ཏང་གི་འགན་འཁྲིན་ཡིས་ངེས་པར་དུ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ཐག་གཅོད་བྱ་དགོས།
གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་ཏང་གི་འགན་འཁྲི་ཡིས་ཐག་གཅོད་བྱས་པ་ཡིན་ཟེར་དོན་ཅི་ཡིན།
ལན། གྲོང་གསེབ་ཅི་ལྟ་བུ་ཞིག་འཛུགས་སྐྲུན་བྱེད་པ་དང་། གྲོང་གསེབ་ཅི་ལྟར་འཛུགས་སྐྲུན་བྱེད་པ་ནི་ཉེ་རབས་ཀྱི་ཚུན་ལ་ཀྲུང་ཧྭ་མི་རིགས་ཀྱིས་གདོང་གཏད་པའི་ལོ་རྒྱུས་རང་བཞིན་གྱི་གྲོས་གཞི་ཞིག་ཡིན། ཏང་ཚུགས་པ་ནས་བཟུང་ཞིང་བར་བརྟེན་པའམ། ཞིང་བ་དུང་ཕྱུར་དུ་མར་བདེ་སྐྱིད་སྐྲུན་པ་དེ་འགན་འཁྲི་གལ་ཆེན་དུ་བརྩིས་ཡོད། དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེའི་སྐབས་སུ། ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་ཡུལ་གྱི་གཤེད་མར་རྒོལ་བ་དང་ས་ཞིང་བགོ་བ། ཞིང་བ་དུང་ཕྱུར་ལྷག་ལ་སྣེ་ཁྲིད་བྱས་ཏེ་བཅིངས་གྲོལ་བྱེད་པར་རེ་ཞིང་། གསར་བརྗེ་རྒྱལ་ཁ་འཐོབ་པར་ནུས་པ་གང་ཡོད་འདོན་སྤྲོད་བྱས། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་དེ་འཛུགས་སྐྲུན་བྱེད་པའི་དུས་སྐབས་སུ། ཏང་གིས་ཞིང་བར་འགོ་ཁྲིད་དེ་ཕན་ཚུན་རོགས་འདེགས་མཉམ་ལས་དར་སྤེལ་དང་། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ས་ཞིང་ཆུ་བེད་དར་རྒྱས་ཆེ་རུ་གཏོང་བ་དང་ཞིང་སྡེའི་སློབ་གསོ་དང་མཉམ་ལས་སྨན་བཅོས་ཆེན་པོ་བསྒྲུབ་པ་བཅས་བྱས་ཏེ། ཞིང་སྡེ་དབུལ་ཕོངས་རྗེས་ལུས་ཡིན་པའི་རྣམ་པ་བསྒྱུར་བར་ཡུན་རིང་འཚོལ་ཞིབ་བྱེད་པར་ཀྱག་ཀྱོག་གི་ལོ་རྒྱུས་མང་པོ་བརྒྱུད་མཐར། གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད།
བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་ཚུན་ལ། ཏང་གིས་ཞིང་བར་འགོ་ཁྲིད་ནས་སྔོན་ལ་བཅོས་བསྒྱུར་བྱེད་མགོ་བརྩམས། ཁྱིམ་ཚང་གི་ཐོན་ཚད་སྦྲེལ་བའི་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་ཀྱིས་ཞིང་སྡེ་བཅོས་བསྒྱུར་ཀྱི་མེ་རྟ་ཐོག་མ་བསྒྲོན། འགན་ནི་གཙང་ལེན་གཙང་ལེན་བྱེད།། གཞུང་རྒྱུད་དྲང་ཞིང་གཡོ་སྒྱུ་མེད།། ཐོབ་ཚད་འདང་ཚད་རྒྱལ་ཁབ་ཏུ།། ཕུལ་ནས་སོ་སོའི་ཐུན་མོང་དུ།། ཐོབ་ཆ་བཞག་ནས་ལྷག་མ་རྣམས།། རང་གིས་ལོངས་དང་ལེ་བདའ་མེད།། ཁྱིམ་ཚང་གི་འགན་གཙང་ལེན་བདག་གཉེར་རྨང་གཞི་བྱེད་པ་དང་། ཐུན་མོང་དང་ཞིང་བའི་ཁྱིམ་ཚང་གཉིས་ཀྱི་བདག་གཉེར་སྒྲིག་སྲོལ་གང་ལེགས་སྒོས་ཟུང་འབྲེལ་བྱེད་པ་ལག་བསྟར་བྱས་ཏེ། ཞང་གྲོང་ཁེ་ལས་ཀྱི་སྟོབས་ཤུགས་གློ་བུར་དུ་འཕེལ་བ། ཞིང་བ་གྲོང་ཁྱེར་དུ་སོང་ནས་ཞོར་ལས་བྱེད་པ། ལོ་སྟོང་ཕྲག་གཉིས་ལྷག་རིང་བརྒྱུད་པའི་ཞིང་ལས་དཔྱ་ཁྲལ་མེད་པར་བཟོ་བ། མཁར་གྲོང་འཕེལ་རྒྱས་ཀྱི་གཅིག་གྱུར་འཆར་འགོད་བཟོ་བ། ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་པ། ཞིང་སྡེའི་སྤྱི་ཚོགས་ལས་དོན་འཕེལ་རྒྱས་གཏོང་བ་བཅས་ཀྱིས་ཞིང་ལས་དང་ཞིང་སྡེར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞིང་སྡེ་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་དུ་སྤེལ་བ་དང་། གང་མགྱོགས་སྒོས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། མཛེས་པའི་ལེགས་གནས་ཞིང་སྡེ་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པ། མཁར་ཞང་འཕེལ་རྒྱས་གཞི་གཅིག་ཅན་ལ་སྐུལ་འདེད་གཏིང་ཟབ་བྱས་པས། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཐད་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་པ་དང་། རྒྱ་ཆེའི་ཞིང་བར་བདེན་པ་བདེན་དྲང་གིས་ཁེ་ཕན་མང་པོ་ཐོབ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་བསྟན་དོན། ངེས་པར་ཏུ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་གྱིས་དམངས་ཡོངས་ལ་ཕན་པ་འཐོབ་པར་བྱས་ཏེ། དམངས་ཡོངས་མཉམ་དུ་ཕྱུག་པོ་ཡོང་བ་མངོན་འགྱུར་བྱེད་པའི་ཕྱོགས་སུ་མུ་མཐུད་དུ་གོམས་སྟོབས་ཆེན་པོས་མདུན་དུ་བསྐྱོད་དགོས། ཞིང་ལས་པ་དུང་ཕྱུར་ལྷག་གིས་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་ལ་བཞག་པའི་མཛད་རྗེས་ཡིད་ལ་དམ་པོར་བཅིངས་ཏེ། གྲོང་གསེབ་འཛུགས་སྐྲུན་བཟང་བོ་བྱས་ནས། ཞིང་ལས་བ་དུང་ཕྱུར་ལྷག་ལ་སྔར་ལས་ཐོབ་སྣང་མང་པོ་ལྡན་པ་ དང་། ཞིང་ལས་བ་དུང་ཕྱུར་ལྷག་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ལ་གང་ལེགས་སྒོས་སྐུལ་སློང་བྱེད་དགོས།
ཏང་གིས་ཞང་གསུམ་བྱ་བའི་འགོ་ཁྲིད་ཀྱི་ངེས་པར་གཉིས་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཞེས་པ་ནི་ཅི་ཡིན།
ལན། ཞིང་སྡེའི་བྱ་བ་བཟང་བོར་བསྒྲུབ་པ་དང་གྲོང་གསེབ་དར་སྤེལ་མངོན་འགྱུར་བྱེད་པའི་གནད་འགག་གཙོ་བོ་ནི་ཏང་ལ་ཐུག་ཡོད་པས། ངེས་པར་དུ་ཏང་གིས་ཁ་ཕྱོགས་ཡང་དག་འཛིན་པ་དང་། ཁྱོན་ཡོངས་སྒྲུབ་པ། སྲིད་ཇུས་གཏན་ལ་འབེབ་པ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ངེས་ཤུགས་མཐོར་འདེགས་གཏོང་དགོས་པ་དང་། ངེས་པར་དུ་ཏང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པ། ཁྱོན་ཡོངས་ནས་ཞིང་སྡེའི་བྱ་བའི་ནུས་པ་དང་ཆུ་ཚད་ལ་ཁག་ཐེག་བྱེད་དགོས།
ཤེས་དགོས་པ་གཅིག་དང་དུང་བ་གཉིས་ཞེས་པ་གང་ལ་བསྟན་པ་ཡིན།
ལན། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་ཆེས་མཁོ་གལ་ཆེ་བ་ནི་ཞིང་ལས་ཤེས་པ་དང་ཞིང་སྡེ་ལ་དགའ་བ། ཞིང་བར་དུང་བའི་ཞིང་སྡེ་བྱ་བའི་དཔུང་སྡེ་ཞིག་འཛུགས་སྐྱོང་བྱེད་རྒྱུ་དེ་ཡིན། ཞིང་གསུམ་བྱ་བའི་ལས་བྱེད་པའི་དཔུང་སྡེ་གསོ་སྐྱོང་དང་སྡེབ་སྒྲིག དོ་དམ། བཀོལ་སྤྱོད་བྱེད་པ་བཅས་ལ་ཤུགས་བསྣན་ནས། ཞིང་སྡེའི་ལས་རྐང་དང་པོའི་སྟེང་ནས་སྦྱོང་བརྡར་བྱེད་པ་དེ་ལས་བྱེད་པ་གསོ་སྐྱོང་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཏུ་བརྩིས་ཏེ། འཇོན་མི་ཞིང་སྡེའི་ལས་རྐང་དང་པོའི་སྟེང་འཁོར་སྐྱོད་བྱེད་པའི་མི་བཀོལ་ཁྲིད་ཕྱོགས་ཆགས་པར་བྱེད་དགོས། གྲོང་གསེབ་དར་སྤེལ་ནི་འབོད་སྐད་ཙམ་ཞིག་མ་ཡིན་པར། དེ་ནི་ལག་ལེན་དངོས་ཀྱི་བྱ་བཞག་ཅིག་ཡིན་ལ། ཞིང་སྡེའི་ལས་བྱེད་པ་དངོས་སུ་གཞི་རིམ་དུ་བསྐྱོད་དེ། ཁ་ཞེ་གཉིས་མེད་ཀྱིས་མང་ཚོགས་ལ་བརྟེན་པ་དང་། མང་ཚོགས་ལ་བཅོས་མིན་གྱི་བརྩེ་སེམས་བཅིང་བ། མང་ཚོགས་ལ་ཟོལ་མེད་ཀྱི་ཞབས་ཞུ་བྱེད་པ་ཞིག་ཡིན། བརྟག་དཔྱད་ཞིབ་འཇུག་བཟང་བོ་བྱས་ནས། དངོས་གཉེར་བདེན་འཚོལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དངོས་དོན་ལ་གདོང་གཏད་པ། བྱས་འབྲས་མགྱོགས་པ། ཕྱི་ཚུལ་ཙམ་དང་རྣམ་པ་ཙམ་དུ་འགྲོ་བའི་རིགས་གཏན་འགོག་བྱེད་པ་བཅས་ཀྱིས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་སྤྱིའི་བླང་བྱ་ཅི་ཡིན།
ལན། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་དངོས་འབེབ་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག ཏང་གིས་ཞིང་གསུམ་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལས་དོན་སྤྱིའི་དགོངས་གཞི་གཏན་འཇགས་ངང་གོང་འཕེལ་འགྲོ་བ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་གསར་བའི་འདུ་ཤེས་བརྟན་པོ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་པ་དོན་འཁྱོལ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཐོག ཞིང་གསུམ་གྱི་གནད་དོན་དེ་ཏང་ཡོངས་ཀྱི་བྱ་བའི་གཙོ་གནད་དུ་བཟུང་སྟེ་ཐག་གཅོད་པ་རྒྱུན་འཁྱོངས་བྱེད་པ། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ། ཐོན་ལས་དར་རྒྱས་དང་སྐྱེ་ཁམས་གནས་འཕྲོད། ཡུལ་སྲོལ་བཟང་བོ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་ཏུ་གཏོང་བའི་སྤྱིའི་དགོས་མཁོ་ལྟར། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱིས་གོང་དུ་སྤེལ་བའི་སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་མ་ལག་འཐུས་ཚང་བར་བཙུགས་ཏེ། ཞིང་སྡེའི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཏང་འཛུགས་སྐྲུན་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། མགྱོགས་མྱུར་སྒོས་གྲོང་གསེབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་དང་། མགྱོགས་མྱུར་སྒོས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་བཏང་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་དུ་བསྐྱོད་དེ། ཞིང་ལས་འཕེལ་རྒྱས་ཅན་གྱི་ཐོན་ལས་སུ་བསྒྱུར་བ་དང་། ཞིང་བ་ནུས་པ་ཅན་གྱི་ལས་རིགས་སུ་བསྒྱུར་བ། ཞིང་སྡེ་བདེ་འཁོད་ལས་བརྩོན་གྱི་མཛེས་པའི་ཁྱིམ་གཞིས་སུ་བསྒྱུར་དགོས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར། ཞིང་བའི་རེ་འདུན་གསར་བར་བསྟུན་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་ཞིང་སྡེའི་གནས་ཚུལ་གཞི་ཚུགས་པར་བྱེད་པ། ཐོན་ལས་འཕེལ་རྒྱས་གཙོ་གནད་དུ་འཛིན་པ་དང་། སྐྱེ་ཁམས་གནས་འཕྲོད་གནད་འགག་ཏུ་བརྩི་བ། ཡུལ་སྲོལ་བཟང་བོ་འགན་སྲུང་བྱེད་པ། བཅོས་སྐྱོང་ནུས་ལྡན་རྨང་གཞིར་འཇོག་པ་དང་། འཚོ་བ་འབྱོར་ཕྱུག་གཞི་རྩ་བྱས་ཏེ་ཞིང་ལས་ཁྱོན་ཡོངས་ནས་རིམ་སྤར་དང་། ཞིང་སྡེ་ཁྱོན་ཡོངས་ནས་གོང་འཕེལ། ཞིང་བ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་དགོས།
ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་ལ་བླང་བྱ་གསར་བ་གང་དག་བཏོན་ཡོད།
ལན། ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་ནི་གྲོང་གསེབ་དར་སྤེལ་གྱི་ལམ་ལུགས་རྨང་གཞི་ཡིན། ཞིང་སྡེའི་ས་ཞིང་ཐུན་མོང་ལ་དབང་བ་རྒྱུན་འཁྱོངས་དང་ཁྱིམ་དུད་བདག་གཉེར་རྨང་གཞི་རང་བཞིན་གྱི་གོ་གནས་རྒྱུན་འཁྱོངས་བྱེད་པ། ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་གཏན་འཇགས་ཡོང་བ་རྒྱུན་འཁྱོངས་བྱེད་པ། ཞིང་སྡེའི་ཐོན་དབང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་རྒྱུ་ཆ་གཙོ་བོའི་ཚོང་ར་ཅན་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་བའི་ཁྱིམ་དུད་ཆུང་བ་དང་དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་བར་ཕན་ཚུན་མཐུན་སྦྱོར་ཡོང་བ་མངོན་འགྱུར་བྱེད་པ། ཏང་ཀྲུང་དབྱང་གི་གཏན་ཁེལ་ལྟར། ཞིང་སྡེའི་ས་ཞིང་འགན་གཙང་ལེན་སྐོར་ཐེངས་གཉིས་པ་མཇུག་སྒྲིལ་རྗེས་ཡང་བསྐྱར་ལོ་ངོ་སུམ་ཅུའི་དུས་ཡུན་ཇེ་རིང་དུ་བཏང་སྟེ། ཞིང་སྡེ་བཅོས་བསྒྱུར་གྱི་ཐོག་མའི་དུས་རིམ་གྱི་ས་ཞིང་འགན་གཙང་ལེན་སྐོར་ཐེངས་དང་པོ་ནས་བཟུང་། ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་ལོ་དོན་ལྔ་རིང་བརྟན་འཇགས་རྒྱུན་འཁྱོངས་བྱ་རྒྱུ་དང་། ཡུན་རིང་འགྱུར་བ་མེད་པའི་སྲིད་ཇུས་ཀྱི་བླང་བྱ་མངོན་འགྱུར་བྱེད་པ་དང་། དུས་མཉམ་དུ་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ཕན་ཚུན་མཐུན་སྦྱོར་བྱེད་དགོས།
གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་རྒྱ་སྐྱེད་གཏོང་བའི་བརྒྱུད་ལམ་ནི་ཅི་ཡིན།
ལན། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་ནི། ཞིང་བས་སྣེ་ཁྲིད་དེ་ཐུན་མོང་གི་སྒོ་ནས་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། གཅིག་གྱུར་སྒོས་བདག་གཉེར་ཞབས་ཞུ་ལེགས་པར་བྱ་དགོས་པ་དང་། ཐུན་མོང་གི་ཐོན་ཁུངས་དང་རྒྱུ་ནོར་གང་འགེབ་ཅི་སྤྱོད་དང་བེད་སྤྱོད་ལེགས་པོ་བྱས་ཐོག་རྣམ་པ་སྣ་ཚོགས་ཀྱི་མ་རྐང་མཉམ་ལས་འཕེལ་རྒྱས་གཏོང་བའི་ཐད་ལ་ཐབས་ཤེས་མང་པོ་འཐེན་དགོས།འདས་ཟིན་པའི་དུས་ལ། ཞིང་སྡེ་ཁ་ཤེས་ཀྱི་ཐུན་མོང་གི་རྒྱུ་ནོར་དང་། ཐོན་དབང་ཟོལ་འཇོག་དང་།ཚོང་གཉེར་ཡོང་འབབ་མི་གསལ་བ། བགོ་བྱ་སྤྱི་བསྒྲགས་མི་བྱེད་པ་བཅས་ལ་ཞིང་སྡེའི་ཞིང་བ་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པ་དང་། དེ་དང་མཉམ་དུ་རུལ་སྲུང་ཆུང་བ་འགའ་ཞིག་ཀྱང་བྱུང་བ་རེད། བརྟན་བརླིང་ངང་ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་སྐུད་འདེད་དང་ཁྱོན་ཡོངས་ནས་རྒྱུ་ནོར་རྩིས་བཤེར་བྱས་ཏེ།ཐོབ་ཐང་ངོས་འཛིན་དང་མ་རྐང་ཚད་འབེབས།ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་། མ་དངུལ་མ་རྐང་དུ་འགྱུར་བ། ཞིང་བ་མ་རྐང་ཅན་དུ་འགྱུར་བར་སྐུལ་འདེད་བྱས་ཏེ།ཚོང་རའི་དཔལ་འབྱོར་གྱི་དགོས་མཁོ་དང་མཐུན་པའི་ཐུན་མོང་དཔལ་འབྱོར་འཁོར་སྐྱོད་ཀྱི་ནང་རྐྱེན་གསར་བ་བཙུགས་ཏེ།ཐུན་མོང་རྒྱུ་ནོར་གྱི་རིན་ཐང་སྲུང་སྐྱོབ་དང་འཕར་སྣོན་ལ་ཁག་ཐེག་བྱེད་པ་དང་།ཞིང་བའི་ཁེ་ཕན་ཁག་ཐག་དང་།ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ལ་ཤུགས་བསྣན་ནས།གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་གཅིག་སྒྲིལ་ནུས་པ་དང་འཐབ་འཛིང་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས།
ཞིང་ལས་མཁོ་སྤྱོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་ལ་བཅོས་སྒྱུར་གཏིང་ཟབ་བྱས་ཏེ།
སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་བགྲོད་ལམ་སྟེང་ཞུགས་དགོས་ཅི་ཡིན།
ལན། རང་ཞིང་གི་ཞིང་ལས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་བཞིན་པའི་སྐབས་འདིར། དཔལ་འབྱོར་སྒྲིག་གཞི་དང་འཕར་སྣོན་སྒུལ་ཤུགས་བསྒྱུར་བའི་འགག་སྒྲོལ་སྐབས་ལེགས་བཅོས་བྱེད་པ་དང་། ད་དུང་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་དེ་གཙོ་གནད་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། མགྱོགས་མྱུར་སྒོས་ཞིང་ལས་ཀྱི་ཐོན་ཚད་འཕར་བའི་ཁྲིད་སྟོན་དེ་སྤུས་ཚད་མཐོ་བའི་ཁྲིད་སྟོན་དུ་བསྒྱུར་བར་སྐུལ་འདེད་བྱེད་པ་དང་། མགྱོགས་མྱུར་གྱིས་དེང་རབས་ཞིང་ལས་ཀྱི་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་བཅས་འཛུགས་སྐྱོང་བྱས་ཏེ། རྒྱུན་ཆད་མེད་པར་ཞིང་ལས་ཕྱོགས་བསྡུས་ཁེ་ཕན་དང་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་བཏང་ནས། སྲོལ་རྒྱུན་ཞིང་ལས་དེ་དེང་རབས་ཞིང་ལས་སུ་བསྒྱུར་བ་མངོན་འགྱུར་བྱེད་དགོས། འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་འགག་རྩ་ནི་འབྲུ་རིགས་ཐོན་སྐྱེད་ནུས་ཤུགས་ལ་ཁག་ཐེག་བྱས་ཏེ། དགོས་མཁོའི་སྐབས་སུ་ཐོན་སྐྱེད་བྱེད་ཐུབ་པ་དང་། མཁོ་སྤྲོད་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། དེ་ནི་ང་ཚོས་རྨོ་ཞིང་སྲུང་འཛིན་བྱེད་པའི་ཚད་ཐིག་གི་དགོས་མཁོ་ཡིན་པས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བཟང་བོ་བྱེད་དགོས་པ་དང་། ཞིང་ས་དང་ཆུ་བེད་བཟང་བོར་བསྒྲུབ་པ། དེང་རབས་ཀྱི་སོན་ལས་དང་ཞིང་ལས་འཕྲུལ་ཆས་སོགས་ལག་རྩལ་སྒྲིག་ཆས་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། འབྲུ་རིགས་ཐོན་སྐྱེད་ཀྱི་བྱེད་ནུས་ཁུལ་གསལ་བོ་བྱེད་པ་དང་འཛུགས་སྐྲུན་བཟང་བོ་བྱས་ཏེ། དོན་དངོས་ཀྱི་སྟེང་ནས་རྨོ་ཞིང་ལ་བརྟེན་ནས་འབྲུ་རིགས་གསོག་འཇོག་བྱེད་དགོས་པ་དང་། ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་འཇོག་བྱེད་དགོས་པའི་འཐབ་ཇུས་དངོས་འབེབ་དོན་འཁྱོལ་བྱེད་དགོས། ཧུར་ཐག་སྒོས་རྒྱལ་ནང་དང་རྒྱལ་ཕྱིའི་ཚོང་ར་གཉིས་པོ་བེད་སྤྱོད་བྱས་ཏེ། ཐོན་ཁུངས་དེ་གཉིས་ཀྱིས་འོས་མཐུན་ངང་རྒྱལ་ནང་གི་ཆད་ལྷག་ཡོད་པའི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་ཤུགས་ཇེ་མཐོར་གཏོང་དགོས། རྨོ་ཞིང་དང་ཆུའི་ཐོན་ཁུངས་སོགས་ཁམས་གསོའི་འཚོ་གནས་སྟོང་ཆར་བཞག་ཏེ། ཞིང་ལས་ཐོན་ཁུངས་ཀྱི་བཀོད་སྒྲིག་ལེགས་བཅོས་བྱེད་དགོས། རྒྱུ་སྤུས་ནི་ཁེ་ཕན་ཡིན་པ་དང་རྒྱུ་སྤུས་ནི་འགྲན་རྩོད་ནུས་ཤུགས་ཡིན། སྔོན་ཆད་དུས་ཡུན་རིང་བོར་ཐོན་ཚད་མི་འདང་བར་ཞིང་ལས་ཀྱི་གཙོ་བོར་ཐོན་ཚད་ལ་བལྟས་ཡོད་པ་དང་། ཅི་ཞིག་ཐོན་སྐྱེད་བྱས་ན་དེ་བཙོང་བ་དང་། བཙོང་མི་ཐུབ་པ་རྣམས་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱེད་པ། དེང་སྐབས་གནས་ཚུལ་ལ་འགྱུར་ལྡོག་བྱུང་སྟེ། ཞིང་ལས་ཀྱི་འགལ་བ་གཙོ་བོ་དེ་སྤྱིའི་ཐོན་ཚད་མི་འདང་བ་ནས་སྒྲིག་གཞི་རང་བཞིན་གྱི་འགལ་བར་བསྒྱུར་བ་དེ་ཡིན་ལ། དེའི་གྲུབ་ཚད་རང་བཞིན་གྱི་མཁོ་སྤྲོད་མང་དྲག་པ་དང་མཁོ་སྤྲོད་མི་འདང་བ་མཉམ་གནས་ཀྱིས་མངོན་པར་མཚོན་ཡོད། མིག་སྔར་ཞིང་ལས་ཐོན་རྫས་ཁ་ཤས་ཀྱི་ཐོན་ཚད་འབོར་ཆེན་ལྷག་མར་ལུས་ཡོད་པ་དང་མཛོད་གསོག་ཉར་ཚད་ཚབ་ཆེན་ཡིན་པ། རིན་གོང་མར་ཆག་པའི་གནོན་ཤུགས་ཆེ་བས་ངེས་པར་དུ་ཆོད་སེམས་བརྟན་པོའི་ངང་ཞིང་ལས་ཐོན་སྐྱེད་ཀྱི་སྒྲིག་གཞི་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་སྒྲིག་ལ་སྙོམས་སྒྲིག་ཆེན་པོ་བྱས་ཏེ། གང་མགྱོགས་སྒོས་ཞིང་ལས་ཀྱི་སྤྱིའི་ཐོན་ཚད་རྒྱ་བསྐྱེད་པ་ནས་སྤུས་ཚད་མཐོར་འདེགས་ཀྱི་ཕྱོགས་སུ་བསྒྱུར་བར་མངོན་འགྱུར་བྱེད་དགོས་ལ། དེ་ནི་ཞིང་ལས་ཀྱི་མཁོ་སྤྲོད་གྲུབ་ཚད་རང་བཞིན་བཅོས་བསྒྱུར་བྱེད་པར་མྱུར་དུ་ཐག་གཅོད་དགོས་པའི་འགན་ཁུར་གལ་ཆེན་ཞིག་ཡིན།
རྒྱུ་སྤུས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་བགྲོད་ལམ་སྟེང་ཞུགས་པའི་ཆེས་འབུར་ཐོན་ནི་ཅི་ཞིག་ཡིན།
ལན། ཞིང་ལས་ལྗང་མདོག་ཅན་དང་སྤུས་ལེགས་ཅན། ཁྱད་ཆོས་ཅན། ཚོང་རྟགས་ཅན་འབུར་དུ་ཐོན་དགོས། ཞིང་བས་ས་བོན་གང་འདེབས་པ་དང་ཕྱུགས་གང་གསོ་བ་དག་ནི་ཚོང་ར་དང་བསྟུན་དགོས་པ་ལས་སྲིད་གཞུང་ལ་བསྟུན་མི་རུང་། ད་ལྟའི་བཤད་པའི་འབྲུ་རིགས་བདེ་འཇགས་ནི་དོན་ངོ་མའི་སྟེང་ཟས་རིགས་བདེ་འཇགས་ཡིན། མང་ཚོགས་ཀྱི་ཟས་རིགས་ཀྱི་དགོས་མཁོ་སྔར་ལས་སྔ་མང་ཅན་ཡིན་པ་དེས་ང་ཚོའི་འདུ་ཤེས་བསྒྱུར་བར་བླང་བྱ་བཏོན་ཡོད། ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་ཆགས་པར་བྱས་ཏེ། རྨོ་ཞིང་དང་རྩྭ་ཐང་། ནགས་ཚལ། སྐྱེ་དངོས། སྲོག་ཆགས། སྐྱེ་དངོས་ཕྲ་རབ་བཅས་ལ་ཚྭ་དྲོད་དང་སྤྲི་དཀར་མཁོ་བས་ཕྱོགས་སོ་སོ་དང་ཐབས་ལམ་མང་པོ་སྤྱད་ནས་ཟས་རིགས་ཀྱི་ཐོན་ཁུངས་གསར་སྤེལ་བྱེད་དགོས། ཁྱད་ཆོས་ཅན་གྱི་ཐོན་རྫས་ལེགས་པོ་བསྒྲུབ་ནས་མགྱོགས་མྱུར་སྒོས་ཁྱད་ལྡན་ཞིང་ལས་གསོ་སྐྱོང་དང་སྤུས་ཚད་མཐོ་བའི་ཐོན་རྫས་གསར་གཏོད་བྱས་ཏེ། ཀུན་གྱིས་ཁས་ལེན་པའི་ཞིང་ལས་ཀྱི་མང་གྲགས་ཐོན་རྫས་གསོ་སྐྱོང་བྱེད་དགོས། རྒྱུ་སྤུས་ལ་བརྟེན་ཞིང་ལས་དར་རྒྱས་བཏང་སྟེ། ཐོན་སྐྱེད་བྱེད་ཐུབ་པ་དང་ཐོན་སྐྱེད་བྱས་ཚད་ཁྱད་ལྡན་ཡིན་པ། གཞན་ལ་འཚོང་ཐུབ་པ་དང་བཙོང་བ་བཟང་བ་མངོན་འགྱུར་བྱེད་དགོས། དེང་སྐབས་ཁྱད་ལྡན་གྱི་ཞིང་ལས་ཐོན་རྫས་མང་པོ་ཞིག་ཞིང་ཁ་དང་ལམ་འགྲམ། སླེ་བོ་ཆུང་བའི་ནང་དུ་བཙོང་བཞིན་ཡོད་པས་ཐོན་རྫས་བཟང་བོར་རིན་གོང་མཐོན་པོའི་གཞན་ལ་བཙོང་ཐུབ་ཀྱིན་མེད། ཆང་བཟང་ཡང་སྐྲག་ས་སྲང་ལམ་ཡིན་ཞེས་པའི་དཔེ་ལྟར་ཞིང་ལས་ཐོན་རྫས་ལ་རྒྱན་སྤྲས་དང་ཚོང་ལམ་དྲིལ་སྒྲོག་བྱེད་ཤེས་པ་དང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱས་རྗེས་རིམ་པ་དགར་བ་དང་ཐུམ་སྒྲིལ་བཟོ་བ། བཟོ་གཉེར་བྱེད་པ། ཟོང་སྐྱེལ་འཁོར་སྐྱོད། ཚོང་ལམ་འབྱེད་པ་བཅས་ལ་ཤུགས་སྣོན་དགོས་པ་དང་། ལྷག་པར་དུ་འཁྱག་འབྲེལ་མཛོད་གསོག་དངོས་རྫས་སོགས་ཀྱི་ཆད་ལྷག་ལ་ཁ་གསབ་བྱས་ཏེ། ཞིང་ལས་ཐོན་རྫས་ཀྱི་འཁོར་རྒྱུགས་དེང་རབས་ཅན་དུ་སྐུལ་འདེད་བཏང་ནས། ཞིང་ལས་ཕྱོགས་བསྡུས་ཕན་འབྲས་ཇེ་མཐོར་གཏོང་བར་འབད་བརྩོན་བྱེད་དགོས།
ཞིང་ལས་ཐོན་རྫས་དང་ཟས་རིགས་བདེ་འཇགས་ཀྱི་གནད་དོན་ལ་དོ་སྣང་བྱེད་དགོས་དོན་ཅི་ཡིན།
ལན། མང་ཚོགས་ཀྱིས་ཟས་རིགས་བདེ་འཇགས་ལ་ཡིད་ཆེས་བྱེད་བཞིན་མེད་པས། རྒྱུ་སྤུས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བར་གླེང་ཐབས་མེད་ལ་འགྲན་རྩོད་ནུས་ཤུགས་ཟེར་བ་དེ་གླེང་ཐབས་ག་ལ་ཡོད། ཞིང་ལས་ཐོན་རྫས་དང་ཟས་རིགས་བདེ་འཇགས་ཡོང་བར་ཐོན་རྫས་གཙོ་བོར་འཛིན་དགོས་ལ། དོ་དམ་ཡང་གཙོ་བོར་འཛིན་དགོས། མཐར་གཏུགས་ན་ཐོན་རྫས་གཙོ་བོར་འཛིན་དགོས། མགོ་ཁུངས་ནས་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ཏེ། ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས། བྱ་བ་སྣ་ཚོགས་དངོས་འབེབ་དོན་འཁྱོལ་བྱེད་དགོས།
རྩོམ་སྒྲིག་པ། སྐར་མ་འཚོ། སྟོབས་ལྡན་རྒྱལ།