གྲོང་གསེབ་དར་སྤེལ་གཏོང་བར་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ཞེས་པ་སྟེ།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་གྱི་ཁག་བཞི་བ།
2018.04.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 48

གྲོང་གསེབ་དར་སྤེལ་གཏོང་བར་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་དོན་ཅི་ཡིན།
ལན། གྲོང་བརྡལ་དང་གྲོང་གསེབ་ནི་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་ཡར་ཐོན། མཉམ་འཚོ་མཉམ་གནས་བྱས་ཡོད།མཁར་གྲོང་གི་འབྲེལ་བ་ཐག་གཅོད་བྱེད་ཐུབ་མིན་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད།ཉེ་བའི་ལོ་འདི་འགར།མཁར་གྲོང་གཅིག་གྱུར་འཆར་འགོད་འཕེལ་རྒྱས་ཀྱི་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱས་ནས་གྲུབ་འབྲས་ཆེན་པོ་བླངས།འོན་ཀྱང་།མཁར་གྲོང་གི་རྒྱུ་རྐྱེན་ལུགས་མཐུན་སྒོས་འགྲོ་སྐྱོད་བྱེད་པའི་ལམ་སྲོལ་ལ་ད་དུང་ཞན་ཆ་ཡོད། གྲོང་ཁྱེར་དུ་འགྲོ་བ་དང་ཡང་ན་གྲོང་གསེབ་དུ་འགྲོ་བ་གང་ཡིན་ནའང་ཐབས་ལམ་ཆ་ཚང་ཞིག་ད་རུང་གཏོད་མེད། རྒྱུ་རྐྱེན་ལ་ད་དུང་འདྲ་མཉམ་མིན་པའི་བརྗེ་རེས་གནས་ཡོད། དཔེར་ན། གྲོང་གསེབ་དར་རྒྱས་སུ་གཏོང་དགོས་ན་འཇོན་མི་ལ་བརྟེན་དགོས་པ་དང་། ཐོན་ཁུངས་ལ་བརྟེན་དགོས། གལ་ཏེ། གྲོང་གསེབ་ཀྱི་འཇོན་མི་དང་། ས་ཞིང་། ཐོན་ཁུངས་བཅས་ཀྱི་རྒྱུ་རྐྱེན་རྒྱུན་པར་སྣ་གཅིག་གི་སྒོ་ནས་གྲོང་ཁྱེར་ཕྱོགས་སུ་བཞུར་གྱིན་ཡོད་ལ། དུས་ཡུན་རིང་བོར་དཀོན་པ་དང་མི་འདང་བའི་གནས་སུ་ཡོད་པས་དར་སྤེལ་གཏོང་རྒྱུ་དེ་ནི་སྟོང་གཏམ་ཁོ་ན་ཡིན།བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྣེ་ཁྲིད་བྱས་ནས་བཟོ་ཞིང་ཕན་ཚུན་ལ་སྐུལ་སྤེལ་དང་གྲོང་གསེབ་ཕན་ཚུན་ལ་ཁ་གསབ། ཁྱོན་ཡོངས་ནས་མཉམ་འདྲེས་དང་། མཉམ་དུ་དར་རྒྱས་སུ་འགྲོ་བའི་བཟོ་ཞིང་གྲོང་གསེབ་དཔེ་གསར་ཅན་གྱི་འབྲེལ་བ་བཅས་ལ་སྐུལ་འདེད་གཏོང་དགོས།

ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བའི་མ་ལག་ཇི་ལྟར་འཛུགས་དགོས།
ལན། ཞིང་ལས་སྣ་མང་བྱེད་ནུས་ཤུགས་ཆེན་པོས་གསར་སྤེལ་བྱས་ནས་ཐོན་ལས་ཀྱི་སྦྲེལ་ཐག་རྒྱུན་བསྲིངས་བ་དང་།རིན་ཐང་གི་སྦྲེལ་ཐག་མཐོར་འདེགས་སུ་བཏང་ནས་ཁེ་ཕན་གྱི་སྦྲེལ་ཐག་འཐུས་ཚང་དུ་གཏོང་དགོས།མ་དངུལ་ལ་འགན་སྲུང་བྱས་ནས་ཁེ་སྤོགས་བགོ་བ་དང་། མ་རྐང་མཉམ་འབྲེལ། ཁེ་སྤོགས་ཕྱིར་སྤྲོད་བཅས་རྣམ་པ་སྣ་མང་གིས་ཞིང་བར་ལུགས་མཐུན་གྱིས་ཐོན་ལས་སྦྲེལ་ཐག་གི་རིན་ཐང་འཕར་སྣོན་གྱི་ཕན་འབྲས་ཡོད་ཚད་ལོངས་སུ་སྤྱོད་དུ་འཇུག་དགོས། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་མཐོར་འདེགས་བྱེད་པ་ལག་བསྟར་བྱས་ནས་ཁེ་ལས་ཀྱི་མཉམ་སྒྲིལ་བསྐྱར་སྒྲིག་ལ་སྐུལ་མ་བྱེད་པ་དང་། རྗེས་ལུས་ཀྱི་ཐོན་ནུས་དོར་ཏེ། གཙོ་ཐོན་ཁུལ་གྱི་ཞིང་ལས་ཐོན་རྫས་ས་གནས་དེ་གར་ལས་སྣོན་བྱས་ནས་གཞན་སྒྱུར་རིན་འཕར་ལ་རྒྱབ་སྐྱོར་བྱ་དགོས། ཞིང་ལས་ཐོན་རྫས་ཕྱིར་འཚོང་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་གཙོ་བོ་ཐག་གཅོད་བྱས་ནས་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱས་རྗེས་རིམ་པ་བགར་ཏེ། ཕྱི་ཐུམ་རྒྱག་པ་དང་།ཚོང་གཉེར་བཅས་ལ་ཤུགས་སྣོན་དང་། དེང་རབས་ཅན་གྱི་ཞིང་ལས་ཐོན་རྫས་འཁྱག་སྦྲེལ་མཛོད་ཁང་གི་ཟོག་འགྲེམས་མ་ལག་འཛུགས་སྐྲུན་བྱེད་དགོས། ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱེད་པའི་སྤྱི་བའི་ཞབས་ཞུའི་སྟེགས་བུ་ཞིག་བསྐྲུན་ཏེ། མཁོ་སྤྲོད་དང་།སྦྲག་སྲིད་བཅས་རིགས་སོ་སོའི་ཁེ་ལས་ཀྱིས་ཞབས་ཞུའི་དྲ་གནས་གྲོང་གསེབ་དུ་རྒྱུན་བསྲིངས་དུ་འཇུག་དགོས། ཞིང་ལས་ཐོན་རྫས་ཕྱིར་འཚོང་བརྟན་འཇགས་ཀྱི་འབྲེལ་མཐུད་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་རྒྱ་ཁྱབ་རང་བཞིན་གྱིས་ཞིང་སྡེའི་གློག་རྡུལ་ཚོང་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྒྲིག་ཆས་ལ་ཤུགས་ཆེན་པོའི་སྐུལ་འདེད་གཏོང་བ་དང་། རིགས་སོ་སོའི་ཚོང་རས་གཙོ་བོ་གསར་གཏོད་འཕེལ་རྒྱས་ལ་གཞིགས་ནས་མཉམ་འབྲེལ་དྲ་བའི་ཞིང་ལས་དཔེ་གསར་གྱི་ཐོན་ལས་རྣམ་པ་ལ་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས།གཏིང་ཟབ་མོའི་སྒོ་ནས་གློག་རྡུལ་ཚོང་ལས་དེ་ཕྱོགས་བསྡུས་དཔེ་སྟོན་གྱི་ཞིང་སྡེ་རུ་བསྐྱོད་པ་ལག་བསྟར་བྱེད་པ་དང་། མགྱོགས་མྱུར་སྒོས་ཞིང་སྡེ་འཁོར་རྒྱུགས་དེང་རབས་ཅན་དུ་སྐུལ་འདེད་གཏོང་དགོས། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་གནས་སྐོར་གྱི་མིང་གྲགས་བཟོ་སྐྲུན་ལག་བསྟར་བྱས་ནས་སྒྲིག་བཀོད་ཆ་ཚང་དང་བྱེད་ནུས་སྣ་མང་ཅན་གྱི་སྤྲོ་གསེང་ལྟ་སྐོར་གླིང་ཁུལ་དང་། ནགས་ཚལ་ཁྱིམ་གཞི། ལུས་གསོ་རྟེན་གཞི། ཞིང་བདེ་སྤྲོ་ཁྱིམ།ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་སོགས་འཛུགས་སྐྲུན་བྱེད་དགོས། བེད་མེད་དུ་སྐྱུར་བའི་ཞིང་བའི་ཁང་བ་འཕེལ་རྒྱས་སྤྲོ་ཁྱིམ་སོགས་ཀྱི་རྣམ་གྲངས་བེད་སྤྱད་ནས་མེ་འགོག་དང་། ཐུན་མོང་མ་ཡིན་པའི་ལས་རིགས་གཉེར་བ་སོགས་ཀྱི་ཁྱབ་ཁོངས་ཚོང་རའི་ནང་དུ་ཞུགས་པར་སྟབས་བདེ་བསྐྲུན་པ། ཤུགས་སྣོན་སྒོས་བྱ་བའི་སྔ་གཞུག་གི་ལྟ་རྟོག་དོ་དམ་བྱེད་ཐབས་བཅས་ལ་ཞིབ་འཇུག་བྱེད་དགོས། གྲོང་གསེབ་ཀྱི་དཔལ་འབྱོར་མཉམ་རོལ་དང་། གསར་གཏོད་ཞིང་ལས། ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་བཅས་འཕེལ་རྒྱས་སུ་གཏོང་དགོས།

གནད་ཕིགས་དབུལ་ཐར་གྱི་སྲིད་ཇུས་ལ་ཡང་དག་པའི་སྒོ་ནས་ངོས་འཛིན་ཇི་ལྟར་བྱེད་དགོས།
ལན། གནད་ཕིགས་དབུལ་ཐར་ནི་ང་ཚོ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ལས་བཏོན་པའི་མཁྲེགས་གཏོར་ཆེན་པོ་གསུམ་གྱི་ཁྲོད་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཆེས་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་མཁྲེགས་གཏོར་འཐབ་ཇུས་ཡིན།མིག་སྔར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བར་དུ་ལོ་གསུམ་གྱི་དུས་ཚོད་ལས་མེད། ཁྱོན་ཡོངས་ནས་འབྱོར་འབྲིང་གི་དམིགས་འབེན་དུས་ལྟར་མངོན་འགྱུར་འབྱུང་ཐུབ་མིན་ནི། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་ལ་རྒྱལ་ཁ་ལེན་མིན་གྱི་གནད་འགག་ལ་རག་ལས་ཡོད། ཞིང་སྡེའི་དབུལ་བོའི་མི་འབོར་ཚང་མ་དབུལ་ཐར་མ་བྱས་ན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུའང་སླེབས་མི་ཐུབ།ཆེས་མ་མཐའི་ལས་འགན་འདིར་ཆད་ལྷག་གང་ཡང་ཤོར་མི་རུང་བ་དང་།ང་ཚོ་ཏང་གིས་མི་དམངས་ལ་བཞག་པའི་ཁས་ལེན་ལ་ཆད་ལྷག་གང་ཡང་ཤོར་མི་རུང་།
གནད་ཕིགས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་བཟང་བོ་སྒྲུབ་པར་ལས་འགན་སྔར་བཞིན་ཧ་ཅང་དཀའ་ཚེགས་ཆེ། བསམ་བློའི་ངོས་འཛིན་ཡང་དག་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་གྲུབ་འབྲས་ལྟ་བ་འཛུགས་པ། དབུལ་སྐྱོར་བློ་སྐྱོར་དང་རིག་སྐྱོར་ཟུང་འབྲེལ་བྱེད་པ་དང་། དབུལ་ཐར་གྱི་སྤུས་ཀ་མཐོར་འདེགས་གཏོང་བ་ཨང་དང་པོར་བཞག་ནས། དབུལ་ཕོངས་མི་འབོར་གྱི་ནང་སྐྱེས་སྒུལ་ཤུགས་ལ་སྐུལ་སློང་དང་། ནུས་ཤུགས་འཕེལ་རྒྱས་ཆེ་རུ་གཏོང་བ་རྩ་བའི་བྱེད་ཐབས་སུ་བཟུང་དགོས། གནད་ཕིགས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་བཟང་བོ་སྒྲུབ་པར་ལོ་གསུམ་གྱི་ལག་ལེན་མཛུབ་སྟོན་བསམ་འཆར་བཟོ་བ་དང། དབུལ་ཕོངས་ས་ཁུལ་དང་། དམིགས་བསལ་གྱི་དབུལ་ཕོངས་མི་འབོར་གཙོ་བོར་བཟུང་ནས་ཤུགས་ཆེན་པོས་ཐོན་ཁུངས་སྙོམ་སྒྲིག་དང་སྲིད་ཇུས་སྔོན་དཔག་བྱེད་ནུས་ཆེ་རུ་གཏོང་བ་དང་གནད་ཕིགས་ལག་བསྟར་དང། བློ་ཐག་རྦད་ཆོད་སྒོས་མཁྲེགས་པོའི་ནང་གི་ཡང་མཁྲེགས་དང་།དབུལ་བོའི་ནང་གི་ཡང་དབུལ་ལ་ཁ་གཏོད་པ་ཆེ་རུ་གཏོང་དགོས།

དབུལ་ཐར་མཁྲེགས་གཏོར་གྱི“མི་རུང་བ་ལྔ”ནི་ཅི་ཡིན།
ལན། དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་ཕྱི་ཚུལ་གྱི་ནུས་པ་ཙམ་སྟོན་མི་རུང་བ་དང་། རྙོག་འཛིང་དུ་གཏོང་མི་རུང་བ། ཕྱི་ཚུལ་གྱི་རྣམ་པ་ཙམ་འཛིན་མི་རུང་བ། བྱ་བར་ཤུགས་སྣོན་པ་དེ། ཚོགས་འདུ་འཚོགས་པ་དང་། ཡིག་ཆ་སྐུར་བ། ཁ་པར་གཏོང་བ། རེའུ་མིག་སྐོང་བ། གྲངས་ཀ་ཡར་ཞུ་བྱེད་པ་དང་དཔྱད་བསྡུར་བྱེད་པ་བཅས་ལ་བྱ་མི་རུང་བ། མི་བདེན་རྫུན་བཟོ་དང་གྲངས་ཀའི་ལམ་ནས་དབུལ་ཐར་བྱ་མི་རུང་བ་ཡིན།

དབུལ་ཐར་མཁྲེགས་གཏོར་བྱེད་པར་དོ་སྣང་བྱ་དགོས་ས་གང་ཡིན།
ལན། དབུལ་ཐར་མཁྲེགས་གཏོར་བྱེད་པར་ཕྱི་ཚུལ་རིང་ལུགས་སྤང་ཅི་ཐུབ་ཀྱིས་གཞི་རིམ་དུ་བྱ་བའི་འགན་འཁྲི་ཇེ་ཡངས་སུ་གཏོང་བ་དང་། ཁོ་ཚོར་དབུལ་བོ་མང་ཚོགས་ལ་དོན་དངོས་བསྒྲུབ་པར་སྟོབས་ཤུགས་འདོན་དུ་འཇུག་དགོས། དབུལ་ཐར་མཁྲེགས་གཏོར་ལ་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མ་དངུལ་འཇོག་པའི་སྟེང་ཤུགས་འདོན་པ་དང་། ཏན་ཏིག་སྒོས་རོགས་དབུལ་སྐྱོར་མ་དངུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ། མ་དངུལ་སྡེབ་སྦྱོར་ལེགས་བཅོས་བྱེད་པ། བཀོལ་སྤྱོད་ལས་ཆོད་མཐོར་འདེགས་གཏོང་བ། མ་དངུལ་སྒོར་ཟུར་གཅིག་ཀྱང་འཕྲོ་བརླག་མེད་པར་ཁག་ཐེག་བྱེད་པ། དབུལ་སྐྱོར་མ་དངུལ་སྒེར་སྤྱོད་བྱེད་པའམ་ཧམ་ཟ་བྱེད་པའི་བྱ་སྤྱོད་ལ་ངེས་པར་མཐའ་གཅིག་ཏུ་ཡོ་བསྲང་དང་ཐག་གཅོད་ནན་མོ་བྱ་དགོས།
དབུལ་ཐར་མཁྲེགས་གཏོར་ལ་དངོས་ཐོག་བདེན་འཚོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་ལས། རྫུན་ཐོག་རྫུན་བརྩེགས་བྱས་ན་དངོས་ཡོད་ཀྱི་དམིགས་ཡུལ་འགྲུབ་ཐུབ་ཀྱི་མ་རེད། ང་ཚོས་དབུལ་བོའི་མི་འབོར་གྱིས་མི་སྡུག་པ་གཉིས་དང་འགན་སྲུང་གསུམ་མངོན་འགྱུར་ཡོང་བར་མ་ཟད། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་སྤྱི་ཡོངས་ནས་ཐག་གཅོད་བྱེད་པ་སྟེ། སྔོན་ཆད་བྱུང་བའི་དབུལ་ནག་ཅེས་པའི་གོ་དོན་དེ་མེད་པར་བཟོ་དགོས། ད་ལྟ། ཞིང་སྡེའི་དབུལ་ཕོངས་མི་འབོར་གྱི་མི་སྡུག་པ་གཉིས་ཐག་གཅོད་བྱེད་པར་གནད་དོན་ཆེན་པོ་མི་འདུག་ཀྱང་། འོས་འགན་སློབ་གསོར་འགན་སྲུང་ཡོད་པར་ཐག་གཅོད་ནི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པས་ལོ་དགུའི་འོས་འགན་སློབ་གསོ་མྱོང་ཐུབ་པར་བྱེད་པ་ལས་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་། སློབ་ཆེན་བཅས་ནི་དེའི་ནང་དུ་འདུ་བ་མ་རེད། གཞི་རྩའི་སྨན་བཅོས་ལ་འགན་སྲུང་ཡོད་པར་ཐག་གཅོད་ནི་དབུལ་ཕོངས་མི་འབོར་གྱིས་རྒྱུན་མཐོང་གི་ནད་དང་བྱུང་ཚད་མང་བའི་ནད་ཀྱི་རིགས་སྨན་པར་སྟོན་ཐུབ་པ་དང་། གལ་སྲིད་ནད་ལྗིད་མོ་བྱུང་ནའང་གཞི་རྩའི་འཚོ་བ་སྔར་བཞིན་རོལ་ཐུབ་པར་བྱེད་པ་ལས་ནད་སྟོན་བྱེད་ཀྱི་མ་དངུལ་ཚང་མ་སྲིད་གཞུང་གིས་གཏོང་བ་མ་རེད། སྡོད་ཁང་བདེ་འཇགས་ལ་འགན་སྲུང་ཡོད་པར་ཐག་གཅོད་ནི་དབུལ་ཕོངས་མི་འབོར་ཉེན་ཁང་དང་སྤྱིལ་ཁང་དུ་སྡོད་མི་དགོས་པ་ཡིན་མོད། འོན་ཀྱང་ཚད་ལས་བརྒལ་བའི་ཁང་ཆེན་གྱི་ནང་དུ་འདུག་རྒྱུའང་མིན། ནད་ལྕི་མོ་བྱུང་བ་དང་བྱིས་པ་སློབ་གྲྭར་བསྐྱལ་བ་ལ་བརྟེན་ནས་དབུལ་བོར་མི་འགྱུར་ཞེས་པ་ནི་བཟའ་བྱའི་ཟས་མེད་པ་དང་རྒྱབ་ལ་གོས་མེད་པར་ཕྱིར་དབུལ་ནག་གི་གནས་སུ་ལྷུང་མི་སྲིད་པ་དེ་ཡིན།དབུལ་བོ་ལས་ཐར་བར་སྔོན་འགོག་བྱ་དགོས་པའི་སྣང་ཚུལ་ག་འདྲ་གཉིས་འབྱུང་སྲིད།
ད་ལྟ་ལག་བསྟར་བྱེད་བཞིན་པའི་དབུལ་སྐྱོར་ཚད་གཞི་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་འཚོ་བའི་གཞི་རྩའི་ཚད་ཐིག་ལ་སླེབས་ཐུབ་ཚེ། རྒྱལ་སྤྱིའི་སྟེང་ནས་ཀྱང་ཚད་གཞི་མཐོན་པོ་ཞིག་རེད། ཚད་གཞི་འདིའི་སྟེང་མངོན་འགྱུར་བྱས་པའི་དབུལ་ཐར་ནི་གྲུབ་འབྲས་བླ་ན་མེད་པ་ཞིག་ཡིན་ངེས་ལ། དེ་ལྟར་མངོན་འགྱུར་ཡོང་བ་ཡང་ལས་སླ་མོ་ཞིག་གཏན་ནས་མིན། འཕེལ་རྒྱས་ཀྱི་དུས་རིམ་ལས་བརྒལ་བའི་བྱ་བ་བསྒྲུབ་མི་རུང་སྟེ། དེ་ལྟར་བྱས་ན་དབུལ་ཕོངས་ཞིང་བ་རྣམས་ཕན་བདེའི་རྙི་རུ་ཚུད་ངེས་ལ། དབུལ་ཕོངས་མ་ཡིན་པའི་མི་འབོར་ལ་ཡང་ལྷུང་ལ་ཁད་ལྟ་བུའི་ཕན་འབྲས་བཟོ་སྲིད། དེ་བས་སྒྲུབ་ན་བསྒྲུབ་དཀའ་བ་མ་ཟད། བསྒྲུབས་པའི་རྗེས་མི་ལེགས་པའི་སྣང་ཚུལ་འདི་ལྟ་བུ་འབྱུང་བར་སྔོན་འགོག་བྱ་དགོས།

ཞིང་སྡེ་བཅོས་སྒྱུར་གཏིང་ཟབ་བྱེད་པའི་གཙོ་གནད་ཅི་ཡིན།
ལན། བསམ་བློ་བཅིངས་གྲོལ་དང་དུས་བསྟུན་མཉམ་བསྐྱོད་བྱེད་པ། སྒྲིག་སྲོལ་ནང་རྐྱེན་གྱི་ཞན་ཆ་གཏན་མེད་དུ་གཏོང་བ། འགག་སྒྲོལ་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱས་ཏེ། ཞིང་སྡེའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གསོན་ཉམས་ལྡན་པར་བསྒྱུར་བ་དང་། རྒྱ་ཆེའི་ཞིང་བའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་མཆེད་པར་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་ཞིང་སྡེ་ལ་རྒྱབ་སྐྱོར་དང་རོགས་སྐྱོར། དར་སྤེལ་གཏོང་བའི་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས། ཞིང་སྡེ་བཅོས་སྒྱུར་གཏིང་ཟབ་བྱེད་པར་གཅིག་ནས་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ཞིང་སྡེ་ཞིང་སྡེར་འགྲེལ་མི་རུང་བར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་བསྐྱར་བཞེངས་ལ་དམ་པོར་དམིགས་ནས། མཁར་ཞང་བཅོས་སྒྱུར་ལ་གཅིག་གྱུར་འཆར་འགོད་བཟོ་བ་དང་། མགྱོགས་མྱུར་སྒོས་མཁར་གྲོང་གི་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་རྐྱེན་དང་སྲིད་ཇུས་མ་ལག་འཛུགས་སྐྱོང་བྱེད་དགོས། ཞིང་གསུམ་ནང་ཁུལ་གྱི་བཅོས་སྒྱུར་ཡང་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་སྒྱུར་དང་ཞིང་སྡེའི་ཐུན་མོང་གི་ཐོན་དབང་ལམ་ལུགས་བཅོས་སྒྱུར། ཚོང་འདོན་ཁང་ཕྱོགས་བསྡུས་བཅོས་སྒྱུར། ས་རྒོད་གསར་སྦོལ་བཅོས་སྒྱུར། ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར། རྒྱལ་ཁབ་ལ་དབང་བའི་ནགས་ར་དང་ནགས་ཁུལ་བཅོས་སྒྱུར་སོགས་བཅོས་སྒྱུར་ལས་གཞི་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་ལམ་ལུགས་རང་བཞིན་གྱི་མཁོ་སྤྲོད་འདོན་སྤྲོད་བྱེད་དགོས། གཉིས་ནས་མྱུར་ཚད་མགྱོགས་སུ་གཏོང་དགོས། བཀོད་སྒྲིག་བྱས་ཟིན་པའི་ཞིང་སྡེ་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་ཤུགས་འདོན་པ་དང་། བསྒྲུབ་དགོས་ངེས་དེ་དམ་འཛིན་བྱས་ནས་ས་གནས་ཀྱི་གསར་གཏོད་ལ་བསྟོད་སྐུལ་དང་གཞི་རིམ་གྱི་གསར་སྐྲུན་ལ་བརྩི་འཇོག འདྲ་བཤུ་བྱས་ཆོག་ཚད་དང་ཁྱབ་གདལ་བྱས་ཆོག་ཚད་རྒྱལ་ཡོངས་སུ་མགྱོགས་མྱོར་སྒོས་སྤེལ་དགོས། གསུམ་ནས་གཅིག་འདུས་བྱེད་དགོས། མྱུར་དུ་བཅོས་སྒྱུར་བྱེད་ཐབས་ཁག་ལེགས་སྒྲིག་བྱེད་པ་དང་མཉམ་སྒྲུབ་བྱས་ཏེ། སྤྱི་ཡོངས་ནས་དམག་རྒྱག་པའི་ཐབས་ལམ་ཆགས་པར་བྱེད་པ་དང་སྔོན་ཐོན་གྱི་དཔེ་མཚོན་སྤྱི་སྡོམ་ལ་དོ་སྣང་བྱེད་པ། གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་པའི་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས།

ཞིང་སྡེ་བཅོས་སྒྱུར་བྱེད་པར་རྨང་སྲོལ་ཅི་ཞིག་བརྟན་སྲུང་བྱ་དགོས།
ལན། ཞིང་སྡེ་བཅོས་སྒྱུར་ཇི་ལྟར་བྱས་ཀྱང་། ཞིང་སྡེའི་ས་ཞིང་ཐུན་མོང་ལ་དབང་བའི་ལམ་ལུགས་རྩ་བརླག་ཏུ་གཏོང་མི་རུང་བ་དང་ཞིང་ས་ཇེ་ཉུང་དུ་གཏོང་མི་རུང་བ། འབྲུ་རིགས་ཐོན་སྐྱེད་ནུས་ཤུགས་ཇེ་ཞན་དུ་གཏོང་མི་རུང་བ། ཞིང་བ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་འབྱུང་མི་རུང་བ་བཅས་རྨང་སྲོལ་འདི་དག་ངེས་པར་དུ་བརྟན་སྲུང་བྱ་དགོས་ལ། རྩ་སློག་རང་བཞིན་གྱི་ནོར་འཁྲུལ་གཏན་ནས་འབྱུང་མི་རུང་།

གྲོང་གསེབ་དར་སྤེལ་བྱེད་པར་དངུལ་གཏོང་འགན་སྲུང་ལ་ཇི་ལྟར་ཤུགས་སྣོན་དགོས།
ལན། གྲོང་གསེབ་དར་སྤེལ་ནི་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས། མ་དངུལ་འབོར་ཆེན་འཇོག་པར་ཤུགས་སྣོན་དགོས། གཅིག་ནས་དངུལ་གཏོང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དངུལ་གཏོང་དངུལ་བསྡུའི་ནང་རྐྱེན་གསར་སྐྲུན་བྱེད་པ། དངུལ་གཏོང་དངུལ་བསྡུའི་ཐབས་ལམ་རྒྱ་བསྐྱེད་པ། ནོར་སྲིད་ཀྱིས་སྔོན་ལ་འགན་སྲུང་དང་དངུལ་ལོར་གྱིས་གནད་སར་བཟུང་ནས་གཟིགས་སྐྱོང་། སྤྱི་ཚོགས་ཧུར་ཐག་སྒོས་ཞུགས་པའི་སྣ་མང་གི་དངུལ་གཏོང་གནས་བབ་མགྱོགས་མྱུར་ངང་ཆགས་པར་བྱེད་དགོས། སྤྱི་བའི་ནོར་སྲིད་ཀྱིས་ཞིང་གསུམ་ལ་གཟིགས་སྐྱོང་བྱས་ཏེ། རིམ་གྱིས་བུན་ཆད་ཅུང་མང་བའི་གནད་དོན་ཐག་གཅོད་བྱེད་དགོས། ཞིང་སྡེར་རྒྱབ་སྐྱོར་བྱེད་པའི་ལས་གཞིའི་ཁ་ཐོར་ཡ་བྲལ་གྱི་གནད་དོན་ཐག་གཅོད་པར་བློ་ཐག་རྦད་ཆོད་བྱས་ཏེ། ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་གྱུར་སྒོས་བསྡུ་རུབ་བྱེད་པའི་ཡུན་ཕན་ནང་རྐྱེན་མགྱོགས་མྱུར་ངང་འཛུགས་དགོས། རྫོང་རིམ་པ་ཁོ་ན་ལས་བསྡུ་རུབ་བྱས་པས་མི་འདང་ལ། རིམ་པ་གོང་མ་ནས་མགོ་བརྩམ་སྟེ་བསྡུ་རུབ་བྱེད་པར་འཚོལ་ཞིབ་བྱ་དགོས། ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་ཀྱི་མ་དངུལ་སྔར་ལས་མང་པོར་ཡར་སྐུལ་བྱ་དགོས། ཞིང་སྡེའི་དངུལ་ལོར་བཅོས་བསྒྱུར་དང་གོང་སྤེལ་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་དང་ཞིང་སྡེའི་ཁྱད་ཆོས་དང་མཐུན་པའི་ཞིང་སྡེའི་དངུལ་ལོར་མ་ལག་འཐུས་ཚང་དུ་འཛུགས་དགོས་པ་དང་། ཞིང་སྡེའི་དངུལ་ལོར་ལས་ཁུངས་འབྱུང་གཞིར་ཕྱིར་ལོག་པར་སྐུལ་འདེད་བཏང་ནས། དངུལ་ལོར་ཐོན་ཁུངས་སྔར་ལས་མང་པོ་ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ཁྱབ་ཁོངས་གཙོ་བོ་དང་ཉམས་ཞན་སར་བཀོད་སྒྲིག་བྱས་ནས། གྲོང་གསེབ་དར་སྤེལ་ཕྱོགས་ཀྱི་སྣ་མང་ཅན་གྱི་དངུལ་ལོར་དགོས་མཁོ་སྔར་ལས་ལེགས་པོའི་སྒོ་ནས་བསྐང་དགོས།
གཉིས་ནས་དངུལ་ལོར་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། དངོས་མིན་རྫུན་ཟོལ་ཕྱོགས་སུ་འགྲོ་བར་གཏན་འགོག་དང་། ཉེན་ཁར་ཚོད་འཛིན་དང་བཀག་འགོག་ནན་མོ་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བར་དངུལ་ལོར་གྱིས་ཞབས་ཞུ་སྒྲུབ་ནུས་དང་ཆུ་ཚད་དོན་དངོས་ཀྱིས་ཇེ་མཐོར་གཏོང་དགོས།
གསུམ་ནས་རྨོ་ཞིང་འཛིན་སྤྱོད་དང་ཁ་གསབ་དོ་མཉམ་ཡོང་བར་དོ་དམ་བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ། ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་སོགས་གསར་དུ་བསྣན་པའི་རྨོ་ཞིང་གི་དམིགས་ཚད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་བྱེད་ས་སྣོན་འཕྲི་དང་སྦྲེལ་བའི་ལྷག་འཕྲོའི་དམིགས་ཚད་དེ་ཞིང་ཆེན་བརྒལ་ནས་སྙོམ་སྒྲིག་ནང་རྐྱེན་འཛུགས་དགོས་ཤིང་། སྙོམ་སྒྲིག་གི་ཁེ་ཕན་ཡོངས་རྫོགས་གྲུབ་འབྲས་བརྟན་སྲུང་དང་གྲོང་གསེབ་དར་སྤེལ་ལག་བསྟར་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་དགོས།

“མཉམ་འབྲེལ་དྲ་བ”དང“དེང་རབས་ཞིང་ལས”ལ་ཇི་ལྟར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས།
ལན། མཉམ་འབྲེལ་དྲ་བ་རྒྱ་ཁྱབ་ཏུ་བཀོལ་བ་དེས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་སྟངས། ཐོན་ལས་འཕེལ་རྒྱས་ཀྱི་དཔེ་གཞི་བཅས་ལ་འགྱུར་བ་གཏིང་ཟབ་བཏང་བར་མ་ཟད་། གསར་དར་ཐོན་ལས་མང་པོ་བསྐྱེད་པ་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཅོས་དང་མཐོར་འདེགས་ལ་སྐུལ་འདེད་གཏོང་ཐུབ་པར་གྱུར། ང་ཚོས་གོ་སྐབས་འདི་དམ་འཛིན་བྱས་ཏེ། ཞིང་ལས་དང་ཞིང་སྡེར་མཉམ་འབྲེལ་དྲ་བ་བཙུགས་ཏེ། གྲངས་འཛིན་གྱི་འགལ་རྐྱེན་ཁོད་སྙོམས་བཟོ་བ་དང་ཆ་འཕྲིན་ཁེར་ཆགས་མེད་པར་བཟོ་བ། ཆ་འཕྲིན་ཤར་གཏོང་ཐུབ་པ་བྱས་ནས། ཞིང་སྡེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་དང་གྲངས་འཛིན་གྱི་ཞིང་ལས་འཕེལ་རྒྱས་ཤུགས་ཆེར་གཏོང་དགོས། རིག་ལྡན་ཞིང་ཕྱུགས་ལས་དང་ནགས་ལས་ཆུ་བེད་ལས་གྲྭ་ལག་བསྟར་བྱས་ནས། ཆ་འཕྲིན་ལག་རྩལ་རིགས་སྣ་ཚོགས་ཞིང་ཕྱུགས་ལས་ཁྲོད་དུ་སྤྱད་པར་ཧུར་ཐག་སྒོས་སྐུལ་འདེད་གཏང་དགོས། གཞི་གྲངས་ཆེན་མོ་དང་དངོས་འབྲེལ་དྲ་བ། རྒྱང་ཚོར། སྤོ་འགུལ་མཉམ་འབྲེལ་དྲ་བ་སོགས་ཀྱི་ལག་རྩལ་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱས་ནས། ཞིང་ལས་དང་འབྲེལ་བའི་སྡེ་ཁག་སོ་སོའི་གཞི་གྲངས་ཐོན་ཁུངས་བསྡུ་རུབ་བྱས་ཏེ། རིག་ལྡན་ཞིང་ལས་གོང་དུ་སྤེལ་དགོས། གྲངས་འཛིན་གྱི་ཞིང་ལས་འཛུགས་སྐྲུན་དང་། ཞིང་ལས་དང་ཞིང་སྡེའི་གཞི་གྲངས་ཆེན་མོའི་ཚོད་ལྟ་ཁུལ་ཁྱབ་སྤེལ་བྱེད་པ། ཞིང་ལས་དངོས་འབྲེལ་དྲ་བའི་ཁྱབ་ཁུལ་ཚོད་ལྟའི་དཔེ་སྟོན་ལས་གཞིའི་ཁྱབ་ཁོངས་རྒྱ་སྐྱེད་དེ། དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་ཐོན་ལས་གླིང་སྔོན་ལ་འགག་ཞིང་སྡེའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། གློག་རྡུལ་ཚོང་དོན་ཞིང་ལས་དང་ཞིང་སྡེར་རྒྱ་ཁྱབ་ཏུ་སྤྱོད་པ་དེས། བཟོ་ལས་ཐོན་རྫས་དང་ཐོན་སྐྱེད་རྒྱུ་ཆ་གྲོང་གསེབ་ཏུ་སྐྱོད་བདེ་བ་དང་ཞིང་ལས་ཐོན་རྫས་སྔར་ལས་མགྱོགས་པའི་སྒོ་ནས་གྲོང་ཁྱེར་ནང་ཞུགས་པ། རིན་གོང་སྔར་ལས་མང་པོ་འཕར་བར་སྐུལ་སྤེལ་བྱས་ཏེ་ཞིང་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས། དེ་དང་བསྟུན་ནས་གློག་རྡུལ་ཚོང་དོན་ཞིང་ལས་སུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་གཏིང་ཟབ་ཏུ་སྤེལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་ཟོག་ཕྱོགས་གཉིས་བར་འཁོར་རྒྱུགས་བྱེད་པར་སྐུལ་སྤེལ་བྱས་ཏེ། གློག་རྡུལ་ཚོང་དོན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། མགྱོགས་མྱུར་སྒོས་རྫོང་དང་ཞང། སྡེ་བ་བཅས་རིམ་པ་གསུམ་གྱི་ཟོང་སྐྱེལ་ཞབས་ཞུའི་དྲ་རྒྱ་དང་གནས་ཚིགས་འཛུགས་སྐྲུན་བྱེད་པ་དང་། ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པའི་བྱ་བར་སྐུལ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་སྡེའི་དྲ་བ་དང་གཏོང་སྤྲོད་སོགས་རྨང་གཞིའི་སྒྲིག་ཆས་ཆུ་ཚད་མཐོར་འདེགས་བཏང་སྟེ། ཞིང་སྡེའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི་རྨང་གཞིའི་ཁོར་ཡུག་ལེགས་བཅོས་བྱ་དགོས།

མཉམ་འབྲེལ་དྲ་བའི་ལས་རྣམ་གསར་བ་དང་དཔེ་རྣམ་གསར་བར་གཞིགས་ནས་ཧུར་ཐག་སྒོས་འཕེལ་རྒྱས་གཏོང་དགོས། གཙོ་རྒྱུགས་ཚོང་ར་སྣ་ཚོགས་ལ་བསྟོད་སྐུལ་དང་རྒྱབ་སྐྱོར་བྱས་ཏེ། ཞིང་ལས་མཉམ་རོལ་དང་ཞིང་ལས་ཀྱི་མ་དངུལ་གྲབས་གསོག་སོགས་མཉམ་འབྲེལ་དྲ་བའི་རྣམ་པ་གསར་བའི་ཞིང་ལས་ཐོན་ལས་ཀྱི་དཔེ་རྣམ་ལ་གཞིགས་ནས་འཕེལ་རྒྱས་གཏོང་བ་དང་། དུས་བཀག་གི་ཚད་མེད་པར་བཟོ་བ། དྲ་ཐོག་དང་དྲ་ཐོག་མ་ཡིན་པའི་ཐོན་ཁུངས་བསྡུ་རུབ་བྱེད་པ། ཐོན་སྐྱེད་མཁན་དང་འཛད་སྤྱོད་པ། ཞུབས་ཞུ་བ་བཅས་ཀྱི་འབྲེལ་བ་ཟབ་མོ་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བྱ་དགོས།
“མཉམ་འབྲེལ་དྲ་བ་དང་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི”སྟེགས་བུ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། དྲ་ཐོག་ནས་རྒྱུ་རྐྱེན་གཙོ་བོ་བསྡུ་གཉེར་བྱེད་པ་དང་། དྲ་ཕྱི་ནས་ཞབས་ཞུ་བཟང་བོ་བྱེད་པ་བརྒྱུད། ཞིང་བར་སྒྲིག་སྲོལ་ཅན་དང་ཆེད་ལས་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱ་དགོས། ཞིང་ལས་དང་ཞིང་སྡེ་ནས་ལས་རྣམ་གསར་བ་དང་དཔེ་རྣམ་གསར་བ་བཀོལ་སྤྱོད་བྱེད་པར་སྒོ་འབྱེད་ཁོང་ཡངས་ཀྱི་རྣམ་འགྱུར་འཛིན་པ་དང་གཅུན་སྡོམ་ཚོད་འཛིན་ཇེ་ཉུང་དུ་གཏོང་བ། སྔར་ལས་བསྟོད་སྐུལ་དང་རྒྱབ་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱ་དགོས།  

ལོ་ཙྭ་བ། སྐར་མ་འཚོ། རྟ་མགྲིན་སྐྱབས།