ན་ནིང་ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་ཁྱོན་ཡོངས་ནས་ཕྱོགས་དྲུག་གཞི་གཅིག་གི་དྲ་མིག་ཅན་གྱི་དོ་དམ་བྱེད་ཐབས་གསར་བ་བཏོན་ནས་སྐུལ་འདེད་བཏང་བ་དེས། རིམ་སྤར་པར་གཞི་སྤུས་རིམ་གསར་མས་པད་མའི་ཉམས་མྱོང་ལ་ནང་དོན་གསར་བ་ཞིག་སྦྱིན་ཡོད། སྤྱི་ཚོགས་བཅོས་སྐྱོང་གི་དཔེ་དབྱིབས་གསར་གཏོད་བྱས་ནས་ཞབས་ཞུ་དོ་དམ་གྱི་དཀའ་གནད་ལས་བརྒལ་བ་དང་། དྲ་མིག་ཅན་གྱི་དོ་དམ་བྱེད་ཐབས་ཁྱབ་སྤེལ་བྱས་ནས་སྤྱི་ཚོགས་དོ་དམ་གྱི་རྟེན་གཞི་རྙེད་པ། ཞིབ་ཕྲ་ཅན་གྱི་ཞབས་ཞུ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་སེམས་འཁུར་བྱེད་བཞིན་པའི་ལྟེ་གནས་འཚོལ་ཞིབ་བྱེད་ཐུབ་སོང་། འབུར་དུ་ཐོན་པའི་རྩེ་རིམ་ཇུས་འགོད་ཀྱིས་འགན་འཁུར་ལག་བསྟར་བྱེད་དགོས་པའི་གནད་འགག་གཙོ་བོར་གྱུར། དེ་དང་མཉམ་དུ་རྨ་སྟོད་རྫོང་གིས་རྒྱུན་ཆད་མེད་པར་འགལ་ཟླ་རྩོད་གཞིའི་མཐུན་སྦྱོར་གསུམ་གྱི་མཉམ་འགུལ་ནང་རྐྱེན་སྒྲིག་གཞི་བཙུགས་ནས་ཤུགས་ཆེན་པོའི་སྒོ་ནས་འགལ་ཟླའི་རྩོད་གཞི་དེ་མགྱོགས་མྱུར་ངང་སྣ་མང་ཅན་གྱི་ཕྱོགས་སུ་བསྐྱོད་པ་དང་གྲུབ་འབྲས་མངོན་གསལ་ཐོབ།
དེ་དང་མཉམ་དུ། མགོ་ལོག་ཁུལ་གྱི་རྫོང་སོ་སོས་ཏང་ཨུའུ་འགོ་ཁྲིད་ཇེ་ལེགས་སུ་གཏོང་བ་དང་། སྲིད་གཞུང་གི་གཙོ་ཁྲིད། སྤྱི་ཚོགས་འཆམ་མཐུན། སྤྱི་དམངས་ནང་དུ་ཞུགས་པ་དང་། ཁྲིམས་ལུགས་འགན་སྲུང་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་འདུ་ཤེས་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས། ཁུལ་ཡོངས་ཀྱི་དོན་དངོས་ལ་དམ་ཟབ་སྒོས་ཟུང་འབྲེལ་བྱས་ནས་གཏིང་ཟབ་པའི་སྒོ་ནས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་བཏང་། དར་ལག་རྫོང་གིས་བསྟུན་མར་དྲ་མིག་ཅན་དང་མཚོན་གྲངས་ཆེན་པོར་བརྟེན་ནས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ལ་གསར་གཏོད་བྱས། པད་མ་རྫོང་དུ་སློབ་གསོ་དྲིལ་བསྒྲགས་དང་།གཅེས་སེམས་ཀྱིས་རོགས་སྐྱོར། གཉེན་མི་ངོས་འཛིན། མཉམ་སྐྲུན་མཉམ་གཏོད།ཞེ་མཐུན་ཞིང་ཕྱོགས་མཚུངས་པ་།དབུལ་སྐྱོར་མཁྲེགས་གཏོར། བདེ་སྐྱིད་བཟོ་སྐྲུན་བཅས་ཀྱི་ནང་དོན་གཙོ་བོར་བཟུང་ནས་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་རྫོང་གཞི་བཅོས་སྐྱོང་གི་ལམ་བུ་ཞིག་ཆགས་པར་བྱས་ཡོད། རྨ་ཆེན་རྫོང་གིས་གཙོ་གནད་ཞིང་གྲོང་གི་ཕྱོགས་བསྡུས་བཅོས་སྐྱོང་ཁྲོད་མཉམ་སྒྲུབ་བྱས་ནས། ཤུགས་ཡོད་རྒུས་གཞི་རིམ་གྱི་མངོན་གསལ་དོད་པའི་བདེ་སྲུང་གི་གནད་དོན་སོགས་ཐག་གཅོད་བྱས། གཅིག་སྒྲིལ་རྫོང་གི་བཅུ་དཔོན་ལམ་ལུགས་ཀྱིས་ནུས་ཡོད་རྒུས་སྤྱི་ཚོགས་དོ་དམ་གྱི་སྒྲུབ་ཕྱོགས་དེ་གཞི་རིམ་དུ་རྒྱུན་སྲིང་བྱས། དགའ་བདེ་རྫོང་གིས་རྒྱུན་དུ་བསྒྲུབ་པ་དང་། ཞིབ་ཚགས་སྒོས་བསྒྲུབ་པ། དངོས་སུ་བསྒྲུབ་པ་བཅས་ཀྱི་མི་སྣ་གལ་ཆེན་ལ་རོགས་ཁྲིད་དང་དོ་དམ་གྱི་ལས་ཀ་གཉེར་བཞིན་ཡོད།
མགོ་ལོག་ཁུལ་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་སྲིད་ཁྲིམས་བྱ་བའི་འབྲེལ་ཡོད་ཀྱི་ཇུས་ཆོད་བཀོད་སྒྲིག་ལྟར། རང་རྟོགས་སྒོས་རྣམ་པ་གསར་བ་དང་འགྱུར་ལྡོག་གསར་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་བཅས་ལ་འཚམ་པར་བྱེད་དགོས། བདེ་འཇགས་ཀྱི་མགོ་ལོག་དང་སྲིད་ཁྲིམས་ཀྱི་མགོ་ལོག་འཛུགས་སྐྲུན་བྱེད་པ་དམིགས་འཛིན་བྱས་ནས། འཛུགས་སྐྲུན་བྱེད་བཞིན་པའི་གནས་སྟངས་ལ་བརྟན་ལྷིང་སྲུང་སྐྱོབ་དང་། མཉམ་སྤྱོང་ལ་སྐུལ་འདེད་གཏོང་བ་དང་ཤུགས་རྒྱབ་སྟེ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་སྲུང་སྐྱོབ་བྱེད་པ་དང་། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་བདེ་སྡོ་ལས་བརྩོན་ལ་འགན་སྲུང་བྱེད་པ་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་བྱུང་།
གནས་བབས་སྲ་བརྟན་དང་། མཉམ་སྐྲུན་མཉམ་སྤྱོད།
མགོ་ལོག་ཁུལ་གྱི་སྲིད་ཁྲིམས་བྱ་བར་མཚོན་ནས་བཤད་ན། སྤྱི་ཚོགས་ཁྱོན་ཡོངས་བརྟན་རླིང་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ལས་འགན་དང་པོ་ཡིན། མགོ་ལོག་ཁུལ་གྱི་རིམ་པ་སོ་སོའི་སྲིད་ཁྲིམས་སྡེ་ཁག་གིས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་འཚུབ་བསྟུན་ཐག་གཅོད་རྐྱེན་སྲོལ་རབ་དང་རིམ་པ་གཏན་འབེབས་བྱས་པ་དང་། ཁུལ་ཡོངས་ཀྱི་སྤྱིའི་སྔོན་ཇུས་དང་སྡེ་ཁག་གི་སྔོན་ཇུས་བགོ་བ་དེ་ཐུས་ཚང་ཅན་དུ་འཛུགས་སྐྲུན་བྱེད་དགོས་པ་དང་།དུས་སྟོན་བྱེད་སྒོ་གལ་ཆེན་ལ་བརྟེན་ནས་འཚུབ་བསྟུན་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཁྲིམས་དཔུང་ཁག་གི་ཚོར་བ་སྐྱེན་པོ་མཐོར་འདེགས་སུ་གཏོང་བ་དང་། ནུས་ཡོད་རྒུས་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་ནས་མགོ་ལོག་ཁུལ་ཡོངས་ཀྱི་ཁྱོན་ཡོངས་སྤྱི་ཚོགས་དེ་བསྟུན་མར་འཆམ་མཐུན་བརྟན་འཇགས་ཡོང་བར་རྒྱུན་འཁྱོངས་བྱས།
