“བཞི་ཅན་ལྔའི་འཐབ་ཇུས”གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་དགུས་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས།
2018.08.02 ཁུངས། ཀློག་གྲངས། 67

གཅིག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཡང་དུས་རབས་གསར་བར་ཞུགས་ཡོད། རྩ་བའི་ཁྱད་ཆོས་ནི་རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་སྒོས་འཕར་སྣོན་འབྱུང་བའི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་ཡོད། མཚོ་སྔོན་ལ་མཚོན་ནས་བཤད་ན། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། ཚད་གཞི་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་དགོས། འདི་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ཐད་ངེས་པར་དུ་གཞི་འཛིན་དགོས་པའི་ཐབས་ལམ་ཞིག་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་བཱང་ཅན་ཅོན་གྱིས་ཉེ་ལམ་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་གཞུང་ལུགས་གླེང་བརྗོད་ཚོགས་འདུའི་སྟེང་། “འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་ཡིན་པས། ང་ཚོས་ལག་བསྟར་ནན་མོ་བྱེད་དགོས” ཞེས་ནན་གྱིས་བསྟན།

གཉིས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བྱ་སྤྱོད་རྩ་འཛིན་ཡིན་ལ། ང་ཚོས་སྟོབས་ཤུགས་གཅིག་སྒྲིལ་དང་དཀའ་ངལ་ཁྱད་བསད་ཀྱི་སྙིང་སྟོབས་ཆེན་པོ་ཡང་ཡིན། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་བྱ་སྤྱོད་ཕྱོགས་སྟོན་ཡིན།

“བཞི་ཅན་ལྔའི་འཐབ་ཇུས”ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཏེ་མཚོ་སྔོན་ནས་གཞི་ཚུགས་པའི་མགོ་རྩོམ་ས་ཡིན་ལ། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་། སྐབས་སོ་སོའི་ཞིང་ཆེན་ཏང་ཨུ་བཅས་ཀྱིས་བཏོན་པའི་མཚོ་སྔོན་གྱི་བྱ་བའི་ཁ་ཕྱོགས་ཏེ། བབ་བསྟུན་མདུན་སྐྱོད་སྒོས་གཏིང་ཟབ་ཏུ་གཏོང་བ་དང་ཇེ་ཞིབ་ཏུ་གཏོང་བ། ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། ལག་ལེན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ལེན་དགོས།

ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚངས་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བྱེད་པར་དམ་པོར་དམིགས་ནས་གཅིག་གྱུར་སྒོས་སྐུལ་འདེད་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་། “བཞི་ཅན་ལྔའི་འཐབ་ཇུས”གཏིང་ཟབ་སྒོས་ལག་བསྟར་བྱེད་པ། སྤུས་ཚད་དང་པོ་དང་ཕན་འབྲས་སྔོན་ཐོབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གིས་སྤུས་ཚད་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། སྤུས་ཚད་མཐོར་འདེགས་སུ་གཏོང་བའི་བྱ་སྤྱོད་ནན་ཏན་སྒོས་སྤེལ་ཏེ། ནུས་ཤུགས་ཡོད་དགུས“མིང་གྲགས་ཆེ་བའི་མཚོ་སྔོན”འཛུགས་སྐྲུན་བྱས་ཏེ། “དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི”འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་སྤུས་ཚད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།

གསུམ། མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་ནི་སྐྱེ་ཁམས་ཡིན་ལ། འགན་འཁྲི་ཆེས་ཆེ་བ་ཡང་སྐྱེ་ཁམས་ཡིན་པ་དང་། སྦས་ཤུགས་ཆེས་ཆེ་བ་ཡང་སྐྱེ་ཁམས་རེད། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ད་གཟོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུ་སྤུས་མཐོ་བའི་འཚོ་བ་བསྐྲུན་པ་མངོན་འགྱུར་བྱེད་ཐུབ། ང་ཚོས་ངེས་པར་དུ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དང་དུ་བླངས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ་དམ་འཛིན་བྱེད་པ་དང་། རང་བྱུང་ལ་བརྩི་བཀུར་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་ནས། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་བཅས་གཅིག་གྱུར་ཡིན་པ་མངོན་འགྱུར་བྱ་དགོས་ལ། མཛེས་སྡུག་གི་ཀྲུང་གོ་དང་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

མིག་སྔར། མཚོ་སྔོན་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིམ་པ་ཆེས་དམའ་བའི་གནས་སུ་ཡོད་ལ། འགལ་བ་གཙོ་བོ་ནི་འཕེལ་རྒྱས་མི་འདང་ལ་དོ་མཉམ་མིན་པ་རེད། དེ་ནི་ང་ཚོས་གནད་དོན་བསམ་པ་དང་བྱ་བ་སྒྲུབ་པ། ཇུས་ཆོད་འདོན་པའི་ཚད་གཞི་རེད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་མཐོ་ཚད་ནས་ལངས་ཏེ། ངེས་ཤེས་མཐོར་འདེགས་དང་མཐོང་རྒྱ་བསྐྱེད་པ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇུས་འགོད་བྱེད་དགོས།

ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ལ། བརྟན་བརླིང་ཁྲོད་དུ་གོང་འཕེལ་ཡོད་པ་དང་། གོང་འཕེལ་ཁྲོད་དུ་གསར་གཏོད་ཡོད་པ། གསར་གཏོད་ཁྲོད་དུ་བརྩོན་པ་ཡོད་པའི་ཁྱད་ཆོས་མངོན་པར་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་འདིང་དགོས། ང་ཚོས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་ཡིད་ཆེས་ཀྱང་བརྟན་པོ་ཡོད་དགོས། ཐོག་མཐའ་བར་གསུམ་དུ་བདེ་ཐང་ཡར་བརྩོན་གྱི་རྣམ་འགྱུར་བཟུང་ནས། སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་གོ་སྐབས་འཚོལ་ཞིབ་བྱེད་པ། ཚན་རིག་ལྟར་འཆར་འགོད་བྱེད་པ། བཅོས་སྒྱུར་གསར་གཏོད་བྱེད་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་དགུས་དཀའ་ཁག་ཐག་གཅོད་དང་བརྟན་འཇགས་འཕར་སྣོན་དམ་འཛིན་བྱེད་པ། ཞན་ཆ་དང་མི་འདང་སར་ཁ་གསབ་བྱེད་དགོས།

བཞི། “ཏན་ཏན་ཏིག་ཏིག་བཞིའི”རེ་བ་གལ་ཆེན་ནི་མཚོ་སྔོན་གྱི་བྱ་བ་བཟང་བོར་སྒྲུབ་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་ཚད་གཞི་མཐོ་བའི་འཚོ་བ་གསར་སྐྲུན་གྱི་གཞི་འཛིན་ས་རེད།

ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་ཏེ་གཙོ་གནད་དུ་བཟུང་ནས། མགྱོགས་མྱུར་སྒོས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་། དཔལ་འབྱོར་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ། འཕར་སྣོན་གྱི་སྒུལ་ཤུགས་བསྒྱུར་ཏེ། སྤུས་ཚད་མཐོ་བའི་ཞིང་ཆེན་གྱི་འཐབ་ཇུས་ལག་བསྟར་བྱེད་དགོས། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་ཐོན་ཁུངས་གྲོན་ཆུང་ཐད་ཕན་འབྲས་ཐོན་དུ་འཇུག་པ། ཁོར་ཡུག་བཅོས་སྐྱོང་གི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་ས་ཁོངས་ལྗང་བསྒྱུར་གྱི་ཚད་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་ལམ་ལུགས་འཛུགས་པ་བཅས་ཀྱི་བྱ་སྤྱོད་ཆེན་པོ་ལྔ་བཟང་བོར་སྤེལ་ཏེ། མཚོ་སྔོན་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག སྐྱེ་ཁམས་ཁྱད་སྟོབས་བཅས་སྲུང་སྐྱོབ་དང་བེད་སྤྱོད་བཟང་བོ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་འཛུགས་དགོས།

ཏན་ཏན་ཏིག་ཏིག་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་བཟང་བོར་སྒྲུབས་ཏེ། འབུར་དུ་ཐོན་པའི་དམངས་ཚིས་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། རྨང་གཞིའི་སྤྱི་པའི་ཞབས་ཞུ་ལ་ཤུགས་སྣོན་བྱེད་པ་དང་གཞི་རྩའི་དམངས་ཚིས་འགན་སྲུང་ལ་ཤུགས་སྣོན་པ། གཞི་རིམ་གྱི་རྨང་གཞིའི་བྱ་བར་ཤུགས་སྣོན་པ་བཅས་བྱས་ཏེ། མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ལྡན་ཚད་ཇེ་མཐོར་གཏོང་དགོས།

