མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་བྱས་པའི2017ལོར་ཕྱི་མིག་བལྟས་ཚེ། “མིག་ལ་མངོན་གསལ་དོད་པོ་ཡིན”པའི་སྦྱངས་འབྲས་ཤོག་བྱང་ཞིག་ལ་ལྟ་བ་དང་མཚུངས།
ཧི་ནན་དང་ཐུན་ཏེ། ཏུའུ་ལན་བཅས་རྫོང་གསུམ་གྱིས་ལོ་རྒྱུས་སྟེང་ཆེས་གཟབ་ནན་ཡིན་པའི་རྒྱལ་ཁབ་ཀྱི་ཕྱོགས་གསུམ་པའི་དཔྱད་དཔག་ཞིབ་བཤེར་རྩིས་ལེན་བརྒྱུད་དེ་བདེ་བླག་ངང་དབུལ་ཕོངས་ཞྭ་མོ་ཕུད། “ཚད་གསུམ་དང་ཡིད་ཚིམ་པ་གཅིག”གི་ཚད་ལ་སླེབས་ཏེ། རྒྱལ་ཡོངས་ཀྱི་དབུལ་ཐར་ཞྭ་མོ་ཕུད་པའི་རྫོང་ཁག་ཉེར་བརྒྱད་ཁྲོད་ཀྱི་མདུན་གྲལ་དུ་སླེབས།
དབུལ་ཕོངས་རྫོང་བདུན་གྱི་ཞྭ་མོ་ཕུད་པ་དང་། དབུལ་ཕོངས་སྡེ་བ་ལྔ་བརྒྱ་ཕྱིར་ཕུད། དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་ལྔ་དབུལ་ཕོངས་ལས་ཐར་བའི་ལོ་འཁོར་མོའི་དམིགས་འབེན་ལས་འགན་བདེ་བླག་ངང་མངོན་འགྱུར་བྱུང་བར་རེ་བ་ཡོད།
ལོ་གསུམ་སྔ་སྣུར་གྱིས་དབུལ་ཕོངས་མི་གྲངས་འབུམ་གཉིས་ཁྲི་དྲུག་དང་སྟོང་བཞི་ལྷག་ལ་ཁྱིམ་འབྱོར་ཐོན་ལས་ལག་བསྟར་བྱས་པ་དང་། འདུན་པ་དང་ནུས་པ་ཡོད་པའི་དབུལ་ཕོངས་མི་གྲངས་འབུམ་བཞི་ཁྲི་གཉིས་དང་སྟོང་དྲུག་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་ཞིང་། དབུལ་ཕོངས་རྫོང་བཅུ་བཞི་ཡི་དབུལ་སྐྱོར་ཐོན་ལས་གླིང་དང་།གྲོང་གསེབ་ཡུལ་སྐོར་ལས་གཞི་ང་གཉིས་ཁྱོན་ཡོངས་ནས་ལས་མགོ་བརྩམས།
སྲིད་ཇུས་དང་། མ་དངུལ། མི་ཤུགས་བཅས་ཀྱིས་རོགས་སྐྱོར་བྱས་པའི་འོག་ཏུ། མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བདེ་བླགས་ངང་ལོ་ངོ་གཅིག་འདས་ཟིན་པ་དང་། དཀའ་སྤྱད་མདུན་སྐྱོད་ཁྲོད་ནས་དགའ་སྤྲོ་སྟེར་ཞིང་མངོན་གསལ་དོད་པའི་སྦྱངས་འབྲས་ཤོག་བྱང་ཞིག་སྤྲད།
“འདི་ལྟར་གླེང་འོས་ཏེ། མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ཐག་གཅོད་རང་བཞིན་གྱི་ཡར་རྒྱས་བྱུང་། དེ་ལས་ཀྱང་མཐོང་འོས་པ་ནི། ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་སྨི་བཞི་སྟོང་ལས་བརྒལ་བའི་མཐོ་སྒང་གི་དཀྱིལ་དབུས་སུ་དབུལ་སྐྱོར་སྤེལ་ན། རི་མཐོ་ལུང་ཟབ་དང་གྲང་ངར་ཆེ་ལ་དབྱང་དབུགས་དཀོན་པ། འགྲིམ་འགྲུལ་སྟབས་མི་བདེ་བ། ཆ་རྐྱེན་སྡུག་ཀྱང་དབུལ་སྐྱོར་གྱི་གྲུབ་འབྲས་དེ་འདྲ་ཆེན་པོ་ཞིག་བླངས་པ་དེ་དོན་དངོས་སུ་བཤད་ན། ཁྱོད་ཚོས་དཀའ་ལས་བརྒྱབ་པ་ནི་ནང་ལོགས་དང་བསྡུར་ན་ལྡབ་འགའི་མཐོ་ཞིང་དངོས་གནས་ལས་སླ་མོ་ཞིག་ག་ལ་ཡིན།”2017ལོའི་ཟླ11པའི་ཚེས15ཉིན། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་ལ་བྱ་བའི་སྙན་ཞུ་འབུལ་སྐབས་གདེང་འཇོག་གང་ལེགས་ཐོབ།
