བགྲོད་ལམ་གསར་བར་བསྐྱོད་དེ་རྣམ་པ་གསར་བ་གསར་བསྐྲུན་བྱེད།
2017.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དུས་རབས་གསར་བར་དཔེ་རིས་གསར་བ་རིས་སུ་བཀོད་པ་དང་། འཕེལ་རིམ་གསར་བར་རྣམ་པ་གསར་བ་གསར་གཏོད་བྱེད་དགོས།

“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་འབྲེལ་མཚམས་སུ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པར་བཀོད་སྒྲིག་བྱས་པ་དང་། 2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་གྱི་བར་དུས་རིམ་གཉིས་སུ་བགོས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་གཏན་འཁེལ་གསལ་བོ་བྱས།

དུས་ཚོད་ཀྱི་དུམ་མཚམས་རེ་རེར་འབད་འཐབ་ཀྱི་དམིགས་འབེན་བཏོན་པ་དང་། མདུན་སྐྱོད་ཀྱི་སྙིང་སྟོབས་བསྩལ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་པའི་བགྲོད་ལམ་གསར་བའི་སྟེང་གོམ་པ་བརྟན་པོས་བསྐྱོད་ཀྱིན་ཡོད།

མི་རིགས་ཀྱི་བསྐྱར་དར་སྙེག་པ་དང་། དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་སུ་དཔུང་སྐྱོད་བྱེད།

2020ལོའི་བར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། 2035ལོའི་བར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པ། དུས་རབས་འདིའི་དུས་དཀྱིལ་བར། འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་དྲིས་ལན་དག་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཏོན་པའི་དཔེ་རིས་ཆེན་མོའི་ནང་བཀོད་ཡོད།

ཡར་ལངས་པ་ནས་ཕྱུག་པོར་གྱུར་བ། དེ་ནས་སྟོབས་ལྡན་དུ་གྱུར་བའི་ཀྲུང་གོ་གུང་ཁྲན་ཏང་མིས་འགྱུར་མེད་དམ་བཅའ་དང་རྒྱུན་མཐུད་འབད་འཐབ་ལ་བརྟེན་ནས། ཀྲུང་གོའི་སྣེ་ཁྲིད་དེ་རྒྱུན་ཆད་མེད་པར་དམིགས་འབེན་གཏན་འཁེལ་དང་དམིགས་འབེན་མངོན་འགྱུར་བྱས་ནས། དཔའ་ངར་ཆེན་པོས་དེང་རབས་ཅན་གྱི་ཕྱོགས་སུ་མདུན་སྐྱོད་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཀྲུང་གོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བའི་མགོ་བརྩམས་པ་རེད།

དེ་ནི་ནང་དོན་ཆེས་ཕུན་སུམ་ཚོགས་ཤིང་འཕེལ་རྒྱས་ལ་ཁྱོན་ཡོངས་ཀྱི་རང་བཞིན་ཆེན་པོ་ལྡན་པའི་དེང་རབས་ཅན་གྱི་བགྲོད་ལམ་ཞིག་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་དུས་རབས་འདིའི་དུས་དཀྱིལ་དུ་རང་རྒྱལ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པ་གསལ་བོར་བསྟན་ཡོད། སྙན་ཞུའི་ནང་ད་རུང་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ་དེ་དུས་རབས་གསར་བའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་ཇུས་གཞིའི་ནང་བཀོད་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ནམ་ཡང་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་སྟོང་ལོའི་ཇུས་ཆེན་ཡིན་པ་བསྟན་ཡོད།

ཧྲན་ཏུང་ཞིང་ཆེན་ཙོ་ཀྲང་གྲོང་ཁྱེར་ཆན་ཧྥོ་ཡ་སྡེ་བ་ནི་རྒྱང་རིང་གི་མཐའ་འཁོབ་ཞིག་ཏུ་ཡོད་མོད། འོན་ཀྱང་རི་ཆུ་ཕུན་སུམ་ཚོགས་པས། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་དགུ་བཅུ་ལས་བརྒལ་ཡོད། ན་ནིང་ནས་མགོ་བརྩམས་ཏེ། ཆན་ཧྥོ་ཡ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིས་ཁྲིན་གྱིས་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་མི་རིགས་ཡུལ་སྲོལ་གནས་སྐོར་ལས་གཞི་གོང་དུ་སྤེལ་བ་རེད།