ལས་ཀ་འདིའི་ཁྲོད་དུ། མགོ་ལོག་ཁུལ་གྱིས་དམིགས་པ་བྱ་བའི་འགན་འཁྲིའི་སྟེང་ལག་ལེན་དོན་འཁྱོལ་ཡོང་བར་བྱེད་པ་དང་། རིམ་པ་རེ་རེའི་ཁ་ཆད་གྲོས་ཚོགས་འཚོགས་པ་དང་། རིམ་པ་བཞིན་དུ་འགན་འཁྲི་དོན་འཁྱོལ་བྱེད་བཞིན་ཡོད། མི་སྣ་གཙོ་བོ་ཁག་སོ་སོར་དོ་དམ་ཡག་པོ་བྱེད་པར་དམིགས་པ་དང་། ཁོ་ཚོ་དང་མཉམ་དུ་གཉེན་མི་ངོས་འཛིན་བྱེད་པའི་རོགས་སྐྱོར་ལམ་སྲོལ་ཡག་པོ་སྒྲུབ་དགོས། རིམ་པ་སོ་སོའི་གཉེན་མི་ངོས་འཛིན་གྱི་རོགས་སྐྱོར་བྱ་བའི་འགོ་ཁྲིད་ཀྱིས་དུས་བཅད་ལྟར་དུ་རོགས་སྐྱོར་བྱ་ཡུལ་གྱི་ཁྱིམ་དུ་བཅར་འདྲིར་འགྲོ་བ་དང་། དེ་དང་མཉམ་དུ་སྤྱི་ཚོགས་བརྟན་འཇགས་ཀྱི་བྱ་བའི་རྣམ་པ་ཆེན་པོ་ཞིག་ཆགས་པར་འཛུགས་སྐྲུན་བྱེད་དགོས།
རྒྱུན་མཐུད་སྒོས་མགོ་ལོག་ཁུལ་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་བ་དང་མཉམ་དུ་། མགོ་ལོག་ཁུལ་གྱིས་ཀྱང་མུ་མཐུད་དུ་བདེ་འཇགས་ཀྱི་མགོ་ལོག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་ལ། རིམ་བཞིན་མཉམ་འཛུགས་མཉམ་སྤྱོད་ཀྱི་རྣམ་པ་མངོན་འགྱུར་བྱུང་བཞིན་ཡོད། ཁུལ་ཡོངས་ཀྱིས་སྔོན་འགོག་ཚོད་འཛིན་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གོམ་གང་མདུན་སྤོས་སྒོས་མི་དམངས་མང་ཚོགས་ཀྱི་སྤྱི་ཚོགས་བདེ་སྲུང་གི་བློ་ཡིད་ཚིམ་ཚད་ཇེ་མཐོར་བཏང་། སྤྱི་ཚོགས་བདེ་སྲུང་གི་གནས་བབ་ལ་དབྱེ་ཞིབ་བྱས་ནས་དུས་ཚིགས་བཞིིན་དུ་ཞིབ་འཇུག་བརྡར་གཅོད་བྱས་ནས། རྐུ་འཕྲོག་བཅོམ་གསུམ་སོགས་རབ་དང་རིམ་པའི་ཆེད་དོན་རྡུང་རྡེག་གཏོང་བའི་བྱ་སྤྱོད་ལ་སྒྲིག་འཛུགས་བྱས། མགོ་ལོག་ཁུལ་ཡོངས་ཀྱིས་མུ་མཐུད་དུ་གསར་བརྩོན་དང་སྤྱི་ཚོགས་བདེ་སྲུང་གི་སྔོན་འགོག་དང་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་ནས། ཁུལ་དང་རྫོང་རིམ་པ་ཡོངས་ཀྱི་སྤྱི་བདེ་བཀོད་འདོམས་ལ་ཡོད་དགོས་པའི་གར་སྟེགས་འཛུགས་སྐྲུན་བྱས། བསྡོམས་པའི་བརྙན་མིག་མི་འདྲ་བ་རིགས་བརྒྱད་བརྒྱ་དང་ཉེར་དགུ་བཙུགས་ཡོད་ལ། ལས་ཁུངས་གལ་ཆེན་དང་གནས་གལ་ཆེན། སྡོད་ཁུལ་གསར་བ་བཅས་ལ་མྱུར་ཤེལ་ཁེབས་ཚད་རྒྱ་ཆའི་བདུན་བཅུ་ལ་སླེབས་ཡོད། ཁྱོན་ཡོངས་ནས་ཤོར་སྲུང་དམག་གི་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མི་འགྱངས་བར་ཁུལ་ཞེ་བཞིའི་ཞིང་གྲོང་དང་། བརྒྱ་དང་ཇ་བརྒྱད་ཀྱི་སྲིད་འཛིན་སྡེ་བ་དེ་དྲ་མིག་སྟོང་གཅིག་ལ་བགོ་བ་དང་། དྲ་མིག་གི་དོ་དམ་པ་སྟོང་གཅིག་དང་ལྔ་བརྒྱ་ལྷག་བཀོད་སྒྲིག་བྱས། སྡེ་བའི་དམག་མི་ཉིས་བརྒྱ་དང་བཅུ་ལྷག་གི་དྲ་མིག་པ་དང་སྡེ་བའི་དམག་མིའི་བྱ་བའི་རྒྱུད་རིམ་དང་འགན་འཁྲི་ལག་བསྟར་བྱས་ནས། ཞིབ་ཕྲ་ཅན་གྱི་དོ་དམ་ཞབས་ཞུ་ལ་སྐུལ་འདེད་བྱས། ཏན་ཏན་ཏིག་ཏིག་སྒོས་སྤྱི་ཚོགས་བདེ་སྲུང་གི་བཅོས་སྒྲིག་གལ་ཆེན་སྤེལ་ནས། ཞང་དང་གྲོང་རྡལ་གཙོ་བོའི་ཕྱོགས་བསྡུས་བཅོས་སྒྲིག་གཏིང་ཟབ་སྒོས་སྤེལ། སྔ་གཞུག་ཏུ་ཞང་དང་གྲོང་རྡལ་གཙོ་བོ་སོ་བརྒྱད་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་ལེགས་གྲུབ་བྱུང་། ཁུལ་ཡོངས་ཀྱི་སྤྱི་ཚོགས་བདེ་སྲུང་གི་སྒྲིག་ལམ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་།
དར་ལག་རྫོང་དུ་མིག་སྔར་ཞིང་དང་གྲོང་རྡལ་བཅུ་ལྷག་གི་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་བའི་ལྟེ་གནས་དང་སྡེ་བ་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བའི་ལྟེ་གནས་ས་ཚིགས་སོ་གསུམ་འཛུགས་སྐྲུན་བྱས་ནས། ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བའི་ལྟེ་གནས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།
སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་མུ་མཐུད་དུ་གསར་བརྩོན་བྱེད་པའི་རྒྱབ་ལྗོངས་འོག་ཏུ། མགོ་ལོག་ཁུལ་གྱིས་མུ་མཐུད་དུ་འགལ་ཟླའི་རྩོད་གཞིའི་འདུམ་འགྲིག་ལམ་སྲོལ་ལ་ཤུགས་རྒྱག་བཞིན་ཡོད། མིག་སྔར། ཁུལ་ཡོངས་ལ་བསྡོམས་པའི་རིགས་སོ་སོའི་མི་དམངས་ཀྱི་འདུམ་འགྲིག་རྩ་འཛུགས་ཉིས་བརྒྱ་གྱ་གཅིག་ཡོད། འདུམ་འགྲིག་མི་སྣའི་མི་གྲངས་སྟོང་གཅིག་བརྒྱ་དང་དགུ་བཅུ་ལ་སླེབས་ཡོད། སྔར་ལས་ལྷག་པའི་སྒོ་ནས་གནས་བབ་ཀྱི་འཕེལ་རྒྱས་ལ་འཚམས་པར་བྱ་ཆེད། མགོ་ལོག་ཁུལ་ཁྲིམས་འཛིན་ཅུའུ་ཡིས་ན་ནིང་ནས་བཟུང་གསབ་སྦྱོང་གི་ཤུགས་ཆེ་རུ་བཏང་ནས། སྲིད་ཁྲིམས་ཀྱི་ལས་བྱེད་པ་རྣམས་ནང་དོན་ཕུན་སུམ་ཚོགས་པའི་གསབ་སྦྱོང་འཛིན་གྲྭར་ཞུགས་ནས། སྤྱི་པའི་བཅའ་ཁྲིམས་ཀྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ནས་སྡོད་ཁུལ་བཅོས་སྒྲིག་གི་བྱ་བ་དང་། འགལ་ཟླའི་རྩོད་གཞི་ལ་རྟོག་ཞིབ་བྱེད་པ་ནས་བཅའ་ཁྲིམས་དབུལ་སྐྱོར། རྒྱ་བོད་སྐད་གཉིས་ཀྱི་མི་དམངས་འདུམ་འགྲིག་ནས་གཞུང་ཞབས་པའི་རྒྱུན་མཐུད་སློབ་གསོ་བར་དུ། ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་འཛུགས་སྐྲུན་གྱི་དོན་དངོས་ཀྱི་དགོས་མཁོ་ལ་གཞིགས་ནས། གསབ་སྦྱོང་སློབ་གསོའི་དམིགས་ཡུལ་རང་བཞིན་དང་། དངོས་ཕན་རང་བཞིན་ལ་ཤུགས་བསྣན་ནས་ཅི་ཞིག་ལས་པ་དང་ཅི་ཞིག་སློབ་པ། གང་གིས་མི་འདང་ན་དེས་ཁ་གསབ་བྱེད་པའི་རེ་བ་ལྟར་དུ། མུ་མཐུད་དུ་ཁུལ་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་ཆུ་ཚད་དང་ནུས་པ་མཐོར་འདེགས་སུ་བཏང་།
མིག་སྔར། ཉམས་མྱོང་ཅན་གྱི་བྱེད་ཐབས་ཁག་ཅིག་དང་། ཁྱད་ཆོས་ཅན་གྱི་བྱེད་སྟངས་དེ་ཕལ་ཆེར་མགོ་ལོག་ཁུལ་དུ་ཁྱབ་གདལ་དུ་བཏང་། ཁུལ་ཡོངས་ཀྱིས་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་གསར་གཏོད་དེ་གཙོ་བོར་བཟུང་ནས། མུ་མཐུད་དུ་པད་མའི་ཉམས་མྱོང་གི་རིམ་པ་འཕར་བའི་གོ་དོན་དེ་ཕུན་སུམ་ཚོགས་པ་དང་འཐུས་ཚང་དུ་བཏང་། པད་མའི་ཉམས་མྱོང་གི་རིམ་པ་འཕར་བ་དེ་ལ་བསྟེན་ནས་ཧུར་ཐག་སྒོས་མགོ་ལོག་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དེས་རྣམ་པ་གསར་བ་དང་ཁྱད་ཆོས་གསར་བ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།
ལམ་ལུགས་ལ་འགན་སྲུང་ཡོད་པ་དང་། དཔུང་ཁག་འཛུགས་སྐྱོང་ཐད་ལའང་དམ་འཛིན་ལྷོད་མེད་བྱས་ཡོད་། མགོ་ལོག་ཁུལ་གྱིས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་ལས་ཁུངས་སྤྱིའི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་ནས། ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས་ཁུལ་ཡོངས་ཀྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་ཁྲིམས་འཛིན་ལམ་སྲོལ་བསྒྱུར་བཅོས་ཀྱི་ལས་དོན་ལ་ཧུར་བརྩོན་དང་བརྟན་བརླིང་ངང་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས།
ཁུལ་དང་རྫོང་རིམ་གཉིས་ཀྱི་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་གི་བསྒྱུར་བཅོས་ཀྱི་ལས་འགན་ལྕི་བ་དང་།དཀའ་ངལ་མང་བའི་གནས་ཚུལ་འོག ཞིང་ཆེན་ཡོངས་དང་མཉམ་དུ་སྐུལ་འདེད་ནུས་ལྡན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཡོད། དཔུང་ཁག་གོང་བུར་འགྲིལ་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། མི་སེར་ཚོས་མིག་མཐོང་ལག་ཟིན་སྒོས་བསྒྱུར་བཅོས་ལས་བྱུང་བའི་ཁེ་འབབ་མང་བོ་རེག་སོང་། མགོ་ལོག་ཁུལ་སྲིད་ཁྲིམས་སྡེ་ཁག་གི་རིམ་པ་ཁག་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་སྲིད་ཁྲིམས་ཀྱི་དཔུང་ཁག་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཡོད། “ནན་གསུམ་དང་དྲང་གསུམ་”ལ་བརྟེན་ནས་ཆེད་དོན་སློབ་གསོ“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