ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་བསྟན་དོན། དབུལ་ཕོངས་མི་གྲངས་དང་དབུལ་ཕོངས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་རྒྱུ་ནི་ང་ཚོའི་ཏང་གི་གཟི་བརྗིད་ལྡན་པའི་དམ་བཅའ་ཡིན།
དེ་རིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཆེས་མཐའ་མཇུག་གི་དབུལ་ཕོངས་ཐག་གཅོད་དམག་འཐབ་བྱེད་པའི་ཉིན་སྟོང་སྟེ་མཐའ་མའི་གདོང་མཆོང་གི་དུས་དེ་སླེབས་ཟིན།
རྨ་ལྷོ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲེན་ཁྲང་གིས་བཤད་པ་ཇི་བཞིན། ཆེས་མཐའ་མའི་སྤྱི་ལེ་གཅིག”ལྷག་ཡོད་པ་ཕལ་མོ་ཆེ་ནི་ཆེས་མུར་དཀའ་བའི“རུས་པ་མཁྲེགས་པོ”ཡིན། དབུལ་ཕོངས་དབུལ་ནག་ནི་མིག་སྔའི་དབུལ་ཐར་འགག་སྒྲོལ་ལས་ཞན་ཆའི་ནང་གི་ཞན་ཆ་ཡིན་པས། ངེས་པར་རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་སྤྱོད་དགོས། ང་ཚོས་རྗེས་ཕྱོགས་སྤྱི་ཡོངས་སྐུལ་སྤེལ་དང་འགག་གནད་སྒྲོལ་བ་གཉིས་ཀྱི་འབྲེལ་བ་ཡག་པོར་ཐག་གཅོད་བྱེད་པ་དང་། གནད་ཁེལ་དབུལ་སྐྱོར་དང་ས་ཁོངས་འཕེལ་རྒྱས་ཀྱི་འབྲེལ་བ་ཡག་པོར་ཐག་གཅོད་བྱེད་པ། རྒྱལ་ཁབ་ཀྱི་རོགས་སྐྱོར་དང་རང་སྟོབས་རང་སྤེལ་གྱི་འབྲེལ་བ་ཡག་པོར་ཐག་གཅོད་བྱེད་པ། འགན་འཁྲི་དངོས་འབེབས་དང་དཔྱད་ཞིབ་ཤུགས་སྣོན་གྱི་འབྲེལ་བ་ཡག་པོར་ཐག་གཅོད་བྱེད་པ་བཅས་ཀྱི་ཕྱོགས་ལ་འབད་བརྩོན་བྱ་རྒྱུ་ཡིན། འགྲིམ་འགྲུལ་འཕེལ་རྒྱས་གཙོ་གནད་ཡིན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། སློབ་གསོ་འཕེལ་རྒྱས་གཙོ་གནད་ཡིན་པའི་སྤྱི་ཚོགས་ལས་དོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་གཙོ་གནད་ཡིན་པའི་ཕྱོགས་བསྡུས་འཕེལ་རྒྱས་མ་ལག་ཇེ་མགྱོགས་སུ་གཏོང་དགོས།
2016ལོར་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་ཐེངས་དང་པོར་དབུལ་ཐར་གྱི“ཞྭ་མོ་ཕུད་པའི”རྫོང་ཡིན་པའི་ཆ་ནས། ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་དབུལ་ཐར་འགག་སྒྲོལ་གྱི“ཐབས་མཆོག”ལས་རྒྱལ་ཁ་བླངས་པ་སྟེ། འབྲོག་པ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱས་ཏེ། “གཞན་གྱིས་འབྱོར་འབྲིང་དུ་སྐྱེལ་བར་སྒུག”པའི་བསམ་ཚུལ་དོར་དུ་བཅུག་ནས། “སྒུག་རྟེན་སློང་གསུམ”དེ“སྤེལ་རོགས་ཁྲིད་གསུམ”དུ་བསྒྱུར་ཏེ། “བློ་སྟོབས”རོགས་སྐྱོར་དང་། “སྲིད་ཇུས”རོགས་སྐྱོར། “མ་དངུལ”རོགས་སྐྱོར། “རྨང་གཞི”རོགས་སྐྱོར། “ཐོན་ལས”རོགས་སྐྱོར། “བློ་རིག”རོགས་སྐྱོར་བཅས་རྒྱུན་འཁྱོངས་བྱས་ནས། “ཞང་གཅིག་ལ་ཐོན་ལས་གཅིག་དང་། སྡེ་བ་གཅིག་ལ་ཐོན་རྫས་གཅིག”གི་ཐོན་ལས་སྐུལ་འདེད་བྱེད་སྒོ་ལག་བསྟར་བྱས་པ་དང་། ཁྱིམ་ཚང་གཅིག་གིས་ཁྱིམ་ཚང་མང་པོར་སྣེ་ཁྲིད་པ་དང་། ཁྱིམ་ཚང་མང་པོས་སྡེ་བ་ཡོངས་ལ་སྣེ་ཁྲིད་པ། སྡེ་བ་གཅིག་གིས་སྡེ་བ་མང་པོ་དང་སྦྲེལ་བ། སྡེ་བ་མང་པོ་རྟེན་གཞི་རུ་འགྱུར་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཏེ། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་བཏང་ནས། རྒྱུན་ཆད་མེད་པར་དབུལ་ཕོངས་ས་ཁོངས་ཀྱི་བདག་ཉིད་འཕེལ་རྒྱས་ཀྱི“ཁྲག་བཟོའི་བྱེད་ནུས”ཤུགས་ཆེར་བཏང་།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་དབུལ་ཕོངས་མི་གྲངས་ཁྲི་བཞི་དང་སྟོང་གསུམ་བཞི་བརྒྱ་ཉེར་བདུན་ཡོད་ལ། དབུལ་ཕོངས་བྱུང་ཚད་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་དྲུག་བརྒྱད་ཡིན། 2016ལོར་ཁུལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་སྟོང་ལྔ་དང་བཞི་བརྒྱ་དབུལ་ཐར་བྱས་པ་དང་། དབུལ་ཕོངས་སྡེ་བ་བཅུ་དྲུག་དབུལ་ཕོངས་ལས་ཕྱིར་བུད་ལ། ཧི་ནན་རྫོང་གིས་དབུལ་ཐར་ཞྭ་མོ་ཕུད་པས། ཐེངས་དང་པོའི་དམག་འཐབ་ལ་རྒྱལ་ཁ་ཐོབ་ཅེས་བཤད་ཆོག
“དབུལ་པོ”ཞེས་པའི་ཡིག་འབྲུ་ནི་དབུལ་ཕོངས་ས་ཁུལ་ཐུན་མོང་ལ་སྦྱར་བའི་ཐོབ་ཐང་གི་རྟགས་ཙམ་ཡིན་ནའང་། དབུལ་པོར་ཡང་དབུལ་པོ་ཇི་ལྟར་ཡིན་ཚུལ་ཡོད་པས། དབུལ་སྐྱོར་ལ་སྐྱོར་ལུགས་ངེས་གཏན་ཞིག་གྲུབ་མེད། སྤྱི་ཁྱབ་བཀོད་འདོམས་གཅིག་རྒྱུན་འཁྱོངས་བྱེད་པ་ནས། རྨང་གཞི་གཉིས་སྲ་བརྟན་དུ་གཏོང་བ་དང་། དེ་ནས་སྟོབས་ཤུགས་ཆེན་པོ་གསུམ་གཅིག་ཏུ་བསྒྲིལ་ཐུབ་པ་དང་། འགན་སྲུང་བཞི་པོ་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ། ཐབས་བཀོད་ལྔ་སྤེལ་བ་དང་གསར་གཏོད་དྲུག་སྐུལ་འདེད་བྱེད་པའི་བར་དུ་འབད་པ་བྱས། མིག་སྔར། རྨ་ལྷོ་ཁུལ་གྱི་ཁྱིམ་ཚང་སོ་སོ་དང་། སྡེ་བ་དང་ལས་ཁུངས་སྡེ་ཁག་སོ་སོ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་རེ་རེས་སེམས་ཤུགས་གཅིག་ཏུ་བསྒྲིམས་ནས། གནད་ཁེལ་དབུལ་སྐྱོར་གྱི་འཐབ་འཛིང་ལ་རྒྱབ་ཁ་ཐོབ་ཆེད་སེམས་མཐུན་སྟོབས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་དགོས།
ལོ་ངོ་མང་པོའི་རིང་གི་དཀའ་སྤྱད་ཀྱི་ལག་ལེན་བརྒྱུད་མཐར། ཐོན་ལས་འཕེལ་རྒྱས་དང་དངུལ་རྩའི་དངུལ་བུན། ལས་གཞིའི་འཛུགས་སྐྲུན། སྡེ་ཡོངས་སྐུལ་སྤེལ། གཞན་སར་གནས་སྤོར་བ་བཅས་རྨ་ལྷོའི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་མ་དཔེ་ཡིས་གནད་ཁེལ་དབུལ་སྐྱོར་བྱེད་པར་རྨང་གཞི་བརྟན་པོ་བཏིང་།
གནད་ཁེལ་དབུལ་སྐྱོར་གྱི་ནང་རྐྱེན་འཐུས་ཚང་འཛུགས་པ་དང་། དངུལ་རྩའི་ཞབས་ཞུ་སྟེགས་བུ་བསྐྲུན་པ་སོགས་ཀྱི་ཕྱོགས་ནས་མགོ་བཟུང་སྟེ། རྨང་གཞིའི་སྒྲིག་བཀོད་དབུལ་སྐྱོར་དང་། གནས་སྤོར་དབུལ་སྐྱོར། བློ་རིག་དབུལ་སྐྱོར། ངལ་རྩོལ་དབུལ་སྐྱོར། འགན་སྲུང་དབུལ་སྐྱོར་བཅས་“གནད་ཁེལ་དབུལ་སྐྱོར་ཆེན་མོ་དྲུག”ཁྱོན་ཡོངས་ནས་གང་སར་སྤེལ། དབུལ་སྐྱོར་གྱི་བྱ་བ་སྐུལ་འདེད་དང་བྱ་བའི་དཔྱད་ཞིབ། མ་དངུལ་དོ་དམ། དངུལ་རྩའི་ཞབས་ཞུ། སྡེ་ཁག་མཐུན་སྦྱོར་སོགས་ཀྱི་བྱ་བའི་རྐྱེན་སྲོལ་ཐད་ཤེད་ཤུགས་གང་ཡོད་བཏོན་པས། རྨ་ལྷོ་ཁུལ་གྱིས་ཕྱོགས་ཡོངས་ནས་དབུལ་སྐྱོར་འགག་སྒྲོལ་བྱེད་པར་ནུས་པ་ཡོད་རྒུ་བཏོན་ཡོད་ཅེས་བཤད་ཆོག
ཉེ་བའི་ལོ་གཉིས་ཀྱི་རིང་། རྨ་ལྷོ་ཁུལ་གྱིས་མ་དངུལ་ཧྲག་སྡེབ་བྱས་པ་དང་། གཅིག་བསྡུས་ཀྱིས་ཆུ་གློག་ལམ་གསུམ་དང་། སྡོད་ཁང་སོགས་ཀྱི་མཁྲེགས་ཆས་དམིགས་ཚད་འོས་འགན་འགག་སྒྲོལ་བྱས་ལ། དབུལ་ཕོངས་ཁྱིམ་ཚང་དག་དབུལ་ཕོངས་སུ་གྱུར་པའི་རྒྱུ་རྐྱེན་ཏེ་གནོད་འཚེ་ཐེབས་པ་དང་ན་ཚ་བྱུང་བ། ཐོན་ལས་དང་ལག་རྩལ་ཞན་པ། ངལ་རྩོལ་པ་ཉུང་བ་སོགས་ལ་དམིགས་ཏེ། སྡེ་བ་དང་བསྟུན་ནས་ཐབས་ཇུས་ལག་བསྟར་བྱེད་པ་དང་། ཁྱིམ་ཚང་དང་བསྟུན་ནས་བཅའ་ཁྲིམས་ལག་བསྟར་བྱས་ནས། “གཅིག་ལ་གཅིག་གཏད་དང་གཅིག་རེ་གཅིག་རེ”བྱས་ནས་ཡོང་སྒོ་འཕར་སྣོན་ཡོང་ཐབས་ཡང་དག་སྒོས་གཏན་འབེབས་བྱས་ཏེ། 2019ལོའི་ལོ་མཇུག་ཏུ་ཁུལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཐར་བྱེད་ཐུབ་པ་དང་། དབུལ་ཕོངས་སྡེ་བ་ཡོངས་དབུལ་ཕོངས་ལས་ཕྱིར་འབུད་ཐུབ་པ། དབུལ་ཕོངས་རྫོང་ཡོངས་ཀྱིས་དབུལ་ཕོངས་ཞྭ་མོ་ཕུད་དེ། དབུལ་ཕོངས་མི་གྲངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོའི་སྤྱོད་འཐུས་ཡོང་འབབ་སྒོར་བཞི་སྟོང་ཡན་ལ་བསླེབ་པ་དང་། ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་པར་ཁག་ཐེག་ནན་ཏན་བྱེད་དགོས།
2015ལོའི་ཟླ11པ་ནས་ད་ལྟའི་བར། ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་གནད་དོན་འཛིན་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར། བློ་རིག་དབུལ་སྐྱོར། རྨང་གཞིའི་སྒྲིག་བཀོད་དབུལ་སྐྱོར། སྨན་བཅོས་སྐྱོབ་རོགས་དབུལ་སྐྱོར། མཐིལ་རྟོལ་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར་སོགས་ཀྱི་བྱ་བ་ནན་མོར་བཟུང་སྟེ། གནད་ཁེལ་དབུལ་སྐྱོར་དངོས་གནས་གཏིང་ཟབ་ཏུ་སྤེལ་བ་རེད།
རྫོང་འདིས“གློག་འཕྲིན་འཛུགས་སྐྲུན་དང་སྲིད་གཞུང་གིས་རོགས་སྐྱོར། འབྲོག་ཁྱིམ་གྱིས་ཁེ་བཟང་རེག་པ། དྲ་གསུམ་མཉམ་འདྲེས། གློག་ཚོང་དབུལ་སྐྱོར། སྡེ་ཡོངས་སྐུལ་འདེད”བཅས་ཀྱི་མ་དཔེ་བཏོན་ཅིང་། ཡོད་ཚད་དྲ་བ་ཡོད་པའི་སྡེ་བ་འཛུགས་སྐྲུན་བྱེད་པ་དམིགས་འབེན་དུ་བཟུང་ནས། བརྙན་འཕྲིན་དང་དྲ་ལམ། ཁ་པར་གསུམ་གཏིང་ཟབ་སྒོས་མཉམ་འདྲེས་བྱེད་པ་མངོན་འགྱུར་བྱུང་སྟེ། གློག་ལམ་གཅིག་གིས་འབྲོག་པ་མང་ཚོགས་ཀྱིས་བརྙན་འཕྲིན་ལ་ལྟ་བ་དང་དྲ་ཐོག་ཏུ་ཞུགས་པ། ཁ་པར་གཏོང་བ་སོགས་ཀྱི་དགོས་མཁོ་སྐོང་ཐུབ་པར་བྱས།
རྩེ་ཁོག་རྫོང་གི་གནད་ཁེལ་དབུལ་སྐྱོར་གྱི་མཚོན་བྱེད་ཡིན་པའི་ཆ་ནས། ལྷ་དཀར་མཉམ་ལས་ཁང་གིས་ཕྱུགས་ལས་རྒྱུན་བསྲིང་འཕེལ་རྒྱས་རྩ་དོན་དུ་བཟུང་སྟེ། རྒྱུན་ཆད་མེད་པར་ཕྱུགས་ལས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཤུགས་ཚད་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཕྱུགས་གསོ་ལག་བསྟར་བྱེད་པ། སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་སྒོ་ནས། ཧུར་ཐག་གིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་མཐར། འབྲོག་པ་མང་ཚོགས་ཀྱི་ངལ་རྩོལ་ནུས་རྩལ་དང་རྩ་འཛུགས་རང་བཞིན་གྱི་ཆུ་ཚད་གོང་འཕེལ་དུ་སོང་སྟེ། སྡེ་བ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་ཅུང་ལེགས་པོ་བླངས་པ་དང་། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཐར་མངོན་འགྱུར་བྱས་པས། དབུལ་ཕོངས་དངོས་ལས་ཐར་བ་དང་དངོས་གནས་དབུལ་ཐར་བྱེད་ཐུབ་པ་བྱུང་།
གནད་ཁེལ་དབུལ་སྐྱོར་གྱི་བྱ་བ་སྤེལ་བ་ནས་བཟུང་། རྨ་ལྷོ་ཁུལ་གྱིས་ཐབས་མང་མཉམ་སྤྱོད་དང་གནད་ཁེལ་ཤུགས་འདོན་བྱས་ཏེ།གསར་གཏོད་རྐྱེན་སྲོལ་ཁྲོད་འགག་སྒྲོལ་འདུས་ཤུགས་འགྲུབ་ཐུབ་པར་བྱས་ཤིང་། “གཅིག་འགན་གཉིས་འཛུགས་གསུམ་སྦྲེལ་བཞི་འཛིན”གྱི་བྱ་བའི་ནང་རྐྱེན་བཙུགས་ཏེ། རིམ་པ་རེ་རེས་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་འཁན་འཁྲི་ཡི་གེ་བཞག་ལ། དབུལ་འཕྲི་འོས་འགན་གྱི་དབྱེ་འབྱེད་ཇེ་ཞིབ་ཏུ་བཏང་བ་དང་།“གནད་འཁེལ་དྲུག”གི་སྤྱིའི་བླང་བྱ་གཅིག་བསྡུས་བྱས་ཤིང་། རྨ་ལྷོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་ནས“1+8+10” ཡི་དབུལ་ཐར་འགག་སྒྲོལ་སྲིད་ཇུས་མ་ལག་བཀོད་འཛུགས་བྱས་ལ། དབུལ་སྐྱོར་ལས་གཞི་གནད་ཁེལ་གྱིས་སྡེ་བ་དང་སྡེ་ཁུལ་དུ་ཐོན་ཐུབ་པ་དང་། དབུལ་སྐྱོར་སྲིད་ཇུས་གནད་ཁེལ་གྱིས་ཁྱིམ་ཚང་དང་མི་སྒེར་སྟེང་སླེབས་ཐུབ་པ། དབུལ་སྐྱོར་མ་དངུལ་གནད་ཁེལ་བདེ་འཇགས་ངང་དམིགས་ས་དང་རྩིས་ཐོ་རུ་འབྱོར་ཐུབ་པ་བྱས།
དེ་དང་མཉམ་དུ། རོགས་སྐྱོར་ཐོན་ཁུངས་དང་མ་དངུལ། ལས་གཞི་བཅས་ཧྲག་སྡེབ་ནུས་ལྡན་བྱས་ཏེ། ཆེད་དམིགས་དབུལ་སྐྱོར་དང་ལས་རིགས་དབུལ་སྐྱོར། ས་གནས་ཆ་བསྒྲིགས། དངུལ་ལོར་ཡིད་རྟོན་དངུལ་བུན། སྤྱི་ཚོགས་རོགས་སྐྱོར། མཚོ་སྔོན་རོགས་སྐྱོར་བཅས་ཀྱི“གནས་དྲུག་ཕུང་གཅིག”གི་དབུལ་སྐྱོར་གཏོང་འཇོག་འགན་ལེན་ནང་རྐྱེན་གྲུབ་པར་བྱས་ལ། སྲིད་གཞུང་གཙོ་ཁྲིད་དང་ཕྱོགས་སོ་སོས་ལག་རྡང་གཅིག་ཏུ་སྦྲེལ་ཏེ་ནུས་ཤུགས་གཅིག་འདོན་གྱིས་དབུལ་སྐྱོར་བྱ་བའི་རྣམ་པ་གསར་པ་གྲུབ་པར་བྱས། །
རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།