ཧོང་ཡོན་རྫོང་གི་སྟག་ཤར་ཅིག་གིས་ཧྲང་ཧའེ་ནས་མཚོ་སྔོན་ལུག་ཤ་བཙོངས་པ།
2018.03.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37
ངའི་མཐའ་འཁོར་གྱི་ལས་གྲོགས་རྣམས་ནི་ཧྲང་ཧའེ་ཡི་ས་དེ་ག་ནས་སྐྱེས་པའི་མི་ཡིན་ལ། ང་གཅིག་པུ་ནི་ཕ་ཡུལ་མཚོ་སྔོན་ནས་ཡིན། ངས་ནམ་རྒྱུན་ཁོ་ཚོར་ང་ཚོ་མཚོ་སྔོན་ས་ཆའི་སྐམས་ཤ་དང་ལུག་ཤ་ནི་ཅི་འདྲའི་ཞིམ་ཚུལ་དང་། ལུག་ཤའི་མཐེབ་ཐུག་ལ་ཅི་འདྲའི་བྲོ་བ་ལྡན་ཚུལ་ལབ་པ་ཡིན། འོན་ཏེ། ཁོ་ཚོ་ངའི་སྐད་ཆར་དེ་འདྲའི་ཡིད་ཆེས་བཞིན་མེད་པས། ང་ལ་མཚོ་སྔོན་གྱི་ལུག་ཤའི་མཐེབ་ཐུག་ཅིག་བསྐོལ་ཏེ་ཁོ་ཚོར་བྲོ་བ་མྱང་དུ་འཇུག་རྒྱུའི་རེ་བ་བཏོན། ཡིན་ཡང་། ངས་ཧྲང་ཧའེ་གྲོང་ཁྱེར་གྱི་ས་གནས་མང་པོ་ཞིག་ཏུ་བཙལ་ཀྱང་མཚོ་སྔོན་གྱི་སྐམས་ཤ་དང་ལུག་ཤ་ལག་ཏུ་རེག་མ་བྱུང་།ཞེས་ཅིན་ཞའོ་ཏུང་གིས་དེ་ལྟར་བཤད།
ཅིན་ཞའོ་ཏུང་ནི1985ལོར་སྐྱེས་ཤིང་། མཚོ་སྔོན་སློབ་ཆེན་གྱི་རྒྱུ་ཆ་ཚན་རིག་དང་ཨར་ལས་བཟོ་སྐྲུན་གྱི་ཆེད་ལས་ནས་མཐར་ཕྱིན་པ་ཡིན་ལ། ལོ་བཞིའི་ཡར་སྔོན་དུ་ཧྲང་ཧའེ་ཡི་ཕྱི་དངུལ་ཁེ་ལས་ཤིག་ནས་བཟོ་འགོད་པའི་ལས་ཀ་གཉེར། སྐབས་དེར་ཁོས་ཆེས་དྲན་པ་ནི་ཕ་ཡུལ་གྱི་ལུག་ཤ་དང་མཐེབ་ཐུག་ཡིན་པ་ལ། ཁོའི་བསམ་པར་མཚོ་སྔོན་གྱི་སྐམས་ཤ་དང་ལུག་ཤ་ནི་ཟས་མཆོག་ཅིག་ཡིན་ཡང་། གྲོང་ཁྱེར་ཆེན་པོ་ནས་རྐང་ཚུགས་མི་ཐུབ་པའི་རྒྱུ་མཚན་ཅིའི་ཕྱིར་ཡིན་ནམ་ཞེས་རང་གིས་རང་ལ་དྲི་བ་བཏོན།
ན་ནིང་གི་ཟླ12པའི་ཚེས14ཉིན། ཧོང་ཡོན་རྫོང་ཞའོ་ཀའོ་ལིང་སྡེ་བའི་ལ་སྟེང་ཞིག་ཏུ། ལུག་ཁང་དུ་མ་ཞིག་ཟམ་མ་ཆད་པར་སྟར་ཕྲེང་བསྒྲིགས་ཡོད་ལ། ཁང་ཐོག་སྔོན་པོ་ཡིན་པ་དང་སོ་ཕག་དམར་པོས་གྱང་བརྩིགས་ཡོད་པ་དེ། གནམ་སྔོན་པོ་དང་རི་ལྗང་ཁུའི་ཁྲོད་ཤིན་ཏུ་མིག་ལ་འཚེར་བ་ཞིག་རེད།
ལུག་ཁང་ནང་དུ། ལྟོ་བ་འགྲངས་ཡོད་པའི་ལུག་དག་ཁྱུ་དང་ཁྱུ་བྱས་ནས་འདུས་འདུག སུས་ཀྱང་བློ་ལ་འཆར་མི་སྲིད་པ་ཞིག་ལ། གསོ་སྤེལ་མཉམ་ལས་ཁང་གི་སྣེ་ཁྲིད་འོག རི་སྡེ་ཆུང་ཆུང་འདིའི་ལུག་ཕལ་མོ་ཆེ་ནི་ལམ་ཐག་རིང་བའི་ཧྲང་ཧའེ་དང་ཧང་ཀྲོའུ། ནན་ཅིན་སོགས་སུ་འཚོང་བཞིན་འདུག
2013ལོར། རྒྱལ་སྤྱིའི་ཁོར་ཡུག་གིས་ཤུགས་རྐྱེན་ཐེབས་ཏེ། ཅིན་ཞའོ་ཏུང་གིས་ལས་ཀ་གཉེར་སའི་ཕྱི་དངུལ་ཁེ་ལས་དེ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁྲོམ་ར་ལས་ཕྱིར་འབུད་བྱས་པས། ཅིན་ཞའོ་ཏུང་གིས་ཚོགས་ཐོར་མ་དངུལ་སྒོར་ཁྲི་བཅུ་ལྷག་ཡོད་པ་དེ་ཁྱེར་ནས་ཕྱིར་ཕ་ཡུལ་དུ་ལོག་པ་དང་ལས་སྐྲུན་བྱས་ཤིང་། ཁོས་ཁེ་ལས་ཀྱི་ལས་གཞི་ལ་ནོར་ལུག་གསོ་སྤེལ་བྱེད་པ་གཏན་འཁེལ་བྱས་པ་དང་། མིག་རྒྱང་ཧོང་ཡོན་རྫོང་གི་ཞའོ་ཀའོ་ལིང་སྡེ་བའི་ཐུན་མིན་གྱི་ཁྱད་ཆོས་འཛོམས་པའི་རྩྭ་ར་དེའི་ཕྱོགས་སུ་འཕངས།
ང་རང་ཉིད་ཀྱི་ཚོགས་ཐོར་མ་དངུལ་དང་བསགས་དངུལ། ཁྱིམ་མི་ལས་བསྡུ་ཆ་བརྒྱབ་པའི་དངུལ་སོགས་སྔ་གཞུག་ཏུ་བསྡོམས་པས་མ་དངུལ་སྒོར་ཁྲི་བརྒྱད་ཅུ་ལྷག་བསྡུ་ཐུབ་པ་བྱུང་བ་དང་། དེས་ཧོང་ཡོན་ཆི་མིང་ནོར་ལུག་གསོ་སྤེལ་གྱི་ཆེད་ལས་མཉམ་ལས་ཁང་བཙུགས་པ་ཡིནཅིན་ཞའོ་ཏུང་གིས་བཤད་རྒྱུར། ངའི་རྨོ་མོའི་ཁྱིམ་ནི་ཞའོ་ཀའོ་ལིང་སྡེ་བར་ཡོད་ལ། ང་རང་ཆུང་དུས་སྡེ་བ་དེ་ནས་འཚར་ལོངས་བྱུང་བ་ཡིན་པས། ངས་ཡུལ་འདིའི་ས་ཆུ་དང་མཁའ་དབུགས་སོགས་བཟང་བ་ཤེས་ལ། སྡེ་དམངས་རྣམས་ལ་ནོར་ལུག་གསོ་སྤེལ་བྱེད་པའི་གོམས་གཤིས་ཡོད་པའང་གསལ་པོར་ཤེས། ཡུལ་འདི་ནས་གསོ་སྤེལ་བྱས་པའི་ནོར་ལུག་གི་ཤ་ནི་ལྷད་མེད་དྭངས་གཙང་ཡིན་པ་ཁོ་ཐག་ཡིན་པས། དེ་ནི་གྲོང་ཁྱེར་ཆེན་མོ་ནས་རྙེད་པར་དཀའ་བའི་ཐོན་ཁུངས་ཡིན།
རྒྱུ་ཆའི་ཆེད་ལས་ལ་སློབ་གཉེར་བྱས་པ་ལས་ཐོན་པའི་ཅིན་ཞའོ་ཏུང་གི་ཐོག་མའི་བསམ་ཕྱོགས་ཏེ། ཐོག་མར་གསོ་སྤེལ་ལག་རྩལ་སྦྱངས་རྗེས། ད་གཟོད་འཚོང་ལམ་ལ་བསམ་བློ་གཏོངབའི་བསམ་ཚུལ་དེས་ཁོ་རང་སྒོར་མོ་ཁྲི་བཞིའི་མ་རྩ་རྡིབ་པར་བྱས།
ཅིན་ཞའོ་ཏུང་གིས་ཧོང་ཡོན་ཕྱུགས་ལས་སློབ་གྲྭའི་དགེ་རྒན་དང་ཞིང་ཕྱུགས་ཆེད་མཁས་པ། རྫོང་ཞིང་ཕྱུགས་ཅུས་ཀྱི་ཚན་རྩལ་མི་སྣ་ཞིག་སློབ་དཔོན་དུ་བསྟེན་ནས། ཚན་རིག་དང་མཐུན་པའི་གསོ་སྤེལ་ལག་རྩལ་སྦྱངས་པ་དང་། ཐེངས་དང་པོར་ལུག་དྲུག་བརྒྱ་དང་ལྔ་བཅུ་གསོས་པ་དེ་ཤ་ཤེད་རྒྱས་ཤིང་ལུས་སྟོབས་ཆེ། ཡིན་ཡང་། བཤས་ཁོངས་སུ་སྐྱེལ་སྐབས་འཚོང་ལམ་མི་བཟང་བའི་གནད་དོན་ལ་འཕྲད་པས། ཁོས་རིན་གོང་ཆེས་དམའ་མོའི་སྒོ་ནས་ཟི་ལིང་གི་ནོར་ལུག་སྡེབ་འཚོང་བྱེད་གནས་སུ་མི་བཙོང་ཀ་མེད་དུ་གྱུར།
ཐེངས་དང་པོར་གསོས་པའི་ལུག་དྲུག་བརྒྱ་དང་ལྔ་བཅུ་ནི་ཉེ་འཁོར་ནས་ཉོས་པ་ཡིན་ལ། ཚུར་ཉོ་སྐབས་ཀྱི་རིན་གོང་ཡང་དམའ་མོ་ཞིག་མིན། ཟླ་བཞིར་གསོས་རྗེས་བཤས་ཁོངས་སུ་སྐྱེལ་སྐབས་ཀྱང་རིན་གོང་ཆེས་དམའ་མོའི་སྒོ་ནས་ཟི་ལིང་གི་ནོར་ལུག་སྡེབ་འཚོང་བྱེད་གནས་སུ་བཙོངས་པས། ཁེ་སྤོགས་བཙལ་མ་ཐུབ་པ་སྨོས་མ་དགོས། ད་དུང་སྒོར་ཁྲི་བཞི་ཡིས་མ་རྩ་བརྡིབས་སོང་།
ཐེངས་དང་པོར་གསོས་པའི་ལུག་བཙོངས་རྗེས། ངའི་སེམས་པ་སྐྱིད་པོ་མི་འདུགཅིན་ཞའོ་ཏུང་གིས་བཤད་རྒྱུར། ངས་གསོས་པའི་ལུག་ནི་ལུས་སྟོབས་རྒྱས་ཤིང་གཙང་མ་ཡིན་ལ། ཤ་ཚིལ་གཉིས་ཀྱི་ཚད་ཀྱང་རན་པ་ཡིན་པས། ཁེ་ལས་ཆེན་པོའི་ལུག་ཤ་ལེགས་ཤོས་ཀྱི་ཚད་གཞི་རུ་སླེབས་ཡོད། ཡིན་ཡང་། རིན་གོང་མཐོན་པོས་བཙོང་མ་ཐུབ་པས། ངས་ཞིང་ཆེན་གཞན་དུ་ཇི་ལྟར་བཙོང་དགོས་པའི་ཕྱོགས་ལ་བསམ་བློ་བཏང་།
ཅིན་ཞའོ་ཏུང་གིས་ཧྲང་ཧའེ་རུ་ཡོད་པའི་ཁོང་གི་ལས་གྲོགས་ལ་ཁ་པར་བཏང་སྟེ་འཚོང་ལམ་བཙལ་བ་དང་། ཁོའི་ལས་གྲོགས་ཀྱིས་ཏག་ཏག་མཚོ་ཟས་ཀྱི་ཚོང་ལས་གཉེར་བཞིན་པ་ཞིག་བཙལ་ཐུབ་བྱུང་། ངས་ཐོག་མར་ཁོ་ཚོར་ལུག་ཤ་ཤ་ཁོག་གཅིག་བསྐུར་བ་ཡིན། དེའི་ཕྱེད་ཀ་ཧ་ལམ་ཁོ་ཚོ་རང་ཉིད་ཀྱིས་ཟོས་པ་འདྲ། ཁོ་ཚོས་མཚོ་སྔོན་གྱི་ལུག་ཤ་ལ་གདེང་འཇོག་མཐོན་པོ་གནང་བས། ང་ལ་སྔོན་དུ་ཁོ་ཚོར་ལུག་ཤ་ཏུན་གཉིས་བསྐུར་དུ་བཅུག་སོང་།
མཚོ་སྔོན་ནི་མ་གཞི་ནས་ལྗང་མདོག་དང་ལྷད་མེད་དྭངས་གཙང་ཡིན་པའི་མཚན་སྙན་དེར་བརྟེན་པ་དང་། དེའི་སྟེང་མཚོ་སྔོན་ལུག་ཤའི་ཤ་ཚིལ་གཉིས་ཀྱི་ཚད་རན་པ་ཡིན་པ་དང་ཤའི་སྤུས་ཚད་བཟང་བ། དྲི་ངན་མི་ལྡན་པ་སོགས་ཀྱི་དགེ་མཚན་ལ་བརྟེན་ནས། མགྱོགས་མྱུར་ངང་ཚོང་རའི་སྒོ་འབྱེད་བྱེད་ཐུབ་པ་བྱུང་ལ། ཅིན་ཞའོ་ཏུང་གིས་ཧྲང་ཧའེ་ཡི་གསོལ་མགྲོན་ཁང་དང་ཟ་ཁང་དུ་མར་མཚོ་སྔོན་ལུག་ཤ་འདོན་སྤྲོད་བྱེད་མགོ་བརྩམས།
ཅིན་ཞའོ་ཏུང་གསོ་སྤེལ་ར་བས་ཐེངས་གཉིས་པར་གསོས་པའི་ལུག་ཤ་ཡོངས་རྫོགས་ཧྲང་ཧའེ་རུ་བཙོངས་པ་དང་། བཙོངས་པའི་རིན་གོང་ཟི་ལིང་ཚོང་རའི་རིན་གོང་ལས་ཀྱང་མཐོ། ད་ལྟ། ཁོས་ཟླ་རེར་ཧྲང་ཧའེ་རུ་ལུག་ཤ་ཏུན་བཅོ་ལྔ་རེ་སྐུར་བཞིན་ཡོད།
དེ་དང་མཉམ་དུ། ཧང་ཀྲོའུ་དང་ནན་ཅིན་གཉིས་ཀྱི་ཚོང་ར་ལའང་འཕེལ་ཚུལ་བཟང་པོ་མངོན་ཏེ། ཅིན་ཞའོ་ཏུང་གིས་བརྒྱུད་ཚོང་པ་བརྒྱུད་ནས་གྲོང་ཁྱེར་དེ་གཉིས་ཀྱི་ཚོང་སྒོ་ག་ལེར་ཕྱེ་བ་དང་། གྲོང་ཁྱེར་དེ་གཉིས་ཀྱི་ཟ་ཁང་དང་གསོལ་མགྲོན་ཁང་མི་ཉུང་བ་ཞིག་གིས་མཚོ་སྔོན་ལུག་ཤ་རྒྱུ་ཆ་བྱས་པའི་གཡོས་ཚོད་ཀྱི་རིགས་བཙོང་མགོ་བརྩམས། ཟླ་རེར་ཧང་ཀྲོའུ་དང་ནན་ཅིན་ཕྱོགས་སུ་མ་མཐའ་ཡང་ལུག་ཤ་ཏུན་བཞི་རེ་སྐུར་བཞིན་འདུག
ཟླ་རེར་ཧྲང་ཧའེ་དང་ཧང་ཀྲོའུ། ནན་ཅིན་བཅས་སུ་ལུག་ཤ་ཏུན་ཉི་ཤུ་ལ་ཉེ་བ་ཞིག་བསྐུར་དགོས་པ་ལྟར་བརྩིས་ན། ཟླ་རེར་མ་མཐའ་ཡང་ལུག་སྟོང་གཅིག་རེ་བཤས་ཁོངས་སུ་བཏང་ན་ད་གཟོད་ཚོང་རའི་དགོས་མཁོ་བསྐང་ཐུབ་མོད། འོན་ཀྱང་ཅིན་ཞའོ་ཏུང་གི་ཆེད་ལས་གསོ་སྤེལ་མཉམ་ལས་ཁང་གི་གསོ་སྤེལ་རྒྱ་ཁྱོན་ནི་ལུག་སྟོང་དྲུག་དང་ཉིས་བརྒྱ་ཡིན་པ་ལ། ཟླ་རེར་ལུག་ལྔ་བརྒྱ་དང་བཞི་བཅུ་ལས་བཤས་ཁོངས་སུ་གཏོང་མི་ཐུབ་པར་བརྟེན། ཕྱིར་འཚོང་གི་ཚད་རྩ་བ་ནས་འདང་བཞིན་མེད་པས་ད་ནི་ཅི་བྱ།
ད་རུང་ང་ཚོའི་མཉམ་ལས་ཁང་གི་ཁོངས་མིས་གསོས་པའི་ལུག་ཡོད་དེ། མཉམ་ལས་ཁང་དུ་ཁོངས་མི་ཁྱིམ་ཚང་བརྒྱ་དང་བརྒྱད་ཡོད་པ་དང་། ཁོངས་མི་ཁྱིམ་ཚང་རེས་མ་མཐའ་ཡང་ལུག་བཅུ་ལྷག་གསོ་བཞིན་ཡོད་པས། ངས་ཚོང་རའི་རིན་གོང་ལྟར་ཁོ་ཚོའི་ལུག་ཉོས་པ་དང་། བཤས་ཏེ་ལས་སྣོན་བྱས་རྗེས་ཧྲང་ཧའེ་སོགས་སུ་བསྐུར་བ་ཡིན།ཅིན་ཞའོ་ཏུང་གིས་བཤད་རྒྱུར། མཉམ་ལས་ཁང་གིས་མཐའ་སྐོར་གྱི་དུད་ཁྱིམ་དག་དེའི་ནང་ཞུགས་པར་བཀུག་སྟེ་འཕེལ་རྒྱས་སུ་གཏོང་བར་སྐུལ་ཁྲིད་བྱས་པ་དང་། གཅིག་གྱུར་གྱི་གསོ་ཆས་དང་གཅིག་གྱུར་གྱི་ཕྱིར་འཚོང་ལ་བརྟེན་ནས་ཞིང་ཁྱིམ་དག་གི་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་བར་བྱས། ཕྱོགས་གཞན་ཞིག་ནས། ཁོས་ཞིང་ཁྱིམ་དག་གིས་སྔོན་ཆད་དོར་བའི་ལོ་ཏོག་གི་སོག་མ་ཕྱིར་བསྡུ་བྱས་ཏེ། གཉིས་ཀར་ཁེ་ཐོབ་པམངོན་འགྱུར་བྱས།
མཉམ་ལས་ཁང་གིསམཉམ་ལས་ཁང+གསོ་སྤེལ་གནས་གཞི+ཞིང་ཕྱུགས་ཁྱིམ་ཚང+ཞབས་ཞུ་མ་ལགགི་བཀོལ་སྤྱོད་མ་དཔེ་ལག་བསྟར་བྱས་པ་དང་། བོད་ནས་ཐོན་པའི་རིགས་རྒྱུད་སྤེལ་ནུས་པའི་མ་མོ་ནང་འདྲེན་བྱས་ཏེ། རྒྱུད་འདྲེས་བྱས་པ་ལ་བརྟེན་ནས་སྤུས་ལེགས་ལུག་གི་རིགས་རྒྱུད་གསོ་སྤེལ་བྱས་པ་དང་། ཞིང་ཕྱུགས་ཁྱིམ་ཚང་གི་ལུག་གསོ་སྤེལ་བྱེད་ཚུལ་ལ་སྐུལ་ཁྲིད་བྱས་ཏེ། གཞི་རྩའི་སྟེང་ནསགཅིག་གྱུར་གྱིས་གསོ་ཆས་འདོན་པ་དང་། གཅིག་གྱུར་གྱིས་གསོ་བ། གཅིག་གྱུར་གྱིས་རིམས་འགོག་དང་གཅིག་གྱུར་གྱིས་དོ་དམ་བྱེད་པ། གཅིག་གྱུར་གྱིས་འཚོང་བབཅས་མངོན་འགྱུར་བྱས་ཏེ། ཞིང་པ་དག་ཡོངས་ཁྱབ་ཀྱིས་ཞིང་ལས་ཐོན་ལས་དུ་འགྱུར་བའི་ལས་གཉེར་ལ་ཕྱོགས་པར་ཁྲིད་སྟོན་བྱས།
ཅིན་ཞའོ་ཏུང་ལཟི་ལིང་གྲོང་ཁྱེར་གྱི་གྲོང་གསེབ་ན་གཞོན་ཕྱུག་སྒྱུར་ལམ་དུ་བསྐྱོད་པའི་སྣེ་ཁྲིད་མཁནགྱི་གཟི་བརྗིད་མཚན་སྙན་གནང་བ་དང་། ཁོང་གི་མཉམ་ལས་ཁང་ལཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་དཔེ་སྟོན་མཉམ་ལས་ཁངདངཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁངགི་མཚན་སྙན་ཐོབ། 
རྩོམ་སྒྲིག་པ་། རྟ་མགྲིན་སྐྱབས།