་དེ་གོ་སྐབས་སུ་བཟུང་སྟེ་ལོ་ལྟར་ཆེད་དོན་གཏན་ཕབ་བྱེད་པ་དང་། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་བསམ་བློ་དང་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སློབ་གསོས་ཁྲིད་སྟོན་བྱས་ནས་ལས་བྱེད་ཉེན་རྟོག་པའི་བློ་དཀར་གཞུང་དྲང་སྒོས་འགན་ཁུར་ལ་བརྟེན་ནས་ཆབ་སྲིད་ཀྱི་ཚད་མཐའ་ལ་སྲུང་སྐྱོང་དང་། ཡིད་ཆེས་ལ་བརྟེན་ནས་བསམ་བློའི་ཚད་མཐའ་ལ་སྲུང་སྐྱོང་། སྒྲིག་ཁྲིམས་ལ་བརྟེན་ནས་མཚན་སྙན་སྲུང་སྐྱོང་བྱ་རྒྱུ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་“འདུ་ཤེས་བཞི་”རིམ་པ་མང་བོའི་སྒོ་ནས་རྒྱ་ཁྱབ་ཏུ་སྤེལ་བ། ཕྱོགས་ཡོངས་ནས་གཅིག་སྡུད་གསོ་སྦྱོང་དང་། ལས་གནས་སྦྱོང་བརྡར། གྱོད་དོན་ལ་དཔྱད་བཤེར། རྩལ་ནུས་འགྲན་བསྡུར། གཟིགས་སྦྱོང་དཔྱད་མོལ་སོགས་ཀྱི་བྱེད་སྒོ་དང་། སྲིད་ཁྲིམས་སྡེ་ཁག་དང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཁག་ཅིག་ལ། སྔ་རྗེས་སུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟེངས་བསྟོད་བྱས་ཡོད། དུས་མཚུངས་སུ་ཁྲིམས་སྐྱོང་མགོ་ལོག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཁུལ་ཡོངས་ནས་ཁྲིམས་བཞིན་སྐྱོང་རྒྱུ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་ལས་ཁུངས་ཀྱི་སྒྲིག་བཀོད་སྙོམ་སྒྲིག་བྱས་ཡོད།
ལོ་རེ་རེར་གཏན་ཁེལ་བྱས་པའི《ཁུལ་ཁྲིམས་ལྟར་སྐྱོང་བའི་ལས་ཀའི་གཙོ་གནད་དང་དེའི་འཕྲིན་ཚིགས》བཟོས་ཏེ་ལོ་མང་རིང་གི་ཁྲིམས་སྐྱོང་མགོ་ལོག་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ལས་འགན་གསལ་ཁ་བྱུང་ཡོད།འཕེལ་རྒྱས་ཀྱི་ཁ་ཕྱོགས་འདི་དམ་པོར་བཟུང་ནས་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པའི་“འགག་རྩའི་ཉུང་ཤོས་”སྔ་རྗེས་སུ་ཐེངས་མང་སྤེལ་བ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་ཀྱི་རིག་པའི་གཞུང་ལུགས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ། “དྲུག་ལྔ་”ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་དང་།“ལྔ་བདུན་”ཁྲིམས་ལུགས་ཁྱབ་གདལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཁྲིམས་ལུགས་ཀྱིས་ཁྱབ་པ་མངོན་འགྱུར་བྱུང་བ་དང་། ཁྲིམས་སྐྱོང་མགོ་ལོག་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།
ལོ་ཙཱ་བ། སྐར་མ་འཚོ།