཡིས་བཤད་རྒྱུར། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་པ་བརྒྱུད། ས་ཁོངས་མི་འདྲ་བའི་བར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོ་སྙོམས་མིན་པའི་གནད་དོན་དང་དེའི་ཐད་ཀྱི་ཡོང་སྒོའི་བར་ཁྱད་ཀྱི་གནད་དོན་སེལ་དགོས་ཟེར།

ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཀོས་ཀྲིག་ཞིང་ཆེན་ཕེན་ཀྲིག་གྲོང་ཁྱེར་ཡུས་ཉིས་ཞང་ཡན་པའོ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཡུས་ལིག་ཧྥིན་གྱིས་ཡན་པའོ་སྡེ་བའི་ཡན་པའོ་ཆང་ལས་ཚད་ཡོད་ཀུང་སི་རུ་མང་ཚོགས་རྣམས་ལ་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་ཡོད། སྲིད་ཇུས་བཟང་བོ་དངོས་འབེབ་ལེགས་པོ་བྱེད་རྒྱུ་ནི་ཆེས་གནད་འགག་རེད། ཏང་ཡོན་ལས་བྱེད་ནི་ཏང་གི་སྲིད་ཇུས་གཞི་རིམ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་པའི་ལག་བསྟར་མཁན་ཡིན་ལ། ངེས་པར་དུ་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་སྣེ་ཁྲིད་མཁན་དུ་འགྱུར་དགོས། “ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱེད་མཁན་དང་ལག་བསྟར་བྱེད་མཁན་བྱེད་དགོས་ལ། མང་ཚོགས་རྣམས་ལ་དབུལ་ཐར་གྱི་ཁེ་ཕན་མཉམ་རོལ་བྱེད་དུ་འཇུག་དགོས།”ཡུས་ལིག་ཧྥིན་ཕ་ཡུལ་དུ་འབྱོར་མ་ཐག མང་ཚོགས་རྣམས་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་ཡོད། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད། ལོ་རྒྱུས་ཀྱི་ལམ་བུ་གསར་བ་ནས་འགན་འཁྲི་གསར་བ་ལག་བསྟར་བྱས་ཏེ། འབད་བརྩོན་ལྷོད་མེད་སྒོས་བྱ་བ་ལེགས་པོར་སྒྲུབ་དགོས།

དུས་རབས་གསར་བར་ཞུགས་པ་དང་། ཁ་ཕྱོགས་གསར་བ་གཞིར་བཟུང་བ། འཐབ་ཇུས་གསར་བ་ལག་བསྟར་བཅས་བྱས་ཏེ། བྱེད་སྟངས་གསར་བའི་སྟེང་དངོས་འབེབ་བྱེད་དགོས།

འབད་བརྩོན་ལྷོད་མེད་སྒོས་བྱ་བ་སྒྲུབ་ཚེ། ད་གཟོད་མཛེས་སྡུག་གི་དཔེ་རིས་གསར་བ་དེ་མངོན་འགྱུར་བྱེད་ཐུབ།

“མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་མུ་མཐུད་དུ་སྐོང་དགོས་པ་དང་། མུ་མཐུད་དུ་སྤྱི་ཚོགས་དྲང་བདེན་འདྲ་མཉམ་ལ་ཡར་སྐུལ་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་བོ་ཕན་ནུས་ཡོད་པའི་སྒོ་ནས་ཆགས་སུ་བཅུག་ནས། མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ལྡན་ཚད། བདེ་འཇགས་སྔར་ལས་ཡོད་པ། འགན་སྲུང་སྔར་ལས་ཡོད་པ། སྔར་ལས་རྒྱུན་མཐུད་ཡིན་པ་བཅས་བྱེད་དགོས།”ཏང་ཚོགས་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུས་མི་དམངས་ལ་ཁས་ལེན་དམ་བཅའ་བཞག་ཡོད།

མི་དམངས་ཀྱི་མཛེས་སྡུག་གི་འཚོ་བའི་རེ་སྙེག་མངོན་འགྱུར་བྱེད་དགོས་ན། ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས།

ལོ་ལྔའི་རིང་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། གཞི་རྩའི་རྒྱུ་རྐྱེན་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་དང་། ཆབ་སྲིད་ཀྱི་སྙིང་སྟོབས་ཆེན་པོ་དང་འགན་འཁྲི་འདུ་ཤེས་ཆེན་པོ་ལྡན་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་བསྟན་དོན། གསར་སྐྲུན་ནི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་སྒུལ་ཤུགས་གཙོ་བོ་ཡིན་ལ། དེང་རབས་ཅན་འཛུགས་སྐྲུན་གྱི་དཔལ་འབྱོར་དངོས་ཕུང་མ་ལག་གྱི་འཐབ་ཇུས་འདེགས་སྐྱོར་ཡང་ཡིན།

“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་དངོས་འབེབ་བཟང་བོ་བྱེད་པ་དང་། དུས་རབས་གསར་བའི་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བྱེད་དགོས་ལ། དེ་དང་ཆབས་ཅིག་ཚན་རྩལ་གསར་སྐྲུན་ལ་ཟུང་འབྲེལ་དམ་པོ་བྱས་ཏེ། ཀྲུང་གོའི་ཁེ་ལས་རང་སྟེང་གི་མིང་གྲགས་ཐོན་རྫས་ཀྱི་གཏམ་རྒྱུད་བཟང་བོ་བཤད་དགོས།”ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཅང་སུའུ་ཡཱང་ཧི་ཆང་ལས་བཟོ་གྲྭ་མ་རྐང་ཚད་ཡོད་འགན་ལེན་ཀུང་སིའི་མགོ་གཙོ་བཱང་ཡའོ་ཡིས་བཤད་རྒྱུར། དེང་སྐབས་ནི་དངོས་ཕུང་དཔལ་འབྱོར་རིམ་སྤར་གྱི་གནད་འགག་གི་དུས་སྐབས་ཡིན་པས། གསར་སྐྲུན་བྱས་ན་ད་གཟོད་ཁེ་ལས་ཀྱི་ཡང་རྩེར་སྙེག་ཐུབ་ཟེར།

“ལག་རྩལ་གསར་སྐྲུན་ནས་ལམ་ལུགས་གསར་སྐྲུན་དང་། དོ་དམ་གསར་སྐྲུན་བཅས་ཕྱོགས་མང་པོ་ནས་གསར་སྐྲུན་ལ་བརྟེན་དགོས།”རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་མི་སྣ་ཀྲང་ལིས་ཆོན་གྱིས་བཤད་རྒྱུར། དོ་མཉམ་མིན་པ་དང་ཕུན་སུམ་ཚོགས་པ་མིན་པའི་འགལ་བ་ཐག་གཅོད་བྱེད་དགོས་ན། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་དགོས་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་རིག་གནས་འཛུགས་སྐྲུན། ཁྲིམས་སྐྱོང་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་སོགས་ཕྱོགས་མང་པོ་ནས་མགོ་རྩོམ་དགོས་ཟེར།

མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བའི་རེ་སྙེག་མངོན་འགྱུར་བྱེད་དགོས་ན། མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་གི་བརྗིད་རྔམ་ལྡན་པའི་ནུས་ཤུགས་ལ་བརྟེན་དགོས།

ཏང་ཀྲུང་དབྱང་གི་དུས་རབས་གསར་བའི“ཞིང་གསུམ”བྱ་བའི་བཀོད་སྒྲིག་གསར་བ་སེམས་སུ་བཅངས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་བུའུ་ཧྲུའུ་ཞང་གིས་ལའོ་ཉིན་ཞིང་ཆེན་ཧྲིན་ཡང་གྲོང་ཁྱེར་སུའུ་ཅཱ་ཐོན་སྡོད་ཁུལ་ཀོན་ལིས་པའི་སྡེ་བ་རུ་ལོ་དགུ་ལ་བྱ་བ་སྒྲུབ་ནས་བསྡད། “ཞིང་ལས་ཤེས་པ་དང་ཞིང་སྡེ་ལ་དགའ་བ། ཞིང་བར་དགའ་བ་སོགས་ཀྱི་ཚད་གཞིས་རང་ཉིད་ལ་རེ་བ་ནན་མོ་འདོན་པ་དང་། མང་ཚོགས་རྣམས་དང་མཉམ་དུ་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་བྱེད།”བུའུ་ཧྲུའུ་ཞང་གིས་བཤད་རྒྱུར། གཞི་རིམ་དུ་བྱ་བ་སྒྲུབ་ན་འདུན་པ་སྔར་ལས་ཆེ་བ་དང་ཡིད་ཆེས་སྔར་ལས་ཡོད་ལ། ཐོབ་ཚོར་སྔར་ལས་ཡོད་པ་ཞིག་རེད་ཟེར།

“དོན་དག་རེ་རེ་བཞིན་སྒྲུབ་དགོས་པ་དང་ལོ་རེ་རེ་བཞིན་སྒྲུབ་དགོས།” ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཆར་འགོད་དམིགས་འབེན་ལག་ལེན་དངོས་འབེབ་བྱེད་པ་དང་། མི་དམངས་ཀྱི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་སྐོང་ཆེད། ངེས་པར་དུ་མི་སྣ་སྐུལ་སློང་དང་མི་དམངས་རྩ་འཛུགས་བྱས་ཏེ། མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེན་ལས་དོན་གསར་སྐྲུན་བྱེད་དགོས།

དཀའ་སྡུག་གི་ཁོར་ཡུག་འོག་ཏུ། ད་གཟོད་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་མངོན་ཐུབ། དཔེ་རིས་གསར་བ་མུ་མཐུད་དུ་བྲིས་ཏེ། འབད་བརྩོན་ལྷོད་མེད་སྒོས་ལས་ཀ་བཟང་བོ་སྒྲུབ་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག ཀྲུང་གོ་གུང་ཁྲན་ཏང་གིས་ངེས་པར་དུ་མི་དམངས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་གི་འཚོ་བ་གསར་སྐྲུན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལོ་རྒྱུས་ལམ་བུ་གསར་བའི་བགྲོད་ལམ་སྟེང་བརྗིད་ཆགས་མཛེས་སྡུག་གི་ལེའུ་གསར་བ་འབྲི་ཐུབ་པར་མི་རྣམས་ལ་ཡིད་ཆེས་བརྟན་པོ་ཡོད།

ལོ་ཙཱ་བ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ།