ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་སྤེལ་བྱེད་པའི་བགྲོད་ལམ་སྟེང་བསྐྱོད་པ་སྟེ།ཀྲུང་དབྱང་དང་ཞིང་ཆེན་གྱི་ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་གྱི་ཁག་དང་པོ།
2018.03.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 95

ཏང་ཀྲུང་དབྱང་གིས་བཏོན་པའི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་ཅི་ཞིག་ཡིན་ནམ།
ལན། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་ཏང་གི་ཞིང་གསུམ་བྱ་བའི་བྱེད་ཕྱོགས་སྲིད་ཇུས་རབས་དང་རིམ་པ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བར་རོང་འབྲོག་མང་ཚོགས་ཀྱིས་རེ་སྒུག་བྱེད་པ་དེ་ཡིན། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་ནི་རྨང་གཞི་ཡོད་པ་དང་ཆ་རྐྱེན་ལྡན་པ་ཞིག་ཡིན་པ་དང་། དེ་ནི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ཐག་གཅོད་བྱེད་པ་ནས་འགོ་བརྩམས་པ་དང་། དེ་ལ་དམིགས་ཡུལ་གྱི་ཁྲིད་སྟོན་གསལ་བོ་ཡོད་ཅིང་། ཏང་གི་འགན་འཁྲིའི་ཐག་གཅོད་བྱས་པ་ཞིག་ཡིན་ལ། འཛམ་གླིང་ཡོངས་ཀྱི་གྲོང་གསེབ་གནད་དོན་ཐག་གཅོད་བྱེད་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ཕུལ་བ་ཞིག་ཡིན་ཞིང་། དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

དུས་རབས་གསར་བར་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ནི་ཅི་ཞིག་ཡིན་ནམ།
ལན། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་དང་འབྲེལ་ཡོད། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་ནི་རྒྱལ་ཁབ་དེང་རབས་ཅན་གྱི་གྲུབ་ཆ་གཙོ་བོ་དང་རྨང་གཞི་ཡིན། རྒྱལ་ཁབ་ཞིག་གིས་གྲོང་ཁྱེར་འཛུགས་སྐྲུན་བྱས་པ་ཇི་འདྲ་བཟང་ནའང་། གལ་ཏེ་ཞིང་ལས་རྗེས་ལུས་ཡིན་པ་དང་། ཞིང་བ་དབུལ་ཕོངས་སུ་གྱུར་བ། ཞིང་སྡེ་ཉམས་ཞན་དུ་གྱུར་ཡོད་ཚེ། དེར་དེང་རབས་ཅན་གྱི་རྒྱལ་ཁབ་ཞིག་ཏུ་བརྩི་མི་སྲིད་པ་རེད། ལོ་འདི་དག་ལ་རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་སོང་ཡོད་མོད། འོན་ཀྱང་། མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་བཟོ་ལས་ཅན་དང་། མཁར་གྲོང་ཅན་གྱི་འཕེལ་རིམ་ལས་རྗེས་སུ་ལུས་ཡོད་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ན་བར་ཁྱད་སྔར་ལས་ཆེན་པོ་ཡོད་པ་རེད། ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། གཞི་རྩའི་སྟེང་ནས་དེང་རབས་ཅན་མངོན་འགྱུར་བྱེད་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ན། ངེས་པར་དུ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་ཞན་ཆ་ཁ་གསབ་བྱེད་རྒྱུ་ལྷོད་གཡེང་མི་བྱེད་པར་དམ་འཛིན་བྱེད་དགོས།

མིག་སྔར། རང་རྒྱལ་གྱི་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་རིམ་དུ་སླེབས་ཡོད་པས། ངེས་པར་དུ་སྒུལ་ནུས་གསར་བ་གསོ་སྐྱོང་བྱེད་ཤུགས་ཇེ་ཆེ་དང་། འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་དགོས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཞིང་ལས་འཕེལ་རྒྱས་དང་། ཞིང་བའི་ཡོང་སྒོ་འཕར་བར་སྐུལ་འདེད་བྱེད་པ་བརྒྱུད་ནས། ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུ་ལ་ཤུགས་བསྣན་ཏེ། འཛད་སྤྱོད་ཀྱི་དགོས་མཁོ་འཕར་སྣོན་གཏོང་དགོས་ལ། ཕན་འབྲས་ཀྱི་དངུལ་གཏོང་ཡང་རྒྱ་སྐྱེད་དགོས་པར་མ་ཟད། ད་དུང་ཞིང་སྡེའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་རྒྱུ་ཆ་ལ་བརྟེན་ནས་ཐོན་ལས་གསར་བ་དང་། ལས་རིགས་གསར་བ། རྣམ་པ་གསར་བ་མང་པོ་གསོ་སྐྱོང་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྒུལ་ཤུགས་གསར་བ་སྩོལ་དགོས།

འཚོ་བའི་སྤྱི་ཕྱོགས་ནས་འབྱོར་འབྲིང་གི་ཆུ་ཚད་དུ་སླེབས་རྗེས། ཞིང་བ་མང་ཚོགས་ཀྱིས་སྤུས་ཚད་སྔར་ལས་མཐོ་བའི་ལས་ཞུགས་དང་། སྔར་ལས་ཡིད་ཚིམས་པའི་ཡོང་སྒོ སྔར་ལས་གཞི་རྩར་གྱུར་བའི་སྤྱི་བའི་རྨང་གཞིའི་ཞབས་ཞུ། སྔར་ལས་ཕུན་སུམ་ཚོགས་པའི་བསམ་བློའི་རིག་གནས་འཚོ་བ་བཅས་ལ་རེ་ལྟོས་ཆེན་པོ་བྱེད་བཞིན་ཡོད་པ་དང་། དམངས་གཙོ་དང་། ཁྲིམས་སྐྱོང་། འདྲ་མཉམ། དྲང་བདེན བདེ་འཇགས། ཁོར་ཡུག་སོགས་ཕྱོགས་ཀྱི་དགོས་མཁོ་ཡང་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཞིང་བ་མང་ཚོགས་ཀྱི་རེ་འདུན་གསར་བ་འདི་དག་བསྐང་དགོས་ན། ངེས་པར་དུ་གྲོང་གསེབ་དར་སྤེལ་ལ་ཡར་སྐུལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས་པས། དེ་ནི་མཁར་གྲོང་སྡོད་དམངས་ཀྱི་བདེ་སྐྱིད་ཀྱི་ཚད་ཇེ་མང་དུ་གཏོང་བར་ཡང་ཕན་པ་ཡོད་ངེས། དར་རྒྱས་དང་། འབྱོར་ཕྱུག མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་ཞིང་སྡེ་དེ་ནི་ཞིང་བ་མང་ཚོགས་ལ་དབང་བར་མ་ཟད། མཁར་གྲོང་སྡོད་དམངས་ལའང་དབང་བ་རེད། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དེ་མི་དམངས་ཀྱིས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་རོལ་བའི་ཐུན་མོང་གི་རེ་བར་གཞི་བཅོལ་ཡོད་པ་རེད།

གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་ནི་མི་དམངས་ཀྱིས་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་ཐག་གཅོད་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་པ་དང་། དེ་ནི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་ལ། མི་དམངས་ཡོངས་ཀྱི་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡང་ཡིན།

གྲོང་གསེབ་དར་སྤེལ་གཏོང་བའི་དམིགས་འབེན་གྱི་ལས་འགན་ནི་ཅི་ཞིག་ཡིན་ནམ།
ལན། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཏོན་པའི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རིམ་གཉིས་སུ་བགོས་ནས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འཐབ་ཇུས་ཀྱི་བཀོད་སྒྲིག་བཏོན་ཡོད་པ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་དམིགས་འབེན་ལས་འགན་ནི། ཉིས་སྟོང་ཉི་ཤུ་ལོར་ཐོན་རྗེས། གྲོང་གསེབ་དར་སྤེལ་བྱ་བར་འཕེལ་རིམ་གལ་ཆེན་བླངས་ཡོད་པ་དང་། ལམ་ལུགས་སྒྲོམ་གཞི་དང་སྲིད་ཇུས་མ་ལག་ཕལ་ཆེར་གྲུབ་ནས་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་བརྟན་འཇགས་སྒོས་འཕར་བ་དང་། ཞིང་ལས་ཀྱི་མཁོ་སྤྲོད་མ་ལག་སྤུས་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་། ཞིང་སྡེའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པའི་མཉམ་འདྲེས་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་ཡོད། ཞིང་བའི་ཡོང་སྒོ་འཕར་སྣོན་གཏོང་བའི་ཐབས་ལམ་སྔར་ལས་རྒྱ་སྐྱེད་པ་དང་། ཞང་གྲོང་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱི་བར་ཁྱད་བསྟུད་མར་ཇེ་ཆུང་དུ་གཏོང་དགོས་ཤིང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གི་ཞིང་སྡེའི་དབུལ་ཕོངས་མི་གྲངས་དབུལ་བོ་ལས་ཐར་བར་མངོན་འགྱུར་བྱེད་པ་དང་། དབུལ་ཕོངས་རྫོང་ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ། ས་ཁོངས་རང་བཞིན་གྱི་སྤྱིའི་དབུལ་ཕོངས་ཐག་གཅོད་བྱེད་དགོས། ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་གཏིང་ཟབ་སྒོས་སྐུལ་འདེད་བཏང་སྟེ། ཞིང་སྡེའི་མི་སྡོད་ཁོར་ཡུག་མངོན་གསལ་སྒོས་ལེགས་བཅོས་དང་། མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་བརྟན་བརླིང་ངང་སྐུལ་འདེད་གཏོང་དགོས། མཁར་གྲོང་གི་གཞི་རྩའི་སྤྱི་བའི་ཞབས་ཞུ་སོགས་ཆ་སྙོམས་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་རྐྱེན་ཐོག་མར་འཛུགས་དགོས། ཞིང་སྡེ་ཡིས་འཇོན་ཐང་ལྡན་པའི་ཤེས་ལྡན་མི་སྣ་ནང་འགུགས་བྱེད་པའི་ཚད་རིམ་བཞིན་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་བཟང་དུ་བཏང་སྟེ། ཞིང་ལས་སྐྱེ་ཁམས་ཞབས་ཞུའི་ནུས་པ་སྔར་ལས་ཇེ་མཐོར་གཏོང་དགོས། ཏང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས་ཞིང་སྡེའི་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ་དང་། ཏང་གི་ཞིང་སྡེའི་བྱ་བའི་འགོ་ཁྲིད་སྒྲིག་སྲོལ་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་གྲོང་གསེབ་དར་སྤེལ་གྱི་བསམ་ཕྱོགས་དང་། བྱེད་ཐབས་གཏན་འཁེལ་བྱེད་དགོས་པ་བཅས་ཡིན།

ཉིས་སྟོང་སོ་ལྔ་ལོར་ཐོན་དུས། གྲོང་གསེབ་དར་སྤེལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་དགོས། ཞིང་ལས་གྲུབ་ཚུལ་ལ་རྩ་བའི་རང་བཞིན་གྱི་ལེགས་བཅོས་ཐོབ་ནས་ཞིང་བའི་ལས་ཞུགས་སྤུས་ཚད་མངོན་གསལ་སྒོས་ཇེ་མཐོར་བཏང་སྟེ། ལྟོས་བཅས་ཀྱིས་དབུལ་ཕོངས་སྔར་ལས་ཞི་འཇགས་དང་། མཉམ་དུ་འབྱོར་ཕྱུག་གི་ལམ་དུ་གོམ་པ་བརྟན་པོ་སྤོ་དགོས། མཁར་གྲོང་གི་གཞི་རྩའི་སྤྱི་བའི་ཞབས་ཞུ་ཆ་སྙོམས་ཅན་ཕལ་ཆེར་མངོན་འགྱུར་བྱས་ནས། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཡུལ་སྲོལ་དཔལ་ཡོན་མཐོ་རིམ་གསར་བ་ཞིག་ཏུ་སླེབས་ནས་ཞིང་སྡེའི་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་རྩ་བའི་སྟེང་ཇེ་བཟང་དུ་བཏང་ནས། མཛེས་སྡུག་ལྡན་པའི་ཞིང་སྡེ་ཕལ་ཆེར་མངོན་འགྱུར་བྱེད་དུ་འཇུག་རྒྱུ་རེད། 

ཉིས་སྟོང་ལྔ་བཅུ་ལོར་ཐོན་དུས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་དུ་གཏོང་བ་དང་། ཞིང་ལས་སྟོབས་ལྡན་དང་། ཞིང་སྡེ་མཛེས་བ། ཞིང་བ་ཕྱུག་པོ་ཡིན་བཅས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་དགོས།

གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་དགོས་ན་རྩ་བའི་རྩ་དོན་གང་དག་རྒྱུན་འཁྱོངས་བྱེད་དགོས་སམ།
ལན། གཅིག་ནི་ཏང་གིས་ཞིང་སྡེའི་བྱ་བར་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཏང་གིས་ཞིང་སྡེའི་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གིས་ཞིང་སྡེའི་བྱ་བའི་འགོ་ཁྲིད་སྒྲིག་སྲོལ་ནང་རྐྱེན་དང་ཏང་ནང་གི་ཁྲིམས་སྲོལ་དོ་དམ་འཐུས་ཚང་དུ་བཏང་སྟེ། ཏང་གིས་ཞིང་སྡེའི་བྱ་བའི་ཁྲོད་དུས་དང་རྣམ་པ་ཀུན་ཏུ་ཁྱོན་ཡོངས་ལ་ལྟ་བ་དང་། ཕྱོགས་སོ་སོ་མཐུན་སྦྱོར་བྱས་ནས། གྲོང་གསེབ་དར་སྤེལ་ལ་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས།

གཉིས་ནི་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས།
གྲོང་གསེབ་དར་སྤེལ་མངོན་འགྱུར་བྱེད་རྒྱུ་དེ་ཏང་ཡོངས་ཀྱི་ཐུན་མོང་གི་འདོད་བློ་དང་། ཐུན་མོང་གི་འགུལ་སྤྱོད་ཡིན་པས། ངོས་འཛིན་གཅིག་གྱུར་དང་། གོམ་ཁ་གཅིག་མཚུངས་ཡིན་དགོས། སྤྱི་བོའི་ནོར་སྲིད་དངུལ་གཏོང་ཐད་སྔོན་ལ་འགན་སྲུང་བྱེད་པ་དང་། སྤྱི་བོའི་ཞབས་ཞུའི་སྟེང་སྔོན་ལ་བཀོད་སྒྲིག་བྱེད་པ། གྲུབ་ཆ་བཀོད་སྒྲིག་སྡེབ་སྒྲིག་སྟེང་སྔོན་ལ་ཡིད་ཚིམ་དུ་འཇུག་པ། ལས་བྱེད་མི་སྣ་སྡེབ་སྒྲིག་བྱེད་པའི་ཐད་སྔོན་ལ་བསམ་བློ་གཏོང་བ། མགྱོགས་མྱུར་སྒོས་ཞིང་ལས་དང་ཞིང་སྡེའི་མི་འདང་ས་ཁ་གསབ་བྱེད་དགོས། གསུམ། ཞིང་བའི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱེད་དགོས། གང་ལེགས་ཀྱིས་བརྩི་འཇོག་བྱས་ཏེ། ཞིང་བས་གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་ནུས་པ་གཙོ་བོ་དོན་ངོ་མའི་སྟེང་ནས་འདོན་སྤེལ་བྱས་ནས། ཞིང་བ་དུང་ཕྱུར་མང་པོའི་བརྩོན་སེམས་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་མ་བཏང་སྟེ། ཞིང་བ་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་སྲུང་སྐྱོབ་བྱས་ནས། ཞིང་བ་མཉམ་དུ་ཕྱུག་པོར་གཏོང་བ་དེ་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས། ཞིང་བའི་ཡོང་སྒོ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྐུལ་འདེད་བྱེད་དགོས་པ་དང་། ཞིང་བའི་ཐོབ་ཚོར་དང་། བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་བ་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས།

བཞི། ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་སུ་གཏོང་བར་རྒྱུན་འཁྱོངས་བྱེད་པ།
ཡང་དག་པའི་སྒོ་ནས་གྲོང་གསེབ་དར་སྤེལ་དུ་གཏོང་བའི་ནང་དོན་ཁོང་དུ་ཆུད་པར་བྱས་ཏེ། གྲོང་གསེབ་ཀྱི་སྣ་མང་ནུས་ཤུགས་དང་། རིན་ཐང་སྔོག་འདོན་བྱེད་པ་དང་།
གྲོང་གསེབ་ཀྱི་དཔལ་འབྱོར་དང་། ཆབ་སྲིད་འཛུགས་སྐྲུན་དང་། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་འཛུགས་སྐྲུན་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། མཐུན་སྡེབ་རང་བཞིན་དང་། འབྲེལ་མཐུན་རང་བཞིན་ལ་དོ་སྣང་བྱས་ནས། ཁྱོན་ཡོངས་བཀོད་སྒྲིག་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས།

ལྔ། མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས།
བློ་ཐག་རྦད་ཆོད་ཀྱིས་སྒྲིག་སྲོལ་ནང་རྐྱེན་ངན་པ་མེད་པར་གཏོང་བ་དང་ །ཚོང་རའི་ཐོན་ཁུངས་ཀྱིས་ཐོན་ཁུངས་བཀོད་སྒྲིག་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱས་ཏེ།མཁར་གྲོང་གི་རྒྱུ་ཆ་རང་མོས་ཀྱིས་འཁོར་རྒྱུག་བྱེད་པ་དང་། འདྲ་མཉམ་གྱི་བརྗེ་རེས་ཀྱི་སྐུལ་འདེད་གཏོང་བ་དང་། གསར་དར་བཟོ་ལས་ཅན་དང་། བརྡ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབ་ཅན་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ།
བཟོ་ཞིང་བར་ཕན་ཚུན་ལ་སྐུལ་འདེད་གཏོང་བ་དང་། མཁར་གྲོང་བར་ཕན་ཚུན་ཁ་གསབ་བྱེད་པ། ཁྱོན་ཡོངས་ནས་མཉམ་བསྲེས་བྱེད་པ། མཉམ་དུ་དར་རྒྱས་གཏོང་བའི་གསར་དར་བཟོ་ཞིང་དང་མཁར་གྲོང་གི་འབྲེལ་བ་མྱུར་དུ་གྲུབ་པར་བྱེད་དགོས།

དྲུག མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས།
རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པའི་འདུ་ཤེས་བརྟན་པོ་འཛིན་པ་དང་ལག་བསྟར་དངོས་འབེབས་བྱས་ནས། སྔོན་ལ་གྲོན་ཆུང་དང་སྔོན་ལ་སྲུང་སྐྱོབ་བྱེད་པའི་ལག་བསྟར་དངོས་འབེབས་བྱས་ཏེ། རང་བྱུང་སླར་གསོ་གཙོ་བོར་འཛིན་པའི་བྱེད་ཕྱོགས་ལྟར། རི་ཆུ་ནགས་གསུམ་དང་། ས་ཞིང་མཚེའུ། རྩྭ་ཐང་བཅས་མ་ལག་ལྡན་པའི་སྒོ་ནས་གཅིག་གྱུར་གྱིས་བཅོས་སྐྱོང་བྱེད་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གྱི་ཐིག་དམར་ནན་སྲུང་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ཀྱིས་གྲོང་གསེར་དར་རྒྱས་སྣེ་ཁྲིད་བྱེད་དགོས།

བདུན། ཡུལ་བབ་ལ་བསྟུན་པ་དང་གོ་རིམ་ལྟར་གོང་སྤེལ་གཏོང་བར་རྒྱུན་འཁྱོངས་བྱེད་དགོས། ཚན་རིག་ལྟར་གྲོང་གསེབ་ཀྱི་ཧེ་བག་རང་བཞིན་དང་འཕེལ་རྒྱས་འགྲོ་ཚད་ཀྱི་དབྱེ་ཕྲལ་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ། རྩེ་གྲས་ཇུས་འགོད་ཡག་པོ་དང་། འཆར་འགོད་སྔོན་ལ་ལག་བསྟར་བྱེད་པ་དང་། གཙོ་གནད་འབུར་དུ་ཐོན་དང་། རིགས་བཀར་གྱི་བྱེད་ཐབས་བཅས་དོ་སྣང་བྱས་ནས། དཔེ་མཚོན་གྱིས་ལམ་སྣ་ཁྲིད་དགོས། གང་ཐུབ་ཅི་ཐུབ་དང་། སྟོབས་ཤུགས་ཅི་ལྕོགས་བྱེད་པ་ལས། གཅིག་ཐོག་གཅིག་བརྩེགས་མི་བྱེད་པ་དང་། བརྒྱ་ཁ་གཅིག་ཆོད་མི་བྱེད་པ། ཕྱི་ཚུལ་རིང་ལུགས་མི་བྱེད་པ་བཅས་བྱས་ཏེ། སྤྱོད་བཟང་ལ་འགྱུར་བ་མེད་པར་བརྟན་བརླིང་སྒོས་སྐུལ་སྤེལ་གཏོང་དགོས།

གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ནི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་མགོ་རྩོམ་ས་ཡིན་པར་གོ་བ་ཡང་དག་ཇི་ལྟར་ལེན་དགོས།
ལན། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེར་གོང་འཕེལ་དུ་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་པ་དང་། དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་རུ་གྱུར། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་གིས་ང་ཚོས་མུ་མཐུད་དུ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྨང་གཞིའི་སྟེང་དུ་བཞག་ནས། འཕེལ་རྒྱས་དོ་མི་མཉམ་པ་དང་ཕུན་སུམ་ཚོགས་པ་མིན་པའི་གནད་དོན་ཤུགས་ཡོད་ཀྱིས་ཐག་གཅོད་བཟང་བོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཉིན་རེར་འཕར་སྣོན་འབྱུང་བཞིན་པའི་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོར་ཡིད་ཚིམས་པའི་བླང་བྱ་བཏོན་ཡོད། ཞིང་གསུམ་བྱ་བའི་རང་སྟེང་དུ་སྟེང་དུ་བལྟས་ན། འཕེལ་རྒྱས་དོ་མི་མཉམ་པ་དང་ཕུན་སུམ་ཚོགས་པ་མིན་པའི་གནད་དོན་ལ་ཐག་གཅོད་ལེགས་པོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཞིང་གསུམ་བྱ་བར་མཐོང་ཆེན་བྱེད་པའི་བླང་བྱ་བཏོན་ཞིང་། དགོས། ཞིང་ལས་དང་ཞིང་སྡེ། ཞིང་བ་བཅས་ཀྱི་གནད་དོན་ནི་ཕན་ཚུན་འབྲལ་ཐབས་མེད་པའི་གོང་བུ་ཞིག་ཡིན། སྤྱིར་བལྟས་ན། ད་སྐབས་ཀྱི་ཞིང་ལས་རྨང་གཞི་ཅུང་ཉམས་ཞན་ཡིན་པ་དང་། ཞིང་བའི་ལོ་ཚོད་ཀྱི་ཤེས་བྱའི་གྲུབ་ཚུལ། ཞིང་སྡེའི་སྤྱི་ཚོགས་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་ཕྱོགས་སུ་གནས་པའི་གནད་དོན་སྔར་ལས་འབུར་ཐོན་ཡིན།གྲོང་གསེར་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ནི་ཞིང་སྡེའི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན་དང་རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་འཛུགས་སྐྲུན་བཅས་ཀྱི་མཐུན་སྦྱོར་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་རྒྱུ་ཡར་སྐུལ་བྱེད་རྒྱུ་དེ་ཡིན། མཁར་གྲོང་འབྲེལ་བའི་རིམ་པའི་སྟེང་ནས་བལྟས་ན། འཕེལ་རྒྱས་དོ་མི་མཉམ་པ་དང་ཕུན་སུམ་ཚོགས་པ་མིན་པའི་གནད་དོན་ཐག་བཅད་དེ། སྔར་ལས་ལྷག་པའི་སྒོ་ནས་གྲོང་གསེབ་ལ་མཐོང་ཆེན་བྱེད་པའི་བླང་བྱ་བཏོན་ཡོད། རང་རྒྱལ་མཁར་གྲོང་ཅན་དུ་འགྱུར་ཚད་བརྒྱ་ཆའི་དྲུག་ཅུར་སླེབ་ལ་ཉེ་ཞིང་། ཡིན་ཡང་། སྤྱི་ལེ་གྲུ་བཞི་མ་ས་ཡ་དགུ་དངའབུམ་དྲུག་ལྷག་ཡོད་པའི་ས་ཁོངས་དང་། མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག ལོ་ངོ་ལྔ་སྟོང་ལྷག་གི་དཔལ་ཡོན་གྱི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ལ་མཚོན་ན། མཁར་གྲོང་ཅན་དུ་འཕེལ་རྒྱས་ཀྱི་ཆུ་ཚད་ཅི་འདྲ་ཞིག་ཏུ་སླེབས་ཀྱང་། ཞིང་སྡེའི་མི་གྲངས་ཀྱི་གཞི་ཁྱོན་ཧ་ཅང་འབོར་ཆེན་ཡིན་པས། གྲོང་རྡལ་ཅན་དུ་འགྱུར་ཚད་ བརྒྱ་བའི་བདུན་ཅུ་ལ་སླེབས་རུང་། མི་གྲངས་དུང་ཕྱུར་འགའི་ད་རུང་ཞིང་སྡེ་རུ་འཚོ་བ་རོལ་བཞིན་ཡོད། གྲོང་ཁྱེར་ནི་མུ་མཐའ་མེད་པ་ཞིག་མིན་པས་གྲོང་ཁྱེར་མི་གྲངས་འཕར་སྣོན་ལ་ཚོད་འཛིན་རྩ་བ་ནས་མེད་པ་ཞིག་ག་ལ་ཡིན།

ད་སྐབས་ང་ཚོའི་གྲོང་ཁྱེར་མང་པོ་ཞིག་དངོས་གནས་ཧ་ཅང་མཛེས་ཤིང་དར་རྒྱས་ཆེ་བ་ཞིག་ཡིན་མོད། འོན་ཀྱང་། ཞིང་སྡེའི་ས་ཁུལ་མང་པོ་ཞིག་ཡོ་རོབ་གླིང་དང་། འཇར་པན། ཨ་མེ་རི་ཁ་སོགས་དང་བསྡུར་ན་ད་རུང་ཁྱད་པར་ཆེན་པོ་ཡོད། གལ་ཏེ་ཕྱོགས་གཅིག་ཁོ་ན་གཙོ་བོ་འཛིན་པ་དང་། ཕྱོགས་གཞན་པར་ཕལ་བར་བཞག་ན། ཕྱོགས་གཅིག་ནས་དེང་རབས་ཅན་གྱི་གྲོང་ཁྱེར་ཡིན་པ་དང་། ཕྱོགས་གཅིག་ནས་ཉམས་རྒྱུད་ཀྱི་གྲོང་གསེབ་ཡིན་ཚེ། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་མངོན་འགྱུར་བྱེད་པ་ཞིག་ག་ལ་ཡིན།དེ་བས་གྲོང་གསེབ་མགྱོགས་མྱུར་ངང་རྒྱལ་ཁབ་འཕེལ་རྒྱས་འགྲོ་བའི་གོམ་འགྲོས་ཀྱི་རྗེས་ཆོད་པར་བྱེད་དགོས།

གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་མངོན་གསལ་གྱི་དམིགས་འབེན་ཁྲིད་སྟོན་ཡོད་དམ།
ལན། དེར་ཡོད་དེ། ཞིང་ལས་སྟོབས་མི་སྟོབས་དང་། ཞིང་སྡེ་མཛེས་མི་མཛེས། ཞིང་བ་ཕྱུག་མི་ཕྱུག་བཅས་ཀྱིས་ཞིང་བ་དུང་ཕྱུར་མང་པོའི་ཐོབ་སྣང་གི་ཚོར་བདང་བདེ་སྐྱིད་ཀྱི་ཚོར་བ་ཐག་གཅོད་བྱས་ཡོད་པ་དང་། རང་རྒྱལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབ་པའི་རྒྱུ་སྤུས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྤུས་ཚད་ཀྱང་ཐག་གཅོད་བྱས་ཡོད། དུས་བཅད་ལྟར་བརྒྱ་ལོ་དང་པོའ་དམིགས་འབེན་མངོན་འགྱུར་བྱས་པར་མ་ཟད། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་དགོས་ཚེ། ཆེས་དཀའ་ཚེགས་དང་ཆེས་འགན་ཁུར་ལྕི་མོ་དེ་ནི་གྲོང་གསེབ་ཡིན་ལ། ཆེས་གཏིང་ཟབ་ཤིང་རྒྱ་ཆེ་བ་དེ་འང་གྲོང་གསེབ་ཡིན་པ་དང་། ཆེས་ཆེ་བ་དང་ཆེས་ཟབ་པ་དེ་ཡང་གྲོང་གསེབ་ཡིན་ངེས།

ཉིས་སྟོང་ཉི་ཤུའི་ལོར་སླེབ་དུས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཆེས་འབུར་ཐོན་གྱི་ཞན་ཆ་དེ་ནི་ཞིང་གསུམ་ཡིན། ངེས་པར་དུ་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་ལས་རྣམ་པར་རྒྱལ་ཏེ། མགྱོགས་མྱུར་སྒོས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་སུ་བཏང་ནས། རྒྱ་ཆེ་བའི་ཞིང་བ་མང་ཚོགས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་བགྲོད་ལམ་སྟེང་ཞུགས་དགོས།

ཉིས་སྟོང་སོ་ལྔ་ལོར་སླེབ་དུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་ བྱེད་དགོས་པ་དང་།བྱ་བ་གཙོ་བོ་དང་འགན་ཁུར་གཙོ་བོ་ཡིན་པས། ངེས་པར་དུ་གྲོང་གསེབ་ཁྱོན་ཡོངས་ནས་འཕེལ་རྒྱས་ཡར་ཐོན་གཏོང་བའི་དམིགས་འཛིན་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་མཉམ་དུ་གཞི་རྩའི་སྟེང་ནས་དེང་རབས་ཅན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ཉིས་སྟོང་ལྔ་བཅུ་ལོར་སླེབ་དུས། རང་རྒྱལ་ནི་འབྱོར་ཕྱུག དམངས་གཙོ། དཔལ་ཡོན་དང་། འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱས་ནས། ཞིང་གསུམ་རྨང་གཞི་ཡིན་པའི་སྟེང་དུ། ངེས་པར་དུ་ཞིང་བ་དུང་ཕྱུར་མང་པོ་མཉམ་དུ་འབྱོར་ཕྱུག་གི་ལམ་དུ་སྐྱོད་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་དེ་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་མཚོན་རྟགས་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་བཞིན་མདངས་སྐྲུན་དགོས། ཞིང་གསུམ་གྱི་ཞན་ཆར་ཁ་གསབ་དང་། ཞིང་གསུམ་གྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། ཞིང་གསུམ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་བྱེད་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཁྲོད་དུ་གཅིག་ཀྱང་ཆད་ལྷག་མེད་པར་ཁག་ཐེག་བྱེད་དགོས།

རྩོམ་སྒྲིག་པ། སྐར་མ་འཚོ། སྟོབས་ལྡན་རྒྱལ།