ཏན་ཏན་ཏིག་ཏིག་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་དགོས་པ་དང་། ཏང་ཡོན་ལས་བྱེད་པས་འགན་དུ་ཁུར་ཕོད་པ། ཏང་འཛུགས་འགན་ཁུར་དངོས་བསྒྱུར་དང་དཔུང་སྡེའི་ནུས་པ་ཇེ་ལེགས་སུ་གཏོང་བ། རྩ་འཛུགས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ། བྱེད་སྟངས་འཛུགས་སྐྲུན་བྱ་བར་བསྒྱུར་བ་བཅས་ཀྱི་བྱ་བ་དམ་འཛིན་བཟང་བོ་བྱས་ཏེ། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ཚད་གཞི་དམ་པོ་བྱས་ནས། སྲིད་གཞུང་གི་སྲིད་སྐྱོང་ནུས་ཤུགས་དང་ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས།

ལྔ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། སྤྱིའི་རེ་བ་དང་གཞི་རྩའི་རྩ་དོན་དམ་འཛིན་བྱས་ནས། མངའ་ཁོངས་གཙོ་བོ་དང་བྱེད་ཐབས་གསལ་བོ་བྱེད་དགོས།

ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་དང་ནུས་ཁུངས་གཙང་མ་བེད་སྤྱོད། ཁྱད་ལྡན་ཞིང་ཕྱུགས་ལས། རིག་གནས་གནས་སྐོར་ཐོན་ལས་སོགས་ནི་མཚོ་བོད་ཀྱི་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཁྱབ་ཁོངས་གཙོ་བོ་རེད། སྤུས་ཚད་དང་པོ་ཡིན་པའི་རིན་ཐང་གི་ཁ་ཕྱོགས་སྲ་བརྟན་དུ་བཏང་ནས། གཞི་རྩའི་དམིགས་ཡུལ་གྱི་དགོས་མཁོ་སྐོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁེ་ལས་གཙོ་བོའི་རྨང་གཞིའི་རེ་བ་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་གསར་སྐྲུན་གྱི་བྱེད་ཐབས་ཐབས་ལམ་གསར་སྐྲུན་བྱེད་པ་བཅས་ནི་སྤུས་ཚད་རིམ་སྤར་བྱེད་པའི་གནད་འགག་ཏུ་བརྩིས་ཏེ། ཕྱོགས་ཡོངས་ནས་ཐོན་རྫས་དང་བཟོ་སྐྲུན། ཞབས་ཞུ། ཁོར་ཡུག་བཅས་སྤུས་ཚད་ཆེན་པོ་བཞི་རིམ་པ་སྤར་དགོས་པའི་གནད་འགག་ཏུ་བརྩིས་ཏེ། མགྱོགས་མྱུར་སྒོས་གྲངས་ཀྱི་འགྱུར་ལྡོག་ཏེ་ངོ་བོའི་འགྱུར་ལྡོག་ཏུ་བསྒྱུར་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཏེ་གཞི་གྲངས་རྗེས་འདེད་བྱེད་པ་ནས་སྤུས་ཚད་ཀྱི་རྗེས་འདེད་བྱེད་པར་བསྒྱུར་དགོས་ལ། སྤུས་ཚད་བཟང་བོས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཤུགས་ཆེན་པོ་སྣོན་དགོས།

ཚད་གཞིའི་དཔེ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མིང་གྲགས་ཐོན་རྫས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་བ། སྤུས་ཚད་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བ། སྤུས་ཚད་ཀྱི་ནུས་ཤུགས་གཅིག་ཏུ་བསྡུས་ཏེ། མི་ཚང་མས་སྤུས་ཚད་ལ་གདེང་འཇོག་བྱེད་པ་དང་སྤུས་ཚད་གསར་སྐྲུན་བྱེད་པ། སྤུས་ཚད་རོལ་མྱོང་བྱེད་པ་བཅས་སྤྱི་ཚོགས་ཡོངས་ཀྱི་རང་འགུལ་བྱ་སྤྱོད་དང་གོམས་སྲོལ་ལེགས་པོ་རུ་བསྒྱུར་དགོས།

“མཉམ་སྤེལ་བཞི”ལ་དམིགས་ཏེ། ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་བྱས་ནས། བཟོ་ལས་ཀྱི་གྲུབ་ཚུལ་སྤྱི་ཇེ་ལེགས་དང་རིམ་པ་སྤར་བར་སྐུལ་འདེད་བྱེད་དགོས། བཟོ་ལས་ཅན་དང་མཁར་གྲོང་ཅན་ཕན་ཚུན་འཁོར་སྐྱོད་བཟང་བོ་བྱེད་པར་སྐུལ་འདེད་བྱས་ནས། བཟོ་ལས་ཅན་གྱིས་མཁར་གྲོང་ཅན་ལ་སྒུལ་ཤུགས་དང་གསོན་ཤུགས་སྣོན་པ་དང་། མཁར་གྲོང་ཅན་གྱིས་བཟོ་ལས་ཅན་ལ་བར་སྟོང་གི་ཐེག་ནུས་འདོན་སྤྲོད་བྱས་ཏེ་ཕན་ནུས་སྐུལ་འདེད་བྱེད་པ་མངོན་འགྱུར་བྱེད་དགོས། མཁར་གྲོང་ཅན་དང་ཞིང་ལས་དེང་རབས་ཅན་ཕན་ཚུན་མཐུན་སྦྱོར་བྱེད་པར་སྐུལ་འདེད་བྱས་ཏེ། བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་འདེད་བྱེད་པ་དང་། མཁར་གྲོང་གིས་གྲོང་རྡལ་ལ་སྣེ་ཁྲིད་པ། མཁར་གྲོང་གཅིག་གྱུར་འཆར་འགོད་བྱེད་པའི་རྣམ་པ་གསར་བ་ཆགས་དགོས།

དྲུག ཚད་གཞི་མཐོ་བའི་འཚོ་བ་ནི་སློབ་གསོ་སྔར་ལས་བཟང་བོ་མྱོང་བ་དང་། བྱ་བ་སྔར་ལས་བརྟན་འཇགས་ཡིན་པ། ཡོང་སྒོ་སྔར་ལས་ཡིད་ཚིམས་པ། སྤྱི་ཚོགས་འགན་སྲུང་སྔར་ལས་འགན་ལེན་ཡིན་པ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་སྔར་ལས་མཐོ་བ། སྡོད་གནས་ཀྱི་ཆ་རྐྱེན་སྔར་ལས་སྐྱིད་པ། ཁོར་ཡུག་སྔར་ལས་མཛེས་པ། རིག་དངོས་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པ་བཅས་ཡིན་ལ། རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་པ་གདེང་འཇོག་བྱས་ཏེ། སྔར་ལས་འདྲ་མཉམ་དང་དྲང་བདེན་གྱི་སྤྱི་ཚོགས་ཁོར་ཡུག་དང་ལས་རིགས་ཀྱི་ཉམས་ཞིབ་བརྩོན་ལེན་བྱས་ནས། སྔར་ལས་ངོ་སོ་ཡོད་པ་དང་གཟི་བརྗིད་ལྡན་པའི་མཛེས་སྡུག་བདེ་སྐྱིད་ཀྱི་འཚོ་བར་རེ་སྒུག་བྱེད་དགོས།

ཚད་གཞི་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་དགོས་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་འདེགས་སྐྱོར་བྱེད་དགོས་ལ། སྲིད་གཞུང་དང་ཁེ་ལས། སྤྱི་ཚོགས། མང་ཚོགས་བཅས་སྣ་མང་དང་གྲུབ་ཆ་གཙོ་བོའི་མཉམ་དུ་ཟབ་ཞུགས་དང་མཉམ་དུ་ཧུར་བརྩོན་བྱས་ཏེ། མཉམ་དུ་སྐུལ་འདེད་བྱེད་དགོས།

སློབ་གསོ་དང་སྨན་བཅོས། ལས་ཞུགས། རྒན་གསོ། སྡོད་ཁང་། བཙོག་སྐྱོན་སྔོན་འགོག མི་སྒེར་ཆ་འཕྲིན་བདེ་འཇགས་སོགས་དམངས་ཚིས་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། སྤྱི་པའི་ཞབས་ཞུའི་འདོན་སྤྲོད་ཐབས་ལམ་ཕན་ནུས་ཡོད་པའི་སྒོ་ནས་རྒྱ་བསྐྱེད་བྱེད་དགོས་ལ། སྤྱི་པའི་ཞབས་ཞུ་སྤུས་ཚད་ཅན་དང་འདྲ་མཉམ་ཅན་དུ་འཕེལ་རྒྱས་བྱེད་པར་སྐུལ་འདེད་བྱས་ཏེ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་སྤྱི་ཚོགས་ཀྱི་བྱ་བ་སྒྲུབ་མཁན། སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་ཁུངས། སྡོད་ཁུལ་གྱི་བྱེད་ནུས་བཅས་འདོན་སྤེལ་གང་ལེགས་བྱས་ནས། རྒྱ་ཆེའི་མང་ཚོགས་ལ་ཆེད་ལས་ཅན་དང་སྤུས་ཚད་མཐོ་བའི་སྤྱི་ཚོགས་ཞབས་ཞུ་འདོན་སྤྲོད་བྱས་ཏེ། དགོས་མཁོ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པ་དང་། དངོས་ཡོད་འཚོ་བའི་ཁྲོད་འཕྲད་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་རྩ་འཛུགས་ཅན་དང་དམངས་གཙོ་ཅན་གྱི་གནས་ཚད་མཐོར་འདེགས་སུ་བཏང་ནས། མང་ཚོགས་ཟབ་ཞུགས་དང་དྲང་བདེན། ཁྲིམས་སྐྱོང་། བདེ་འཇགས་བཅས་ཀྱི་དགོས་མཁོ་སྐོང་དགོས།

བདུན། “བསྒྱུར་བ་བཞི”ཡིས་མཚོ་སྔོན་འཕེལ་རྒྱས་ཀྱི་ཆོས་ཉིད་དང་དུས་རིམ་རང་བཞིན་གྱི་ཁྱད་གཤིས་ལེགས་པར་མཚོན་ཡོད། དེ་ནི“ཏན་ཏན་ཏིག་ཏིག་བཞིའི”རེ་བ་གལ་ཆེན་དངོས་འབེབ་བྱེད་པའི་ཐབས་ལམ་ཡིན་ལ། མགྱོགས་མྱུར་སྒོས་དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེ་བ་དང་། སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་དགོས། མགྱོགས་མྱུར་སྒོས་མི་གྲངས་ཉུང་བའི་ཞིང་ཆེན་ཆུང་བ་ནས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ཞིང་ཆེན་ཆེ་བར་བསྒྱུར་དགོས། མགྱོགས་མྱུར་སྒོས་ས་གནས་འཕེལ་རྒྱས་ལ་ཞིབ་འཇུག་བྱེད་པའི་འཐབ་ཇུས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་བསྒྱུར་དགོས། མགྱོགས་མྱུར་སྒོས་རོང་འབྲོག་པའི་སྣ་གཅིག་གི་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་བཅས་སྐྱེ་ཁམས་ཐོན་སྐྱེད་འཚོ་བའི་འཁོར་རྒྱུག་བཟང་བོར་བསྒྱུར་དགོས། མི་གཙོ་བོར་འཛིན་པ་དང་ཆོས་ཉིད་ལ་བརྩི་མཐོང་བྱེད་པ། རང་བྱུང་དང་བསྟུན་པ། ཁོར་ཡུག་ལ་བདག་སྐྱོང་བྱེད་པ་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་སྐྱེད་འཕེལ་རྒྱས། འཚོ་བ་འབྱོར་ཕྱུག་གི་ཕྱོགས་ཡོངས་ནས་མཉམ་པར་རྒྱལ་ཁ་ལེན་པའི་བགྲོད་ལམ་ཅིག་བསྐྲུན་དགོས།

བརྒྱད། དུས་རབས་གསར་བར་འགན་འཁྲི་གསར་བ་དང་སྤྱོད་སྟངས་གསར་བ་ཡོད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་ཚད་གཞི་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་རང་སྟེང་གི“འཇོན་ནུས་བཞི”ནི་གཞི་རྩའི་འགན་ལེན་ཡིན་ལ། ཏང་ཡོན་ལས་བྱེད་པའི་བྱང་ཚད་མཐོར་འདེགས་སུ་གཏོང་བའི་སྟེང་འབད་བརྩོན་བྱེད་དགོས།

སློབ་སྦྱོང་དང་ཆབ་སྲིད་ཀྱི་འགོ་ཁྲིད་འཇོན་ནུས་ཇེ་དྲག་ཏུ་བཏང་སྟེ། སློབ་སྦྱོང་ལ་གནད་ཆེའི་འདུ་ཤེས་དང་རང་རྟོགས་རང་བཞིན་ལྡན་དགོས་ལ། ཧུར་ཐག་གིས་ཤེས་བྱ་གསར་བ་དང་འདུ་ཤེས་གསར་བ་ཁོང་དུ་ཆུད་དགོས་ལ། ལག་ལེན་ལ་བརྟེན་ནས་ཞིབ་དཔྱད་བྱེད་དགོས། སློབ་སྦྱོང་དང་ལག་ལེན་ཁྲོད་ལས་བྱེད་པའི་འཇོན་ནུས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་སྟོབས་དང་ནུས་པའི་རྒྱབ་སྐྱོར་བྱེད་དགོས། བཅོས་སྒྱུར་གསར་སྐྲུན་དང་ཚན་རིག་འཕེལ་རྒྱས་ཀྱི་འཇོན་ནུས་ལ་ཤུགས་བསྣན་ཏེ། འཕེལ་རྒྱུན་ཆད་དུ་འཇུག་མི་རུང་ལ། དངོས་ཐོག་བདེན་འཚོལ་དང་བབ་བསྟུན་མདུན་སྐྱོད་ཀྱི་ཚན་རིག་གི་རྣམ་འགྱུར་གྱིས་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཡང་དག་པར་བྱེད་པ་དང་། ཧུར་ཐག་གིས་བསམ་བློ་ཞིབ་མོ་བཏང་སྟེ། བཅོས་སྒྱུར་གསར་སྐྲུན་གྱི་ཁ་གཏད་ནུས་པ་ཇེ་མཐོར་གཏོང་དགོས། ཁྲིམས་ལྟར་སྲིད་སྐྱོང་བ་དང་མང་ཚོགས་ཀྱི་བྱ་བའི་འཇོན་ནུས་ཇེ་དྲག་ཏུ་བཏང་སྟེ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཧུར་ཐག་གིས་ཁྲིམས་སྐྱོང་གི་བྱང་ཚད་ཇེ་མཐོར་བཏང་ནས། བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་བྱས་ཏེ། མི་དམངས་ཀྱི་བློ་སེམས་གཅིག་ཏུ་སྒྲིལ་ནས་མང་ཚོགས་ཀྱི་འདོད་བློ་སྐོང་བ་དང་། མང་ཚོགས་ཀྱི་དགོས་གཏུག་གནད་དོན་ཐག་གིས་བཅད་ནས། མང་ཚོགས་ལ་བྱ་བ་སྒྲུབ་པའི་ཕན་འབྲས་ཇེ་མཐོར་གཏང་དགོས། དངོས་འབེབ་དམ་འཛིན་དང་ཉེན་ཁར་གདོང་གཏོད་ཐུབ་པའི་འཇོན་ནུས་ཇེ་དྲག་ཏུ་བཏང་སྟེ། ཧུར་ཐག་གིས་དངོས་སྒྲུབ་དངོས་གཉེར་བྱེད་པ་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་གནས་པའི་གནད་དོན་དང་ཉེན་ཁར་འཕྲད་སྐབས་ཐག་གཅོད་བྱེད་པའི་བློ་རིག་དང་ནུས་པ་ལྡན་དགོས།

དགུ དེང་སྐབས་ནས2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་སྐབས་ཡིན་ལ། སྤུས་ཚད་མཐོར་འདེགས་སུ་གཏོང་བའི་མཁྲེགས་གཏོར་དུས་སྐབས་ཀྱང་ཡིན། ང་ཚོས་སྔོན་དུ་བསམ་དགོས་པ་དང་སྔོན་དུ་བསྐྱོད་དགོས་པ། སྔོན་དུ་སྒྲུབ་དགོས་ལ། ཏན་ཏིག་གིས“བཞི་ཅན་ལྔའི་འཐབ་ཇུས”ལ་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་ཚད་གཞི་མཐོ་བའི་འཚོ་བ་གསར་སྐྲུན་བྱས་ཏེ། མགོ་རྩོམ་ས་གསར་བའི་སྟེང་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།