“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང‘མཛེས་སྡུག’དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གལ་ཆེན་དུ་བཞག”ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས། ལིས་ཁྲིན་ཕྱིར་སྡེ་བར་ཐོན་མ་ཐག་མྱུར་དུ་ཚོགས་ཆེན་གྱི་དགོངས་དོན་སྡེ་མི་རྣམས་ལ་སྒྲོག་འགྲེལ་བྱས། “མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི”དམིགས་འབེན་དེས་ལིས་ཁྲིན་གྱི་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་ཇེ་བརྟན་ཏུ་བཏང་ཞིང་། སྡེ་མི་རྣམས་ཀྱིས་བློ་ཐག་རྦད་ཆོད་སྒོས་བྱ་བ་སྒྲུབ་པའི་ཆོད་སེམས་ཀྱང་ཇེ་བརྟན་ཏུ་བཏང་།

སེང་ག་ཕོར«མཉམ་འབྲེལ་ཞོགས་པའི་ཚགས་པར»གྱི་དྲ་ཚིགས་སྟེང་བཀོད་པ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ལ་ཁ་གསལ་ཞིང་ནང་དོན་ཟབ་པའི་ཞིབ་འབྲི་བྱས་ཡོད་པ་དེས། འདས་པའི་ལོ་མང་པོའི་རིང་ལ་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་བྱ་སྤྱོད་དངོས་ཀྱིས་རང་བྱུང་ཁོར་ཡུག་སྐྱོབ་བྱེད་པར་སྔར་ལས་མཐོང་ཆེན་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་རེ་འདུན་དྲག་པོ་མཚོན་པར་བྱས་ཡོད།

དེ་ནི་གསར་སྐྲུན་གྱིས་སྣེ་ཁྲིད་དང་སྒུལ་ཤུགས་སྔར་ལས་ཆེན་པོ་ལྡན་པའི་དེང་རབས་ཅན་གྱི་བགྲོད་ལམ་ཞིག་ཡིན།

འཛམ་གླིང་འཕེལ་རྒྱས་ཀྱི་ལོ་རྒྱུས་ལས། ཚན་རྩལ་གསར་སྐྲུན་གང་དུ་དར་སྤེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་གང་དུ་འདོན་སྤེལ་བྱེད་དགོས་པ་ར་སྤྲོད་བྱུང་། མ་འོངས་པར་རྒྱང་ལྟ་བྱས་ཚེ། འཛམ་གླིང་གི་མ་འོངས་པའི་འཕེལ་རྒྱས་དེ་སྔར་བཞིན་གསར་སྐྲུན་སྐུལ་འདེད་ལ་བརྟེན་དགོས་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང“གསར་སྐྲུན་རང་བཞིན་གྱི་རྒྱལ་ཁབ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པར”བཀོད་སྒྲིག་གསར་བ་བྱས་ཡོད་ལ། 2035ལོའི་བར་ཀྲུང་གོ“གསར་སྐྲུན་རང་བཞིན་གྱི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་ཚུད་པ”སོགས་བྱེ་བྲག་གི་དམིགས་འབེན་གཏན་འཁེལ་གསལ་བོ་བྱས་ཡོད།

ཧྭ་ཀྲུང་ས་ཁུལ་གྱི་ཐོག་དང་པོའི་མ་རྡུལ་འཕྲིན་གཏོང་ལྟེ་གནས་ཀྱི་མཉམ་འབྲེལ་དྲ་བ་བཀོལ་སྤྱོད་བྱེད་མགོ་བརྩམས་པ་ནས། ཞིབ་འཇུག་གསར་བཟོ་བྱེད་ཀྱིན་པའི་ཡང་ཡང་དུ་བཀོལ་ཆོག་པའི་མཁའ་སྐྱོད་སྐྱེལ་འདྲེན་འཕུར་གྲུ་དེ་འཆར་གཞི་ལྟར་ན2020ལོར་ཐོག་དང་པོར་འཕུར་སྐྱོད་བྱེད་པ། དེ་ནས་ཚན་རྩལ་པུའུ་སོགས་པུའུ་ཨུ་གསུམ་གྱིས་མཉམ་འབྲེལ་སྒོས་རྒྱལ་ཁབ་ཀྱི་ཚན་རྩལ་གསར་སྐྲུན་རྟེན་གཞིའི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་དགོས་པའི་ཡིག་ཆ་སྤེལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྔ་རྗེས་སུ། རང་རྒྱལ་གྱི་ཚན་རྩལ་གསར་སྐྲུན་ཁྱབ་ཁོངས་ཀྱི་གསར་འགྱུར་གལ་ཆེན་གྱི་རྒྱུན་མི་ཆད་ལ། ཚན་རྩལ་ཐད་ལ་རྒྱུན་མི་ཆད་པར་གྲུབ་འབྲས་ཐོན་བཞིན་ཡོད།