2017ལོ་ནི་དབུལ་ཐར་མཁྲེགས་གཏོར་སྔ་རྗེས་རྒྱུན་མཐུད་དང་། ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་འགག་ཆེ་བའི་ལོ་ཞིག་ཡིན་ལ་ཞིང་ཆེན་ཡོངས་ཀྱིས་དཀའ་བར་མི་སེམས་པར་མདུན་སྐྱོད་དང་། ལས་འགན་ལྗིད་མོ་ཕྲག་ཏུ་ཁུར་ཏེ་མདུན་སྐྱོད་བྱས་པའི་ལོ་ཞིག་ཀྱང་ཡིན།
ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དངོས་གནས་ཆབ་སྲིད་ལངས་གནས་ཇེ་མཐོར་བཏང་བ་དང་། ནུས་ཤུགས་གང་ཡོད་ཀྱིས“མི་འདང་ས་བཞི”ཁ་གསབ་དང་། གནོན་ཤུགས་སྟོབས་ཤུགས་སུ་བསྒྱུར་ཅིང་། གཞན་འགུལ་རང་འགུལ་དུ་བསྒྱུར་ཏེ། “སྟེང་འོག་བརྗེ་བའི་འཐབ་འཛིང”མཐའ་གཅིག་ཏུ་བྱས།
སྐབས་དེའི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་དང་། ཧྲིན་ཀྲང་ཝང་ཅན་ཅུན་དངོས་སུ་མདུན་ཕྱོགས་ལ་སོང་སྟེ་མཛུབ་སྟོན་དང་། ལུས་ཚུགས་སེམས་གནས་ཀྱིས་དབུལ་ཐར་དམ་འཛིན་དང་། མཁྲེགས་གཏོར་ལ་སྐུལ་འདེད་བྱས་ཏེ་ཞིང་ཆེན་ཡོངས་ལ་མིག་དཔེ་བསྟན་ཅིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མཐའ་གཅིག་ཏུ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ལག་བསྟར་བྱས་ཏེ། “གཟེར་རྡེབ”ཀྱི་སྙིང་སྟོབས་དང་། “མེ་ཏོག་གཙགས་པ”ཡི་རྩོལ་བར་བརྟེན་ནས་གནད་དོན་བཅོས་བསྒྱུར་དང་སྲིད་ཇུས་དངོས་འབེབས་ལ་དམ་འཛིན་སྒོས་སྐུལ་འདེད་བཏང་།
ཞིང་ཆེན་ནས་སྔ་གཞུག་ཏུ་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་ཚོགས་འདུ་ཐེངས་བཞི་བ་དང་། ཞིང་ཆེན་ཡོངས་ཀྱི་རང་བཞིན་ལྡན་པའི་ཚོགས་ཆེན་བཀོད་སྒྲིག་བྱ་བ་ཐེངས་གསུམ་པ། ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་དང་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་དང་། ཏང་འཛུགས་དབུལ་ཐར། གླེང་ཕྱོགས་དྲིལ་སྒྲོག་སོགས་ཀྱི་ཆེད་དམིགས་ཚོགས་འདུ་འཚོགས་ཏེ་དངོས་འབེབས་ལ་སྐུལ་འདེད་བཏང་།
ཁྱོན་ཡོངས་ནས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པའི་གནས་སྦྲེལ་ལམ་ལུགས་ལག་བསྟར་དང་། ཞིང་ཆེན་རིམ་པའི་ལས་བྱེད་པ་བརྒྱད་ཀྱིས“འཐབ་ཁུལ”འགན་གཙང་ལེན་གྱིས་འཐབ་འཛིང་ལ་ལྟ་སྐུལ་བྱས་པ་དང་། ཞིང་ཆེན་རིམ་པའི་ལས་བྱེད་པ་སོ་དགུ་གནས་འབྲེལ་རྫོང་དུ་སོང་སྟེ། གནས་དེར་བསྡད་ནས་རྟོག་དཔྱོད་བྱས་ཤིང་། ཡུལ་དངོས་ནས་གནད་དོན་ཐག་བཅད་པ་དང་། སྟོབས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་སྐུལ་འདེད་བཏང་།
