དམངས་ཀྱི་སེམས་འདུན་ལ་ཉན་ནས་ཆེས་མཛེས་པའི་བོད་རིགས་ཞང་གི་འཚོ་བ་གསར་བ་འབྲི་ཞེས་པ་སྟེ། ཞོང་ཧྭ་རྫོང་བིས་མདོ་ཞང་གིས་ཤུགས་ཆེན་པོའི་སྒོ་ནས་གནད་ཕིགས་དབུལ་སྐྱོར་བྱ་བར་སྐུལ་འདེད་བྱས་པའི་ཟིན་ཐོ།
2018.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 158

 11.jpg

ཞང་དང་གྲོང་རྡལ་ལས་བྱེད་པས་དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་འདྲི་བཞིན་པ། 

22.jpg

ཞིང་བའི་སྤྲོ་ཁྱིམ་གྱི་རྣམ་པ། 

33.jpg

མཚོ་ཤར་དབུལ་སྐྱོར་མཁྲེགས་གཏོར་གྱི་སྣེ་ཁྲིད་མཁན། 

ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་། ཞོང་ཧྭ་རྫོང་བིས་མདོ་ཞང་གིས་བསམ་བློའི་ངོས་ཟིན་ཇེ་དྲག་དང་། དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ནང་རྐྱེན་གསར་སྐྲུན་བྱས་ནས། མུ་མཐུད་དུ་དབུལ་ཐར་མཁྲེགས་གཏོར་བྱ་བའི་དགོས་གཏུག་གི་བསམ་པ་དང་། འགན་འཁྲིའི་བསམ་པ། འགན་འཁུར་བསམ་པ་ཇེ་ཆེར་བཏང་སྟེ། དབུལ་སྐྱོར་བྱེད་ན་སྔོན་ལ་བློ་སྟོབས་ཀྱིས་རྒྱབ་སྐྱོར་བྱེད་པའི་བསམ་ཕྱོགས་སྤྱད་དེ། ཁྱིམ་ཚང་གི་ཐོན་ལས་ལ་དབུལ་སྐྱོར་བྱེད་པ་དང་། གནས་སྐོར་དབུལ་སྐྱོར་སོགས་ལས་གཞི་ལག་བསྟར་བྱེད་པ་བརྒྱུད་དེ། ངལ་རྩོལ་པ་ས་གཞན་དུ་སོང་ནས་ལས་ཞུགས་བྱས་ཏེ་དབུལ་ཐར་བྱེད་པ་དང་སྐྱེ་ཁམས་དབུལ་ཐར། སློབ་གསོ་དབུལ་ཐར། སྨན་བཅོས་རོགས་སྐྱོར་དབུལ་ཐར། མ་མཐའི་འཚོ་བའི་འགན་སྲུང་ལ་བརྟེན་ནས་དབུལ་ཐར་བྱེད་པ་སོགས་ལས་རིགས་དབུལ་ཐར་སྲིད་ཇུས་དངོས་འབེབ་བྱས་པ་དང་། སྲིད་ཇུས་ཀྱི་འགན་སྲུང་ཤུགས་ཚད་ཇེ་ཆེར་བཏང་སྟེ། དབུལ་སྐྱོར་མཁྲེགས་གཏོར་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