“རང་རྒྱལ་གྱི་གསར་སྐྲུན་དེ་ཐོད་བརྒལ་དུས་སྐབས་སུ་བསླེབས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པར་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས”། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་བང་ཡུས་མེན་གྱིས་བལྟས་ན། མུ་མཐུད་དུ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་ཚན་རྩལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་བྱེད་རྒྱུ་བཅས་ནི། རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པར་ངེས་པར་དུ་བརྒྱུད་དགོས་གོ་རིམ་ཞིག་ཡིན་པར་སྙམ།

དེ་ནི་ཀྲུང་གོའི་ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། རྒྱུན་ཆད་མེད་པར་རྒྱལ་ཁབ་བཅོས་སྐྱོང་གི་ནུས་ཤུགས་ཇེ་དྲག་ཏུ་གཏོང་བའི་དེང་རབས་ཅན་གྱི་བགྲོད་ལམ་ཞིག་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས། «རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་སྤེལ་བའི་སྐོར་གྱི་ཇུས་གཞི»ཉེ་ལམ་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་འཚོལ་ཞིབ་ལག་ལེན་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་བྱ་བ་ཡོངས་འགྲུབ་བྱས་པ་དང་། སྤྱི་དབང་ལག་བསྟར་བྱེད་པའི་གཞུང་དོན་ལས་སྒྲུབ་མི་སྣར་ལྟ་སྐུལ་བྱེད་པ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།

“བཅོས་སྒྱུར་འདིས་ཏང་གི་ལྟ་སྐུལ་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་བར་གཞོགས་འདེགས་དམ་པོ་ཡོང་བར་བྱས་ཤིང་། མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་བ་དང་། བྱེད་ཐབས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གྱུར་བ། ལྟ་སྐུལ་གྱི་ཕན་འབྲས་ཀྱང་མངོན་གསལ་སྒོས་མཐོར་འདེགས་བྱུང་ཡོད”ཅེས་ཀྲུང་གོའི་སྦྲག་སྲིད་སློབ་ཆེན་གྱི་སློབ་གཙོ་གཞོན་པ་མྭ་ཧེ་ཏི་ཡིས་དེ་ལྟར་བཤད་ལ། རྒྱལ་ཁབ་ཀྱི་ལྟ་སྐུལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་ནི། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་གྱི་ཕྱོགས་སུ་སྐུལ་འདེད་བྱེད་པའི་དགོས་མཁོ་ཡིན་པ་རེད་ཅེས་བཤད།

མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན། མི་དམངས་ཀྱི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་འབད་འཐབ་བྱེད།

ཟླ11ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་བསྒྲགས་པ་ལྟར་ན། ཕྱོགས་གསུམ་གྱི་སྒྲིག་གཞིས་དཔྱད་འཇོག་ཞིབ་བཤེར་བྱས་པ་བརྒྱུད། ན་ནིང་ལོར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པར་རེ་འདུན་ཞུས་པའི་དབུལ་ཕོངས་རྫོང་ཉེར་བརྒྱད་ཚང་མ་ཆ་སྙོམས་ཀྱིས་དབུལ་ཕོངས་ལས་ཐར་བའི་ཚད་གཞིར་བསླེབས་པ་རེད།

ཀྲུང་གོས་སྤུས་ཚད་མཐོར་འདེགས་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་བགྲོད་ལམ་གསར་བའི་སྟེང་ཡང་བསྐྱར་གོམ་པ་བརྟན་པོ་ཞིག་སྤོས་པ་རེད།

“ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཁྲོད་གཅིག་ཀྱང་ལུས་མི་རུང་བ་དང་། མཉམ་དུ་ཕྱུག་པོར་འགྱུར་བའི་ཁྲོད་གཅིག་ཀྱང་ཆད་མི་རུང་”། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྡུས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་གནང་སྐབས་བརྗིད་ཉམས་ཆེན་པོས་དམ་བཅའ་བཞག་པ་ནི། དབུལ་ཐར་མཁྲེགས་གཏོར་བྱ་བ་ཡོངས་འགྲུབ་བྱེད་པའི་བྱ་སྤྱོད་ཕྱོགས་སྟོན་ཡིན་པ་རེད།

2016ལོའི་ལོ་མཇུག་གི་བར། རྒྱལ་ཡོངས་ཀྱི་ཞིང་སྡེར་ད་རུང་དབུལ་ཕོངས་མི་གྲངས་བྱེ་བ་བཞི་ས་ཡ་གསུམ་ལྷག་ཡོད་པ་དང་། ད་ལྟའི་དབུལ་ཕོངས་ཁྱིམ་ཚང་མང་ཆེ་བ་ནི་ཆེས་དབུལ་ཞིང་ཆེས་དཀའ་ཁག་ཆེ་བའི་ཁྱིམ་ཚང་ཡིན་པས། དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ལྕི་ཞིང་དཀའ་ཁག་སྔར་ལས་ཆེ་བ་རེད།

ཀོས་ཀྲིག་ཞིང་ཆེན་ཁྲི་ཧྲོས་གྲོང་ཁྱེར་ནི་ཐེངས་དེའི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་རྫོང་ཉེར་བརྒྱད་གྲས་ཀྱི་གཅིག་ཡིན་ལ། ཀོས་ཀྲིག་ཞིང་ཆེན་གྱི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་དབུལ་ཕོངས་རྫོང་དང་པོའང་ཡིན།

“ང་ཚོས་གྲོང་ཁྱེར་ཡོངས་ཀྱི་དབུལ་ཕོངས་ལས་མ་ཐར་བའི་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཁྱིམ་ཚང་གཅིག་ཀྱང་མ་ལུས་པར་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱེད་རྒྱུ་ཡིན”ཞེས་ཁྲི་ཧྲོས་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁོང་ཧྲོན་ཧང་གིས་དེ་ལྟར་བཤད་། ཁོས་བཤད་རྒྱུར། དབུལ་ཕོངས་ལས་ཐར་ཟིན་ནའང་མུ་མཐུད་དུ་གནད་ཕིགས་རོགས་སྐྱོར་བྱ་བ་སྤེལ་ཏེ། དབུལ་ཕོངས་མི་གྲངས་རྒྱུན་སྲིང་དང་བརྟན་འཇགས་ངང་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

དུས་རབས་གསར་བའི་རེ་སྒུག་གསར་བ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་པ་དང་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བར་གྱུར་ཡོད།

ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ཞིན་མེན་གྱིས་བཤད་རྒྱུར། མཛེས་སྡུག་གི་འཚོ་བར་ཉིན་རེར་འཕར་སྣོན་འབྱུང་བཞིན་པའི་དངོས་པའི་རིག་གནས་དག་དགོས་ལ། དེའི་རྨང་གཞིའི་སྟེང་བྱུང་བའི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་བ་སོགས་ཀྱང་དགོས་ཟེར།

སྔར་ལས་བཟང་བའི་སློབ་གསོ་དང་སྔར་ལས་བརྟན་འཇགས་ཡིན་པའི་བྱ་བ། ཡོང་སྒོ་སྔར་ལས་བཟང་བ། སྤྱི་ཚོགས་འགན་སྲུང་སྔར་ལས་བརྟན་འཇགས་ཡིན་པ། ཆུ་ཚད་སྔར་ལས་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། སྡོད་གནས་ཆ་རྐྱེན་སྔར་ལས་བཟང་བ། ཁོར་ཡུག་སྔར་ལས་མཛེས་པ། རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པ་སོགས་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བའི་རེ་སྙེག་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་འབད་འཐབ་དམིགས་འབེན་རེད།

མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བའི་རེ་སྙེག་མངོན་འགྱུར་བྱེད་དགོས་ན། འཕེལ་རྒྱས་དོ་སྙོམས་མིན་པ་དང་ཕུན་སུམ་ཚོགས་པ་མིན་པའི་གནད་དོན་ཐག་གཅོད་བྱེད་དགོས།