གཟབ་ནན་གྱིས་དབུལ་ཐར་མཁྲེགས་གཏོར་འགན་འཁྲིའི་ལམ་ལུགས་ལག་བསྟར་ཞིབ་སྲོལ་དང་རིམ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་འཛིན་པའི་བྱ་བའི་ནང་རྐྱེན་ལག་བསྟར་བྱས་ཏེ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་དང་། འགོ་གཙོ་དང་པོའི་འགན་འཁྲི་དང་པོ་དང་ལས་བགོས་དོ་དམ་འགོ་ཁྲིད་པའི་ཐད་ཀར་འགན་འཁུར་བ་བཅས་དོན་འཁྱོལ་བྱས་པས། མཁྲེགས་གཏོར་ཆིག་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གྲུབ།
2017ལོའི་ཚུན་ལ། རང་ཞིང་གིས“ཉིན་བརྒྱའི་མཁྲེགས་གཏོར”དང“དུས་སྐབས་བཟང་པོར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ།”“དབྱར་དུས་དང་སྟོན་དུས་ཀྱི་རྒོལ་སྟངས”བཅས་ཀྱི་འགུལ་སྐྱོད་བྱས་ནས་གཙོ་གནད་དམ་འཛིན་དང་། དཀའ་གནད་སེལ་བ་རྒྱུན་འཁྱོངས་བྱས་ཏེ། གནད་འགག་ཁྱབ་ཁྱོངས་འབུར་ཐོན་བྱེད་པ་དང་ཉམས་ཞན་ལས་རིམ་དམ་འཛིན་བྱེད་པ། དོན་འཁྱོལ་སྐུལ་འདེད་དམ་འཛིན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གཙོ་གནད་བྱ་བར་ཡར་རྒྱས་གསར་པ་བྱུང་།
གནས་གཞན་ནས་དབུལ་སྐྱོར་བྱེད་པའི་གནས་སྤོའི་བཟོ་སྐྲུན་ནི་དབུལ་ཐར་མཁྲེགས་གཏོར་གྱི“མཚོན་བྱེད་རང་བཞིན་གྱི་བཟོ་འགོད”དུ་གྱུར། 2017ལོའི་ལོ་མཇུག་བར་དུ། 2016ལོར་ཁྱིམ་ཚང་ཁྲི་གཉིས་དང་མི་འབོར་ཁྲི་བདུན་དང་སྟོང་བརྒྱད་གནས་སྤོར་བདེ་འགོད་ལས་གཞིའི་སྡོད་ཁང་དུ་བསྡད་ཚདབརྒྱ་ཆའི་གོ་བརྒྱད་དང་གྲངས་ཆུང་བཞི་སླེབས་ཤིང་། 2017ལོར་ཁྱིམ་ཚང་ཁྲི་གཉིས་དང་སྟོང་ལྔ་དང་མི་འབོར་ཁྲི་དགུ་དང་སྟོང་གཉིས་ཀྱི་གནས་སྤོར་བདེ་འགོད་ལས་གཞི་ཡོད་ཚད་མགོ་ཚུགས་པ་དང་། བཟོ་འགོད་ལེགས་འགྲུབ་བྱུང་ཚད་བརྒྱ་ཆའི་བདུན་ཅུ་ལ་སླེབས། ལོ་གཉིས་ཀར་སྔ་ཕྱི་སྡེབ་རྩིས་བྱས་ན“ལྔ་བཅུ་གསུམ”གྱི་གནས་སྤོར་བདེ་འགོད་འཆར་གཞིའི་བརྒྱ་ཆའི་གྱ་ལྔ་ལེགས་འགྲུབ་བྱུང་བས། རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ཀྱི་བརྒྱ་ཆའི་སུམ་ཅུ་ལས་མཐོ་བ་དང་། སྔོན་རྩིས་བྱས་ན2018ལོའི་ལོ་མཇུག་ཏུ། “ལྔ་བཅུ་གསུམ”གྱི་གནས་སྤོར་བདེ་འགོད་ལས་འགན་ལོ་གཉིས་སྔོན་ལ་འགྲུབ་ཐུབ་པའི་རེ་བ་ཡོད།
སྟོབས་ཤུགས་ཆེན་པོས་ཆེད་དམིགས་དབུལ་སྐྱོར་ལག་བསྟར་བྱས། ལོ་གསུམ་གྱི་སྔོན་ལ་དབུལ་ཁྱིམ་འབུམ་གཉིས་དང་ཁྲི་དྲུག་སྟོང་བཞི་ཡི་སྒོ་ཁའི་ཐོན་ལས་ལག་བསྟར་བྱས་པ་དང་། འདུན་པ་ཡོད་ལ་ནུས་པ་ཡོད་པའི་དབུལ་ཕོངས་མི་གྲངས་འབུམ་བཞི་དང་ཁྲི་གཉིས་སྟོང་དྲུག་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་ཞིང་། དབུལ་ཕོངས་རྫོང་བཅུ་བཞི་ལ་སོ་སོར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་བཀོད་སྒྲིག་བྱས་ནས་དབུལ་སྐྱོར་ཐོན་ལས་གླིང་ལ་རྒྱབ་སྐྱོར་དང་འཕེལ་རྒྱས་བཏང་། དབུལ་སྐྱོར་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དབུལ་ཕོངས་རྫོང་སོ་དགུ་ཡི་ཐོན་ལས་གླིང་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་བས་ལས་ཞུགས་ལས་གནས་སྟོང་བརྒྱད་ཐག་བཅད་པ་དང་། དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་ལྔ་ལ་སྣེ་ཁྲིད་བྱས་ཤིང་།དབུལ་ཕོངས་སྡེ་བའི་ཡུལ་སྐོར་ཐོན་ལས་ཀྱི་ལེགས་ཆར་རྐང་བཙུགས་ཏེ། ཞིང་སྡེའི་ཡུལ་སྐོར་ལས་གཞི་ང་གཉིས་ཁྱོན་ཡོངས་ནས་སྒྲུབ་མགོ་བརྩམས་པ་དང་། སྐྱེ་ཁམས་དབུལ་སྐྱོར་ལ་ཕན་འབྲས་དངོས་ཐོབ་ཅིང་། དབུལ་ཕོངས་མི་གྲངས་ཀྱི་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལྟ་སྲུང་ལས་གནས་ཁྲི་གཉིས་དང་སྟོང་ལྔ་སུམ་བརྒྱ་གསར་དུ་འཕར་སྣོན་བྱུང་ཞིང་། སྔ་ཕྱི་སྡེབ་རྩིས་བྱས་ན་ཁྲི་བཞི་དང་སྟོང་གསུམ་ལྷག་ལ་སླེབས་ཤིང་ཟླ་ཕོགས་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཅིག་ས་ཡ་བཞི་བྱིན།
སྤྱི་ཚོགས་དབུལ་སྐྱོར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁྱོན་ཡོངས་ནས་གཅིག་སྡུད་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་ནང་ཞུགས་ཤིང་། རིམ་པ་སོ་སོའི་ལས་བྱེད་པའི་གནས་སྦྲེལ་དང་གནས་ཁེལ་རོགས་སྐྱོར། ཆ་སྒྲིག་རོགས་སྐྱོར། “གཅིག་སྦྲེལ་གཉིས་རོགས་གསུམ་སྐྱོང”གི་ནང་རྐྱེན་བཙུགས་པ་དང་འཐུས་ཚང་དུ་བཏང་ནས། དབུལ་ཐར་མ་བྱུང་ན་དེར་སྦྲེལ་ལས་བྱེད་པ་སོང་མི་ཆོག་པ་ལག་བསྟར་ནན་མོ་བྱས། ཞིང་ཆེན་ཡོངས་ཀྱིས་ལས་བྱེད་པའི་འབྲེལ་གཏུག་གནས་ཡུལ་སྟོང་གཅིག་དང་སུམ་བརྒྱ་བཅུ་བཙུགས་པ་དང་། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་སྡོད་ལས་བྱེད་པ་སྟོང་བདུན་དང་བརྒྱད་བརྒྱ་རེ་ལྔ་མངག་གཏོང་བྱས་ཏེ། ཏང་ཡོན་ལས་བྱེད་པ་འབུམ་གཅིག་དང་སྟོང་དགུ་ཡིས་དབུལ་ཕོངས་ཁྱིམ་ཚང་འབུམ་གཅིག་དང་ཁྲི་དྲུག་དང་ཆ་སྒྲིག་མཛའ་འབྲེལ་བྱས་པ་དང་། ཀྲུང་དབྱང་གི་ཁེ་ལས་བཅུ་གསུམ་དང་ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་གི་གནས་ཁེལ་དབུལ་སྐྱོར་ལས་ཁུངས་ཉིས་སྟོང་ལྔ་བརྒྱ་ཡིས“རིགས་གསུམ་སྡེ་བ”གཅིག་སྟོང་བརྒྱད་བརྒྱ་ཉེར་བཞི་དང་རོགས་སྐྱོར་ཆ་འགྲིག་གྲོགས་པོ་བསྒྲིགས།
རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།