གནད་ཕིགས་དབུལ་སྐྱོར་བྱ་བའི་མདུན་གྲལ་དུ་ལངས་པ།

གནད་ཕིགས་དབུལ་སྐྱོར་བྱ་བ་སྤེལ་བ་ནས་བཟུང་། བིས་མདོ་ཞང་གི་དབུལ་སྐྱོར་ལས་བྱེད་པ་སྡེ་བའི་ཞིང་ཁ་སོ་སོར་སོང་ནས་རྟོག་དཔྱོད་ཞིབ་འཇུག་བྱས་མཐར། བིས་མདོ་ཞང་གི་སྡེ་བ་བཅུ་དྲུག་གི་ཁྱིམ་ཚང་སྟོང་གཉིས་དང་ཉེར་བདུན། མི་སྟོང་བརྒྱད་དང་བཞི་བརྒྱ་ཉེར་བཞིའི་ཁྲོད་དབུལ་ཕོངས་སྡེ་བ་ལྔ་ཡོད་པ་དང་། དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་གོ་བཞི། མི་གྲངས་དྲུག་བརྒྱ་དང་གོ་གཉིས་ཡོད་པར་ཤེས། ཉིས་སྟོང་བཅུ་དྲུག་ལོར་དབུལ་ཕོངས་སྡེ་བ་གཉིས་དབུལ་ཕོངས་ལས་ཐར་བར་བྱས་པ་དང་། ཁྱིམ་ཚང་དགུ་བཅུ་གོ་དགུའི་དབུལ་ཕོངས་མི་གྲངས་སུམ་བརྒྱ་དང་ལྔ་བཅུས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད། ཕྱིར་ལྟ་བྱས་ན་དབུལ་ཕོངས་མི་གྲངས་བརྒྱ་དང་དོན་དགུ་གསར་དུ་ཇེ་མང་དུ་སོང་བ་དང་། མིག་སྔར་བིས་མདོ་ཞང་ཡོངས་སུ་བསྡོམས་པས་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་གོ་བཞི་དང་མི་བརྒྱད་བརྒྱ་དོན་གཅིག་ཡོད་ཅིང་། ཉིས་སྟོང་བཅུ་དྲུག་ལོར་ཁྱིམ་ཚང་གོ་དགུ་དང་མི་གྲངས་བཞི་བརྒྱ་སོ་བཞི་ཡོད་པ་རེད། དབུལ་ཕོངས་ཀྱི་ཚད་དེ་ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་གི་བརྒྱ་ཆའི་བཅུ་དང་གྲངས་ཆུང་གསུམ་ནས་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཉིས་རུ་ཇེ་དམའ་རུ་སོང་། ཉིས་སྟོང་བཅུ་བདུན་ལོར་དབུལ་ཕོངས་སྡེ་བ་གསུམ་དང་དབུལ་ཕོངས་མ་ཡིན་པའི་སྡེ་བ་དྲུག་དབུལ་ཐར་བྱེད་རྩིས་ཡོད་པ་དང་། བསྡོམས་པས་ཁྱིམ་ཚང་གོ་དགུ་དང་དབུལ་ཕོངས་མི་གྲངས་སུམ་བརྒྱ་དང་ཞེ་གཉིས་ཡོད་པ་དང་། དེའི་ནང་ཆེས་སྤྱིར་བཏང་གི་དབུལ་ཕོངས་ཁྱིམ་ཚང་ང་བརྒྱད་དང་མི་ཉིས་བརྒྱ་སོ་དྲུག་ཡོད་ཅིང་། མ་མཐའི་འཚོ་བའི་འགན་སྲུང་གི་དབུལ་ཕོངས་ཁྱིམ་ཚང་སོ་བདུན་གྱི་མི་བརྒྱ་དང་དྲུག་ཡོད་ལ། ཉིས་སྟོང་བཅུ་བདུན་ལོར་ཕྱིར་ལྟ་བྱས་ན་དབུལ་བོའི་མི་གྲངས་གོ་ལྔ་གསར་དུ་ཇེ་མང་དུ་སོང་ཡོད་པ་དང་། མིག་སྔར་དབུལ་ཕོངས་ཁྱིམ་ཚང་གོ་ལྔ་དང་མི་བཞི་བརྒྱ་དང་སོ་བདུན་ཡོད་པ་རེད། ཕན་ཚུན་རོགས་སྐྱོར་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་གཅིག་ཡོད་པ་དང་། ཐོན་ལས་འཕེལ་རྒྱས་ལས་གཞིས་ཕན་ཐོགས་བསྐྲུན་པའི་ཁྱིམ་ཚང་ང་བརྒྱད་ཀྱི་མི་ཉིས་བརྒྱ་དང་སོ་དྲུག་ཡོད་པ་དང་། ཐོན་ལས་འཕེལ་རྒྱས་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བདུན་ལྷག་ཡོད་ལ། ཐོན་ལས་འཕེལ་རྒྱས་ཀྱིས་ཁྱད་ཆོས་ལྡན་པའི་གསོ་སྤེལ་ལས་རིགས་བདམས་གསེས་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གིས་ཁ་འཐོར་སྒོས་རྟོལ་མོ་གསོ་སྤེལ་བྱེད་རྒྱུ་གཙོ་བོར་བཟུང་ཡོད།

གནད་ཕིགས་བྱ་བའི་གཏིང་གསལ་བོར་ཤེས་པར་བྱེད་པ་བརྒྱུད་དེ། བིས་མདོ་ཞང་གིས་ནན་ཏན་སྒོས་ཏང་སྲིད་འགོ་ཁྲིད་གཙོ་བོའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ཏེ། གནད་ཕིགས་དབུལ་སྐྱོར་བྱེད་ས་དང་འབྲེལ་འདྲིས་དམ་པོ་བྱས་ནས། ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་ཧྲུའུ་ཅིས་དངོས་སུ་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་དམ་འཛིན་བྱེད་པའི་རྣམ་པ་ཞིག་གྲུབ། གནད་ཕིགས་དབུལ་སྐྱོར་གྱི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་ཐེངས་གཉིས་དང་། གནད་ཕིགས་དབུལ་སྐྱོར་གྱི་ཆེད་དོན་ཚོགས་འདུ་ཐེངས་སུམ་ཅུ་ལྷག་ལ་རྩ་འཛུགས་བྱས་པ་དང་། སྔ་གཞུག་ཏུ་ས་བརྐོ་འཕྲུལ་ཆས་དང་། ཧུབ་རིང་། འཚེམ་བཟོ། སྦྲང་ཆར་འཆར་འགོད། ཕན་ཚུན་རོགས་སྐྱོར་མ་དངུལ་སོགས་ཆེད་དོན་གསོ་སྦྱོང་ཉི་ཤུ་ལྷག་སྤེལ་བ་དང་། གསོ་སྦྱོང་བྱས་པའི་མི་ལྔ་བརྒྱ་ལྷག་ལ་སླེབས་ཡོད། དབུལ་སྐྱོར་ལས་བྱེད་པ་རྩ་འཛུགས་བྱས་ནས་ཞིང་ཆེན་ཕྱི་ནང་གི་གསོ་སྦྱོང་ཐེངས་དྲུག་ཅུ་ལྷག་ལ་ཞུགས་པ་དང་། ཕྱོགས་གཉིས་ཀར་རོགས་སྐྱོར་བྱེད་པའི་ལམ་ལུགས་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཧྲུའུ་ཅི་དང་པོ་དང་སྡེ་བར་སྡོད་པའི་དབུལ་སྐྱོར་བྱ་བའི་མི་སྣ་བཅུ་བདུན་བདམས་ནས་མངགས་གཏོང་བྱས་པ་དང་། དེའི་ནང་ཞིང་ཆེན་གྱིས་མངགས་པའི་ལས་བྱེད་པ་ལྔ་དང་། རྫོང་གིས་མངགས་པའི་ལས་བྱེད་པ་བཅུ་གཉིས་ཡོད། ཞིང་ཆེན་དཔལ་འབྱོར་དང་བརྡ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སློབ་གསོ་ཐིན་སོགས་ལས་ཁུངས་བཅུ་གཅིག་གི་ལས་བྱེད་པ་བརྒྱ་དང་གོ་དགུས་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་གོ་དགུར་ཁ་གཏད་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་མོ་འབུམ་གཉིས་ལྷག་དངོས་འབེབ་བྱས། དབུལ་ཕོངས་མི་གྲངས་ལ་དོ་དམ་བྱེད་པའི་རྩིས་ཐོ་ལས་པའི་བྱ་བ་འཐུས་ཚང་དུ་བཏང་སྟེ། ཁྱིམ་ཚང་ལ་བྱང་བུ་ཡོད་པ་དང་། སྡེ་བར་ལག་དེབ་ཡོད་པ། ཞང་ལ་འབྲི་དེབ་ཡོད་པར་བྱས།

སྡེ་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ནས་དམངས་ཀྱི་དཀའ་ངལ་སེལ་རོགས་བྱས།

དབུལ་སྐྱོར་ཐོན་ལས་ལ་སྐུལ་འདེད་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། འབད་བརྩོན་ཆེན་པོས་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་བྱས། ལོ་ངོ་གཉིས་ཀྱི་རིང་ལ་གཅིག་བསྡུས་མཁྲེགས་གཏོར་བྱེད་པ་དང་། ལོ་ངོ་གསུམ་གྱི་རིང་ལ་སྲ་བརྟན་སྒོས་མཐོར་འདེགས་གཏོང་བའི་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་པ་དེས་ངལ་རྩོལ་ནུས་པ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ལ་བརྟན་འཇགས་ཀྱི་ཡོང་སྒོ་བཙལ་སའི་ཁྱད་ཆོས་ལྡན་པའི་ཐོན་ལས་ཤིག་ཡོད་པར་བྱས།

ཉིས་སྟོང་བཅུ་དྲུག་ལོར། རྒྱུ་ནོར་ཁེ་ཕན་གྱི་རྣམ་པས་རང་མོས་སྒོས་ཁེ་སྤོགས་བགོ་རྒྱུ་ཡོད་པའི་ཁེ་ལས་བདམས་གསེས་བྱས་པ་དང་། བིས་མདོ་ཞང་ཡོངས་ཀྱི་ཉིས་སྟོང་བཅུ་དྲུག་ལོར་དབུལ་ཐར་བྱས་པའི་སྡེ་བ་དྲུག་གི་ཁྱིམ་ཚང་རེ་གཉིས་ཀྱི་མི་ཉིས་བརྒྱ་ང་གསུམ་པོ་མི་རེ་ལ་སྒོར་མོ་སྟོང་ལྔ་དང་བཞི་བརྒྱའི་རོགས་སྐྱོར་མ་དངུལ་ཡོད་པ་དང་། བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གསུམ་ཁྲི་དྲུག་ལྷག་ཡོད་ལ། སྒོར་མོ་དེ་དག་ལྷ་མོ་གྱོན་ཆས་ཚད་ཡོད་ཀུང་ཟིའི་ནང་མ་རྐང་དུ་བཞག་ཅིང་། ཀུང་ཟི་དེས་ལོ་རེར་དབུལ་ཕོངས་མི་གྲངས་ལ་བརྒྱ་ཆའི་བརྒྱད་ཀྱི་སྐྱེད་ཀ་ལྟར་ཁེ་སྤོགས་བགོ་བཞིན་ཡོད་པ་དང་། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་ཆེས་ཐོག་མར་ཁེ་སྤོགས་བགོས་ཤིང་། མི་རེར་ཁེ་སྤོགས་སྒོར་མོ་བཞི་བརྒྱ་དང་སོ་གཉིས་རེ་བགོས། ཉིས་སྟོང་བཅུ་བདུན་ལོར། དབུལ་ཐར་བྱེད་རྩིས་ཡོད་པའི་སྡེ་བ་དགུ་ནས་རྟོག་དཔྱོད་གང་ལེགས་བྱས་པ་བརྒྱུད་དེ་ལག་བསྟར་བྱེད་ཆོག་པའི་ལས་གཞིར་དབྱེ་ཞིབ་བྱེད་པའི་རྨང་གཞིའི་སྟེང་། ཁྱིམ་ཚང་ང་བརྒྱད་ཀྱི་མི་ཉིས་བརྒྱ་སོ་དྲུག་གི་ཐོན་ལས་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བདུན་ལྷག་ཡོད་པ་ཚང་མ་གསོ་སྤེལ་ལས་རིགས་འཕེལ་རྒྱས་ཐད་ལ་བཀོལ་ཏེ། རྟོལ་མོ་ཉོས་ནས་ཁྱིམ་ཚང་གིས་གསོ་སྤེལ་བྱེད་དུ་བཅུག་པ་དང་། སྲིད་གཞུང་གིས་འཕྲོད་བསྟེན་རིམས་འགོག་དང་ཉེན་སྲུང་སོགས་རྗེས་ཕྱོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས། དེ་ལས་གཞན། སྡེ་བ་སོ་སོས་ད་དུང་རོགས་སྐྱོར་ཁང་བཙུགས་པ་དང་། རོགས་སྐྱོར་མ་དངུལ་བཀོལ་ཏེ་དབུལ་ཕོངས་ཁྱིམ་ཚང་ཕན་ཚུན་རོགས་སྐྱོར་ཁང་དུ་ཞུགས་སུ་བཅུག་ལ། དབུལ་ཕོངས་ཁྱིམ་ཚང་རང་མོས་སྒོས་ཕན་ཚུན་རོགས་སྐྱོར་ཁང་འཁོར་བསྐྱོད་བྱེད་པ་དང་། ཁེ་ཕན་ཐོབ་པ་གང་རུང་དུ་ཞུགས་ཆོག རིམ་བསགས་བྱས་ན་ཕན་ཚུན་རོགས་སྐྱོར་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་དྲུག་ཁྲི་བདུན་ལྷག་བཏང་སྟེ་ཐོན་སྐྱེད་འཕེལ་རྒྱས་ཐད་ལ་བཀོལ་བ་སྟེ། གནས་སྐོར་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ་དང་། ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་བྱ་བ། ལོ་འདིའི་ནང་གནས་སྐོར་བ་འབུམ་གཉིས་ལྷག་སྣེ་ལེན་བྱེད་པའི་ཐད་ལ་བཀོལ་ནས། མང་ཡུལ་དང་། ཉ་གཞོང་གཉིས་སྐོར་ཐེངས་བཞི་བའི་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་ནང་བཀོད་པ་དང་། བར་སྐོར་དང་། ར་གཞོང་། གཤོང་ཡུལ། མར་རུ་བཅས་ཀྱང་རྒྱལ་ཡོངས་ཀྱི་གྲོང་གསེབ་གནས་སྐོར་དབུལ་སྐྱོར་གནད་སའི་སྡེ་བའི་ནང་བཞག

སློབ་གསོ་སྔོན་མ་ཡིན་པའི་འཕེལ་རྒྱས་འཐབ་ཕྱོགས་སྔར་ལས་དངོས་འབེབ་བྱས། ཞང་ཡོངས་ཀྱི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་། ཞང་ཡོངས་ཀྱི་བྱིས་པ་སྐྱེས་ཚད་སྟོང་ཆའི་བཅུ་བཞི་གྲངས་ཆུང་བདུན་བརྒྱད་ལ་སླེབས་ཤིང་། རང་བྱུང་གིས་འཕར་ཚད་སྟོང་ཆའི་གསུམ་དང་གྲངས་ཆུང་གཉིས་ལྔར་སླེབས། བུ་བུ་མོ་ཁེར་སྐྱེས་ཀྱི་དཔང་ཡིག་བླངས་པའི་ཁྱིམ་ཚང་གྱ་དྲུག་ལ་སླེབས་ཡོད་ཅིང་། བྱ་དགའི་རོགས་སྐྱོར་སྲིད་ཇུས་ཉམས་སུ་མྱོང་བཞིན་པའི་མི་བརྒྱ་དང་སོ་བཞི་ཡོད་ལ། བྱིས་པ་མ་སྦྲུམ་པའི་སྔོན་ལ་བདེ་ཐང་རྟོག་དཔྱོད་བྱེད་པའི་བྱ་བའི་ཐད་ལ་སྒོར་མོ་མང་པོ་བཏང་། དུས་ལྟར་ཞིང་སྡེའི་བརྡ་འཕྲིན་པ་བཅུ་དྲུག་ལ་ཟླ་ཕོགས་སྒོར་མོ་ཁྲི་གཅིག་དང་སྟོང་དགུ་ལྷག་བྱིན། སྤྱི་ཚོགས་འགན་སྲུང་བཟོ་སྐྲུན་ལ་སྐུལ་འདེད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཉིས་སྟོང་བཅུ་དྲུག་ལོར་མི་སྟོང་བདུན་དང་བརྒྱད་བརྒྱ་ཉེར་བཞི་ཞིང་སྡེའི་རྣམ་པ་གསར་བའི་མཉམ་ལས་སྨན་བཅོས་ཁྲོད་ཞུགས་པ་དང་། མཉམ་ལས་སྨན་བཅོས་ནང་ཞུགས་པའི་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཅིག་ལྷག་གཅིག་བསྡུས་བྱས་པ་དང་། མཉམ་ལས་སྨན་བཅོས་ཁྲོད་ཞུགས་ཚད་བརྒྱ་ཆའི་གོ་ལྔ་གྲངས་ཆུང་དྲུག་ལྷག་ལ་སླེབས་ཤིང་། རྨང་གཞིའི་རྒན་གསོ་མ་དངུལ་སྒོར་མོ་འབུམ་གསུམ་དང་ཁྲི་བདུན་ལྷག་བསྡུས་ནས་ཡར་སྤྲད་པ་དང་། བྱ་བ་ཡོངས་འགྲུབ་བྱས་ཚད་བརྒྱ་ཆའི་གོ་དྲུག་ལྷག་ལ་སླེབས། ཡིག་ཚགས་བཙུགས་པའི་ཚད་དང་། བརྡ་འཕྲིན་མ་ལག་ནང་འཇུག་བྱས་པའི་ཚད། རྩིས་ཐོ་བཙུགས་པའི་ཚད་སོགས་སོ་སོར་བརྒྱ་ཆའི་བརྒྱ་ལ་སླེབས། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་བར། བསྡོམས་པས་མྱུར་སྐྱོབ་རྒུད་སྐྱོབ་ཀྱི་ཕྱེ་རྒྱ་མ་འབུམ་གཅིག་དང་། མ་མཐའི་འཚོ་བའི་འགན་སྲུང་སྒོར་མོ་ས་ཡ་གཅིག་དང་འབུམ་དགུ་ལྷག་དང་། ལྔ་སྐྱོང་ཁྱིམ་ཚང་ལ་སྒོར་མོ་འབུམ་བརྒྱད་དང་ཁྲི་གཉིས་བྱིན་པ་དང་། དམག་ཁུངས་ལས་ཕྱིར་བུད་པའི་དམག་མིར་སྒོར་མོ་འབུམ་གསུམ་དང་ཁྲི་དྲུག་ལྷག་དང་། ལོ་ན་རྒན་པར་ཁ་གསབ་སྒོར་མོ་འབུམ་བརྒྱད་ལྷག་བྱིན། ལོ་ཧྲིལ་བོར་ཞག་སྡོད་དང་། སྒོ་བསྟེན། སྲོག་སྐྱོབ་བྱས་པའི་སྨན་རིན་སྒོར་མོ་ས་ཡ་བདུན་དང་འབུམ་གཉིས་ལྷག་གི་འགྲོ་སོང་རྩིས་ཞུ་བྱས། ཉེན་ཁང་བསྒྱུར་བཅོས་ལས་གཞིའི་ཐད་ལ་སྒོར་མོ་ས་ཡ་བདུན་བཀོལ་བ་དང་། ཞང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ཉིས་བརྒྱ་དང་བརྒྱད་ཅུའི་ཉེན་ཁང་ལེགས་བཅོས་ལས་འགན་ཡོངས་འགྲུབ་བྱས།

དམངས་ཀྱི་བརྩེ་བར་དམ་དུ་འབྲེལ་ནས་སྡེ་བ་རིམ་པའི་གནད་ཕིགས་ཐོན་ལས་སྟོབས་ཤུགས་ལ་མཐོང་ཆེན་བྱས།

བིས་མདོ་ཞང་ནི་བོད་རིགས་རྐྱང་རྐྱང་ཡིན་པའི་ཞང་ཞིག་ཡིན་པ་དང་། ཞང་ཏང་ཨུ་དང་། སྲིད་གཞུང་གིས་ས་གནས་རང་གི་ཁྱད་ཆོས་དང་བསྟུན་པ་དང་། དབུལ་ཕོངས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཁྱད་སྟོབས་ལ་རྒྱབ་བརྟེན་བཅོལ་ཏེ། ཤུགས་ཆེན་པོའི་སྒོ་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ལ་རམ་འདེགས་དང་འཕེལ་རྒྱས་བཏང་ནས། ས་གནས་ཐོན་ལས་ཀྱིས་ས་གནས་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱེད་པར་སྣེ་ཁྲིད་བྱས།
ཤུགས་ཆེན་པོའི་སྒོ་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་། ལྷ་མོ་རྒྱན་གོས་ཁེ་ལས་ནི་བིས་མདོ་ཞང་ར་གཞོང་སྡེ་བ་ན་ཡོད་པ་དང་། དེ་ནི་ས་དེའི་ན་མིང་དུ་གྲགས་པའི་བོད་རིགས་གྱོན་གོས་ལས་སྣོན་ཁེ་ལས་ཞིག་རེད། གྱོན་གོས་ཁང་དེ་ནི་ས་དེའི་དམངས་གཉེར་ཁེ་ལས་པས་ལོ་མང་པོར་འཕེལ་རྒྱས་བཏང་བ་བརྒྱུད་དེ། དྲང་ཕྱོགས་ཀྱི་ལམ་བུར་བསྐྱོད་པ་ཞིག་ཡིན་པ་དང་། ཐོན་རྫས་དག་སི་ཁྲོན་དང་། བོད་ལྗོངས། ཀན་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་མང་པོར་ཁྱབ་ཡོད་པ་རེད། མིག་སྔར། དབུལ་ཕོངས་ཁྱིམ་ཚང་རེ་གཉིས་ཀྱི་མི་ཉིས་བརྒྱ་དང་ང་གསུམ་གྱིས་ཀུང་ཟི་དེའི་ནང་མ་རྐང་བཞག་ཡོད་པ་དང་། ཀུང་ཟི་དེས་བསྡུ་ལེན་བྱས་པའི་ལས་བཟོ་པ་མང་ཆེ་ཤས་དབུལ་ཕོངས་ཁྱིམ་ཚང་གི་གསོ་སྦྱོང་ཐོབ་པའི་མི་སྣ་ཏག་ཏག་རེད། ར་གཞོང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་དབང་ཆེན་སྐྱིད་ནི་ཀུང་ཟི་དེའི་ནང་གི་ལས་བཟོ་པ་ཞིག་ཡིན་པ་དང་། ཉིས་སྟོང་བཅུ་དྲུག་ལོར་ཞང་སྲིད་གཞུང་གི་འབྲེལ་ཡོད་དབུལ་སྐྱོར་སྲིད་ཇུས་ལྟར། ཁོ་མོའི་ཁྱིམ་དུ་མི་རེར་ཆ་སྙོམས་ཀྱིས་རོགས་སྐྱོར་མ་དངུལ་སྒོར་མོ་སྟོང་ལྔ་དང་བཞི་བརྒྱ་རེ་བྱིན་པ་དང་། ཁོ་མོས་ལྷ་མོ་རྒྱན་གོས་ཁེ་ལས་ཀྱི་ནང་དུ་མ་རྐང་བཞག་པས། ལོ་མཇུག་ལ་ཁེ་སྤོགས་བགོ་རྒྱུ་ཡོད་པ་མ་ཟད། ད་དུང་རང་ཉིད་ཀྱིས་ཀྱང་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་དེ་ཟླ་ཕོགས་ལེན་བཞིན་ཡོད་པས། ཁྱིམ་ཚང་གི་དཔལ་འབྱོར་གནས་བབ་སྔར་ལས་ཇེ་བཟང་དུ་སོང་།

རྒྱལ་ཡོངས་ཀྱི་དམར་པོའི་གནས་སྐོར་ཡུལ་ལྗོངས་ཁུལ་བསྐྲུན་ནས་སྡེ་བའི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས། མང་ཡུལ་སྡེ་བ་ནི་རྫོང་མཁར་དང་བར་ཐག་སྤྱི་ལེ་བཅོ་ལྔ་ཡོད་པའི་སར་ཡོད་པ་དང་། གནས་དེའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་དང་། འགྲིམ་འགྲུལ་ཀྱང་སྟབས་བདེ། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་མང་ཡུལ་སྡེ་བ་ད་དུང་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་། རྒྱལ་ཡོངས་ཀྱི་དམར་པོའི་གནས་སྐོར་ཡུལ་ལྗོངས་ཁུལ་ཞིག་རེད། ས་གནས་དེའི་གནས་སྐོར་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། སྡེ་དམངས་རྣམས་དབུལ་ཐར་ཕྱུག་འགྱུར་བྱེད་ཆེད། ཞང་ཏང་ཨུ་དང་། སྲིད་གཞུང་གིས་དབུལ་སྐྱོར་སྲིད་ཇུས་བཀོལ་སྤྱོད་བཟང་པོ་བྱས་ཏེ་སྡེ་དམངས་རྣམས་ཀྱིས་ཞིང་བའི་སྤྲོ་ཁྱིམ་དུ་མ་རྐང་འཇོག་པར་སྣེ་ཁྲིད་བྱས་ནས། སྡེ་མི་རྣམས་ལ་རང་ཁྱིམ་གྱི་སྒོ་ཁ་ནས་ཡོང་སྒོ་བཙལ་ཏུ་བཅུག ཚེ་རིང་རྡོ་རྗེ་ནི་མང་ཡུལ་སྡེ་བའི་སྡེ་མི་ཞིག་ཡིན་པ་དང་། རང་གིས་མ་དངུལ་སྒོར་མོ་འབུམ་གཉིས་གསོག་པ་དང་། སྲིད་གཞུང་གིས་སྒོར་མོ་འབུམ་བཞིས་རོགས་སྐྱོར་བྱས་པ་བརྒྱུད་དེ། བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་བའི་སྤྲོ་ཁྱིམ་ཁང་ཞིག་གཉེར་བ་དང་། ལོ་རེར་འགྲུལ་བ་ཁྲི་གཅིག་ནས་གཉིས་སྣེ་ལེན་བྱེད་བཞིན་ཡོད་ལ། སྤྲོ་ཁྱིམ་ཁང་དེའི་ནང་ལས་ཀ་ལས་བཞིན་པའི་མི་ཚང་མ་ནི་མང་ཡུལ་སྡེ་བའི་ནང་གི་དཀའ་ངལ་ཆེ་བའི་ཁྱིམ་ཚང་དང་སྡེ་བ་གཞན་པའི་མི་ཡིན་ཞིང་། ཁོ་ཚོའི་ཟླ་རེའི་ཡོང་སྒོ་སྒོར་མོ་སྟོང་གཉིས་ནས་སྟོང་གསུམ་བར་རེད། ཞིང་བའི་སྤྲོ་ཁྱིམ་འདི་ལྟ་བུ་ནི་མང་ཡུལ་སྡེ་བ་རུ་ལྔ་ཡོད་པ་དང་། མིག་སྔར་མང་ཡུལ་སྡེ་བའི་དཀའ་ངལ་ཆེ་བའི་ཁྱིམ་ཚང་བཅོ་ལྔའི་མི་རེར་ཆ་སྙོམས་ཀྱིས་སྒོར་མོ་སྟོང་ལྔ་དང་བཞི་བརྒྱ་ཡོད་པ་དང་། སྒོར་མོ་དེ་དག་ཞིང་བའི་སྤྲོ་ཁྱིམ་ལྔ་བོའི་ནང་མ་རྐང་དུ་བཞག་ཡོད། དེ་དང་ཆབས་ཅིག་ཏུ་སྡེ་མི་རྣམས་ཀྱིས་ད་དུང་གནས་འདི་ནས་ཞོར་ལས་གཉེར་ཆོག་པས། ཟླ་ཕོགས་ལེན་ཐུབ་པར་མ་ཟད། ལོ་མཇུག་ལ་ཁེ་སྤོགས་ཀྱང་ལེན་ཆོག་པས། སྡེ་བ་ནང་གི་མི་རྣམས་ཀྱི་ཡོང་སྒོ་སྔར་ལས་ཇེ་མང་དུ་བཏང་།

ལོ་ཙཱ། ཚེ་རིང་སྒྲོལ་མ།