“དོ་སྙོམས་མིན་པ་དང་ཕུན་སུམ་ཚོགས་པ་མིན་པ”དེ་གཙོ་བོར་གྲུབ་ཚུལ་རང་བཞིན་གྱི་གནད་དོན་སྟེང་མཚོན་དགོས། ཞིན་མེན་གྱིས་བཤད་རྒྱུར། དོ་སྙོམས་མིན་པ་དེ་གཙོ་བོ་ཁྱབ་ཁོངས་དོ་སྙོམས་མིན་པ་དང་། ས་ཁོངས་དོ་སྙོམས་མིན་པ། ཚོགས་སྤྱི་དོ་སྙོམས་མིན་པ་བཅས་རེད། ཕུན་སུམ་ཚོགས་པ་མིན་པ་དེ་གཙོ་བོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་ཚད་ཕུན་སུམ་ཚོགས་པ་མིན་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མི་མཐོ་བ། འཕེལ་རྒྱས་ཀྱི་གནས་བབ་བརྟན་འཇགས་མིན་པ་བཅས་རེད་ཟེར།

དུས་རབས་གསར་བར་རྣམ་པ་གསར་བ་དགོས་ལ། དེ་བས་ཀྱང་བྱེད་སྟངས་གསར་བ་དགོས།

ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་གནས་པ་དང་བྱ་བ་མཉམ་དུ་སྒྲུབ་ན། མི་དམངས་མང་ཚོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་ཐུབ་ལ། མི་དམངས་ཡོངས་ཀྱི་སྣེ་ཁྲིད་དེ་མཉམ་དུ་འབྱོར་ཕྱུག་གི་ཕྱོགས་སུ་མུ་མཐུད་དུ་བསྐྱོད་ཐུབ་ངེས་རེད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི། ཨན་ཧེ་ཞིང་ཆེན་ཅིན་ཀྲེ་རྫོང་ཏཱ་བན་སྡེ་བའི་དབུལ་སྐྱོར་བྱ་བའི་རུ་ཁག་གི་རུ་གཙོ་གཞོན་པ་ཡུས་ཅིན་ལ་མཚོན་ན། རི་སྡེ་ཆུང་ཆུང་དུ་ཕྱིར་ལོག་ནས་མང་ཚོགས་རྣམས་ལ་རོགས་རམ་བྱས་ཏེ་དབུལ་ཐར་ཕྱུག་བསྒྱུར་བྱེད་རྒྱུ་ནི་ཐོག་མའི་སེམས་འདུན་རེད། མོས་ཡུལ་མི་རྣམས་ལ་བཤད་རྒྱུར། “ཐོན་ལས་ནི་གཞི་མ་དང་བརྩོན་སེམས་ནི་རྩ་བ་ཡིན། ང་ཚོ་ཏཱ་བན་སྡེ་བའི་ཇ་བག་བཟོ་གྲྭ་དུས་ཚོད་དམ་འཛིན་བྱས་ཏེ་འཛུགས་སྐྲུན་བྱས་ནས། ནུས་ཤུགས་ཡོད་དགུས་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་གཏོང་དགོས”ཟེར།

ཡུས་ཅཱིན་གྱིས་མ་འོངས་བར་རེ་བའི་ཁེངས་ནས་བཤད་རྒྱུར།“འགན་འཁྲི་ཕྲག་ཏུ་བླངས། ལས་འགན་གཟི་བརྗིད་ལྡན། མིག་མདུན་དུ་དཀའ་ཚེགས་ཆེ་བའི་གནད་དོན་ཇི་འདྲ་ཡོད་རུང་། ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་མཛུབ་ཁྲིད་ཡོད་པས། ང་ཚོས་ངེས་པར་དུ་མཐུན་སྒྲིལ་བཟང་བོ་བྱས་ཏེ་འབད་བརྩོན་ལྷོད་མེད་སྒོས་བྱ་བ་སྒྲུབ་ནས། མཉམ་དུ་འབྱོར་ཕྱུག་གི་འཚོ་བའི་ཕྱོགས་སུ་བསྐྱོད་དགོས”ཟེར།

མིའི་རིགས་ལ་འཕེལ་རྒྱས་བརྩོན་ཆེད། འཛམ་གླིང་ལ་ཁ་ཕྱོགས་ཏེ་མཛེས་སྡུག་གི་མ་འོངས་པའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས།

ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། རྐོ་འདྲུའི་འཕྲུལ་འཁོར་གྱིས་ཆེས་མཐར་མཇུག་གི་བྲག་རྡོ་གས་ཆགས་སུ་བཏང་རྗེས། རིང་ཐུང་ལ་སྤྱི་ལེ་བདུན་དང་གྲངས་ཆུང་གསུམ་ཡོད་པའི་ཨ་འར་ཅི་ལི་ཡ་ཀན་ཐཱ་སི་ཕུག་ལམ་བཏོད་པ་རེད། ཕུག་ལམ་གྱི་སྒོའི་འོད་སྣང་དེ་ནི་མ་འོངས་བའི་རེ་བ་ལྟ་བུ་ཡིན་ལ། ཡུལ་དངོས་ཀྱི་ལས་བཟོ་བ་རེ་རེའི་གདོང་ལ་འཛུམ་གྱིས་ཁེངས་སུ་བཅུག

ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཀྲུང་ཐུའུ་སྡེ་ཚོགས་ཀྱིས་འགན་ཁུར་ནས་འཛུགས་སྐྲུན་བྱས་པའི་ཕུག་ལམ་ལེགས་འགྲུབ་བྱུང་རྗེས། ཨ་འར་ཅི་ལི་ཡའི་རྒྱལ་ས་ཨ་འར་ཅི་ཨར་དང་དེའི་གྲོང་ཁྱེར་ཆེན་པོ་གཉིས་པ་ཨོ་ལན་བར་གྱི་ལྕགས་ལམ་ལམ་ཐིག་སླར་གསོ་བྱེད་པར་རེ་བ་ཡོད་པས། གྲོང་ཁྱེར་གཉིས་བར་གྱི་མེ་འཁོར་ཤར་སྐྱོད་ཀྱི་དུས་ཚོད་ཇེ་ཐུང་དུ་གཏོང་ཐུབ་པ་རེད།

ཨེ་ཤ་ཡ་ཤར་ལྷོ་ནས་ཨེ་ཤ་ཡ་དབུས་མ། ཡོ་རོབ་གླིང་དང་ཨ་ཧྥེ་རི་ཁ་གླིང་ནས་ལཱ་ཏེན་མེ་གླིང་བར་གྱི་ལྕགས་ལམ་དང་གཞུང་ལམ། གྲུ་ཁ་དང་གློག་འདོན་ས་ཚིགས་གང་ཡིན་ཡང་། ཀྲུང་གོས་འཛུགས་སྐྲུན་དང་ཀྲུང་གོས་བཟོས་པ། ཀྲུང་གོའི་དངུལ་གཏོང་བཅས་མཉམ་དུ་རྒྱལ་ཁོངས་བརྒལ་ཏེ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་འཕེལ་རྒྱས་ཀྱི་ཁེ་ཕན་བསྐྲུན་བཞིན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་མཁན་གྱི་སྲིད་ཏང་ཞིག་ཡིན་ལ། མིའི་རིགས་ཀྱི་ཡར་ཐོན་ལས་དོན་ཐད་འབད་བརྩོན་བྱེད་པའི་སྲིད་ཏང་ཞིག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ལ་བྱས་རྗེས་སྔར་ལས་གསར་བ་འཇོག་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲི་རུ་བརྩི་བཞིན་ཡོད།

མིག་རྒྱ་ཇི་ཙམ་ཆེ་ན་མདུན་ལྗོངས་དེ་ལས་ཡངས་པོ་མཐོང་ཐུབ། ཁོག་རྒྱ་ཇི་ཙམ་ཆེ་ན་བྱ་བ་ཇི་ཙམ་རྙོག་འཛིང་ཆེ་རུང་བཟོད་སྒོམ་བྱེད་ཐུབ། ཨུ་རུ་སིའི་གསར་འགྱུར་ཁང་གི་དཔྱད་བརྗོད་པས་བཤད་པ་ལྟར་ན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་འཛམ་གླིང་རང་བཞིན་གྱི་འཐུས་མི་ཚོགས་ཆེན་ཞིག་རེད། “གལ་ཏེ་དེ་སྔོན་གྱི་ཚོགས་ཆེན་གྱིས་རྒྱལ་ཁབ་ཀྱི་མ་འོངས་པ་ཐག་གཅོད་བྱས་པ་ཡིན་ཚེ། ཐེངས་འདིའི་ཚོགས་ཆེན་གྱིས་འཛམ་གླིང་གི་མ་འོངས་པ་ཐག་གཅོད་བྱས་ཡོད”ཟེར།

རྒྱལ་ཁོངས་བརྒལ་ནས་གཉིས་ཕན་བརྩོན། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ཡོངས་ལ་ཁེ་ཕན་མང་པོ་བསྐྲུན།

ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམ་སྟོན་ཚོགས་འདུ2018ལོའི་ཟླ་བཅུ་གཅིག་པའི་ཚེས་ལྔ་ནས་ཚེས་བཅུ་བར་ཧྲང་ཧེ་རུ་སྤེལ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་གི་ཁེ་ལས་ཚོགས་འདུར་ཞུགས་རྒྱུ་རེད།

ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི། ཚོང་དོན་པུའུ་རྒྱལ་སྤྱིའི་ཉོ་འཚོང་གྲོས་མོལ་འཐུས་མིའམ་པུའུ་ཀྲང་གཞོན་པའི་འགན་ཁུར་བཞིན་པའི་ཧྥུའུ་ཙི་ཡུན་གྱིས་བཤད་རྒྱུར། ནང་འདྲེན་དངོས་མང་བཤམ་སྟོན་ཚོགས་འདུ་སྤེལ་བ་ནི་ཀྲུང་གོའི་སྐོར་གསར་བའི་ཆུ་ཚད་མཐོ་བ་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་བྱེད་ཐབས་དངོས་འབེབ་བྱེད་པ་ཞིག་ཡིན་ལ། ཀྲུང་གོའི་འཛམ་གླིང་ལ་ཚོང་རའི་སྒོ་འབྱེད་པའི་བྱ་སྤྱོད་ཅིག་ཀྱང་ཡིན་ཟེར།

“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ཏང་གི་སྒྲིག་ཡིག་ཏུ་བཀོད་པ་ནས། ཞི་ཅིན་ཕིང་ཀྲུའུ་ཞི་ཡིས་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྗེས་སུ་ཕྱི་ཕྱོགས་ཀྱི་བྱ་འགུལ་ཐོག་མའི་ཁྲོད་སྔར་ལས་ལྷག་པའི་སྒོ་ནས་སྒོ་འབྱེད་ཀྱི་རྒྱ་ཇེ་ཆེར་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་འདོན་པར་ཁས་ལེན་བྱས་པ་དང་། ཀྲུང་གོ་ཡིས་འཛམ་གླིང་ལ་ཕན་ཚུན་མཉམ་རྒྱལ་དང་གོ་སྐབས་མཉམ་རོལ་བྱེད་པའི་ལྷག་བསམ་མཚོན་པར་བྱས།

མ་འོངས་པའི་ལོ་ལྔའི་ནང་། ཀྲུང་གོ་ཡིས་ཨ་སྒོར་དུང་ཕྱུར་བརྒྱད་ཀྱི་ཚོང་རྫས་ནང་འདྲེན་བྱེད་རྒྱུ་ཡིན་པ་དང་། ཨ་སྒོར་དུང་ཕྱུར་སྟོང་དྲུག་གི་ཕྱི་ཕྱོགས་མ་དངུལ་བསྡུ་ལེན་བྱེད་རྒྱུ་ཡིན་ལ། ཕྱི་ཕྱོགས་སུ་བཏང་བའི་མ་དངུལ་ཨ་སྒོར་དུང་ཕྱུར་སྟོང་བདུན་དང་ལྔ་བརྒྱ་རུ་སླེབས་སྲིད་པ་དང་། ཕྱི་རྒྱལ་ལ་ཡུལ་སྐོར་དུ་འགྲོ་བའི་མི་གྲངས་དུང་ཕྱུར་བདུན་ལ་སླེབས་སྲིད།

ཨ་མེ་རི་ཁའི«ཝ་ཧྲིན་ཐོན་སྦྲགས་སྲིད་ཚགས་པར»དྲ་ཚིགས་ཀྱི་རྩོམ་ཡིག་ལས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་བརྒྱུད། ཀྲུང་གོས་རང་གི་རྨང་གཞིའི་སྒྲིག་ཆས་ཀྱིས་སྐུལ་ཁྲིད་བྱེད་པའི་དཔལ་འབྱོར་འཕེལ་རྒྱས་ཁྲོད་བླངས་པའི་ཉམས་མྱོང་དང་ཐོན་ནུས་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་འདོན་སྤྲོད་བྱེད་རྒྱུ་རེད།

རང་སྟེང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཐབས་ལམ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་གི་ཁྱབ་ཁོངས་སུ་དཔེ་སྟོན་གྱི་ནུས་པ་ཆེན་པོ་ཐོན་བཞིན་ཡོད།

པེ་ཅིང་སློབ་ཆེན་གྱི་མཚེའུའི་འགྲམ་དུ། རྩིག་དམར་སོ་སྔོན་ཅན་གྱི་ཀྲུང་གོའི་རྣམ་པའི་ར་བ་ཞིག་ཡོད་ཅིང་། ཤ་མདོག་མི་འདྲ་བའི་སློབ་མ་མང་བོ་དེར་འགྲོ་འདུག་བྱེད་བཞིན་ཡོད། གནས་དེ་ནི2016ལོར་བཙུགས་པ་དང་ཆེད་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་གཞུང་ལུགས་ལ་ཞིབ་འཇུག་བྱེད་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་འཕེལ་རྒྱས་སློབ་གླིང་རེད།

སློབ་མ་དེ་དག་གིས་བལྟས་ན། ཀྲུང་གོའི་ཅུང་མགྱོགས་མྱུར་སྒོས་དེང་རབས་ཅན་མངོན་འགྱུར་བྱེད་པར་སྐུལ་འདེད་བྱེད་ཐུབ་པའི་རིག་གཞུང་དེ། ཁོ་ཚོའི་རྒྱལ་ཁབ་སྟེ་དེ་ལྟ་བུའི་འཕེལ་རྒྱས་ཀྱི་དུས་རིམ་དུ་གནས་པས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཚོན་ན། དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན།

“དེང་རབས་ཅན་གྱི་འཕེལ་ཕྱོགས་ནི་རྒྱུན་འཁྱོངས་བྱེད་དགོས་པ་ཞིག་རེད། འོན་ཀྱང་དེང་རབས་ཅན་གྱི་བགྲོད་ལམ་སྟེང་བསྐྱོད་པར་གདམ་གསེས་བྱས་ཆོག”ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི། པེ་ཅིན་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་ཧའོ་ཕིན་གྱིས་བཤད་རྒྱུར། ཀྲུང་གོའི་ལེགས་འགྲུབ་ཀྱི་གྲུབ་འབྲས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་ལ་ཁ་ཕྱོགས་པའི་ཐབས་ལམ་རྒྱ་བསྐྱེད་པ་དང་། ཀྲུང་གོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་དུ་བསྐྱོད་པའི་ཁ་ཕྱོགས་འཚོལ་ཞིབ་བྱེད་པ་དེས། མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་འདོད་པ་དང་རང་སྟེང་གི་ཁྱད་གཤིས་སྲུང་འཛིན་བྱེད་འདོད་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་དཔྱག་འཇོག་དང་ཉམས་མྱོང་སྔར་ལས་མང་པོ་ངེས་པར་དུ་འདོན་སྲིད་ཟེར།

ཀྲུང་གོས་མིའི་རིགས་འཕེལ་རྒྱས་ལ་བློ་རིག་དང་ཇུས་གཞི་སྔར་ལས་མང་པོ་འདོན་སྤྲོད་བྱེད་སྲིད།

མཉམ་ལས་གཉིས་རྒྱལ་སྲོག་ཤིང་ཡིན་པའི་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བར་སྐུལ་འདེད་གཏོང་བ་ནས། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པའི་བར་དང་། མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་ཀྱི་འཛམ་གླིང་གི་བཅོས་སྐྱོང་ལྟ་བ་འདོན་པ་ནས། འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཟབ་ཞུགས་མཁན་དང་བྱས་རྗེས་འཇོག་མཁན། སྣེ་ཁྲིད་མཁན་བཅས་སུ་འགྱུར་བར་འབད་བརྩོན་བྱས་ཏེ། གནད་དོན་གསར་བ་དང་འགྲན་རྩོད་གསར་བར་གདོང་གཏད་དེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཤར་ཕྱོགས་ཀྱི་བློ་གྲོས་ཀྱིས་ཕྱུག་པའི་ཀྲུང་གོའི་ཇུས་གཞི་རབ་དང་རིམ་པ་བཏོན་པར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་བྱས།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་ཀླད་པར་དྲག་ཆས་སྤྲས་པ་དང་། མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་གི་ཀྲུང་གོ་མི་དམངས་ཀྱི་བློ་སེམས་གཅིག་སྒྲིལ་དང་དཀའ་སྤྱད་སྡུག་རུས་བྱས་ན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་མདུན་ལྗོངས་སྔར་ལས་འོད་སྟོང་ལྡན་པ་མངོན་ཐུབ་ངེས་རེད།

ལོ་ཙཱ་བ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ།