ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་བཱང་ཅན་ཅོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིན་གྱིས་མཚོ་ནུབ་ཁུལ་ནས་རྟོག་ཞིབ་མཛད་སྐབས་མཚོ་ནུབ་ཁུལ་གྱིས་ཏང་བཅོས་སྐྱོང་དང་ཏང་དོ་དམ་བྱེད་པའི་འགན་འཁྲི་གཙོ་གནད་དུ་བཟུང་ནས། སྒྲུབ་སྟངས་གསར་བའི་ཐད་ཧུར་ཐག་གིས་དངོས་འབེབ་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།
མཚོ་ནུབ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་རིགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། འགོ་ཁྲིད་ནས་འཛིན་པ་དང་དཔུང་སྡེའི་སྣེ་ཁྲིད་པ། གཞི་རིམ་གྱི་ནུས་པ་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། ཏང་གི་གསར་སྐྲུན་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་ཤུགས་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་སྐུལ་འདེད་བྱས་ཏེ། སྤྱོད་བཟང་གཞུང་དྲང་གི་ལས་སྒྲུབ་ཁོར་ཡུག་བསྐྲུན།
མཚོ་ནུབ་ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡཱང་ཡའོ་ཏུང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྔོན་ལ་ཡི་གེ་སྦྱངས་བ་དང་ཞོར་དུ་ལས་ཀ་སྒྲུབ་པ། གཟབ་ནན་གྱིས་སྒྲུབ་པ་བཅས་བྱས་ནས། མུ་མཐུད་དུ“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོབ་སློབ་གསོ་རྒྱུན་ལུགས་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་བྱས་ཏེ། “སྐར་ལྔ་རིམ་པའི་ཏང་ཀྲི་པུའུ”ལེགས་བཟོ་བྱེད་པ་ཚད་གཞིར་བརྩིས་ནས། མུ་མཐུད་དུ་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བར་རྣམ་པ་གསར་བ་བསྐྲུན། “ང་ཚོས་བསམ་བློའི་གཞུང་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཏང་གཤིས་བློ་སྦྱོང་སྟེང་འབད་བརྩོན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པ། བཅོས་སྒྱུར་འཕེལ་རྒྱས་སྟེང་འབད་བརྩོན་ལྷོད་མེད་བྱེད་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་སྲོལ་སྲིད་གཙང་དང་རང་སྟེང་གི་སྒྲིག་ལམ་ནན་མོ་བྱེད་ཚད་ཇེ་བརྟན་དུ་གཏོང་དགོས། ལམ་ལུགས་དངོས་འབེབ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ལས་ཁུངས་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་པའི་ཤུགས་ཇེ་དྲག་ཏུ་གཏོང་དགོས། ” རྗེས་ཕྱོགས་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ལས་ཁུངས་ཏང་འཛུགས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩིས་ནས། ནུས་ཤུགས་ཡོད་དགུས“མཚོ་སྔོན་གསར་བའི་སྙིང་སྟོབས”དར་སྤེལ་བྱེད་པ་དང་། “ལྔ་བཞིའི་འཐབ་ཇུས”གཏིང་ཟབ་སྒོས་ལག་བསྟར་བྱེད་པ། སྟོབས་ཤུགས་ཡོད་དགུས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཅས་ལ་སྐུལ་འདེད་བྱས་ཏེ་ཁུལ་ཐད་གཏོགས་ལས་ཁུངས་སུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་དགོས། “སློབ་པ་གཉིས་དང་བྱེད་པ་གཅིག” གཞི་རྩའི་ནང་དོན་བྱེད་པ་དང་། “ཚོགས་གསུམ་ཁྲིད་གཅིག”གཞི་རྩའི་ལམ་ལུགས་བྱེད་པ། ཏང་ཀྲི་པུའུ་གཞི་རྩའི་ལས་ཁུངས་བྱེད་པ་བཅས་བྱས་ནས། ཉིན་རྒྱུན་ཟབ་ཞུགས་དང་རྒྱུན་པར་དམ་འཛིན་བྱས་ཏེ། རྩ་འཛུགས་ཀྱི་འགན་འཁྲི་གང་ལེགས་སྒོས་སྒྲུབ་པར་ཁག་ཐེག་བྱེད་དགོས། རྩ་འཛུགས་ཀྱིས་འགན་ནུས་ལག་བསྟར་ལེགས་པོ་བྱེད་པ་དང་སྲོག་ཤིང་གི་ནུས་པ་འདོན་པར་ཁག་ཐེག་བྱས་ནས། ཏང་ཡོན་ཡོངས་ཀྱིས་ཏང་གཤིས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་གདོང་མཆོང་དཔེ་སྟོན་གྱི་ནུས་པ་འདོན་པར་ཁག་ཐེག་བྱེད་དགོས་ལ། ལས་ཁུངས་ཀྱི་ཕན་ནུས་མཐོར་འདེགས་སུ་བཏང་བ་བརྒྱུད་བྱ་བའི་ཀུན་སྤྱོད་དམ་འཛིན་བྱེད་པ་དང་། ཞིབ་ཕྲ་དང་དོན་ཆུང་ནས་འགོ་བརྩམས་ཏེ། ལས་ཁུངས་ཀྱི་ཕན་ནུས་མཐོར་འདེགས་ཀྱི་བླང་བྱ་ཞིབ་མོ་དུས་རྒྱུན་གྱི་བྱ་བའི་ཁྲོད་དངོས་འབེབས་བྱས་ནས། ལས་ཁུངས་ཀྱི་ཕན་ནུས་མཐོར་འདེགས་ལ་བརྟེན་ནས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་མཐོར་འདེགས་སུ་གཏོང་དགོས། རྩ་འཛུགས་འཚོ་བའི་ཚོགས་འདུ་བརྒལ་གཏོར་བྱེད་སར་བརྩིས་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བ་དང་། སྔོན་ཐོན་ཏང་ཀྲི་པུའུ་ཡི་ཁྲིད་སྟོན་སྣེ་ཁྲིད་ནུས་པ་བཏོན་ནས། སྐར་ལྔ་རིམ་པའི་ཏང་ཀྲི་པུའུ་བསྐྲུན་པ་དང་། ཚད་གཞི་ཟུང་གི་དཔྱད་ཞིབ་དོ་དམ་སྤེལ་ནས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ། ཁུལ་ཐད་གཏོགས་ལས་ཁུངས་སུ་གོང་ནས་འོག་བར་དུ་རིམ་པ་རེ་རེ་བཞིན་མིག་དཔེ་བསྐྲུན་དགོས། འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་མིག་དཔེའི་ནུས་པ་འདོན་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འཚོ་བ་འཐུས་ཚང་དང་ཚད་ལྡན་དུ་བཏང་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་ལྡན་ཅན་དུ་བསྒྱུར་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གཉིས་དངོས་འབེབས་ནན་མོ་བྱེད་པ་དང་། འགན་འཁྲི་གཙོ་བོ་ཞིབ་གསལ་དུ་བཏང་ནས། འགན་འཁྲི་གསལ་བོར་འགོད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་གཉིས་ཀྱི་སྙན་ཞུ་དང་། བསྐོང་འདྲི། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཏང་ཡོན་ལས་བྱེད་པར་དངོས་འདོམས་དངོས་ནན་དང་འདོམས་ཕོད་ནན་ཕོད། ཡུན་འདོམས་ཡུན་ནན་བཅས་བྱེད་པར་ལྟ་སྐུལ་བྱེད་དགོས་ཟེར།
མཚོ་ནུབ་ཁུལ་རྒྱལ་ཁོངས་ཐོན་ཁུངས་ཅུའུ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧན་མེན་ཞུང་གིས་བཤད་རྒྱུར། ང་ཚོས་དུས་རྒྱུན་དུ་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དྲག་པོས་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲི་གཙོ་བོའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། ཏང་ཡོན་ལས་བྱེད་པའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རང་འགུལ་གྱིས་རྒྱུས་ལོན་དང་། ཁོ་ཚོའི་བསམ་ཕྱོགས་དྲན་ཚུལ་ལ་རྒྱུས་ལོན་བྱས་ཤིང་། འགན་འཁྲི་གཉིས་དངོས་འབེབས་བྱེད་པར་དམ་དུ་དམིགས་པ་དང་། ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ནུས་པ་ལེགས་པོར་བཏོན་ནས། ཁུལ་ཡོངས་ཀྱི་རྒྱལ་ཁོངས་ཐོན་ཁུངས་མ་ལག་གི་ཏང་སྲོལ་སྲིད་གཙང་བསྟུད་མར་ཇེ་བཟང་དུ་བཏང་བ་ཡིན། རྗེས་ཕྱོགས་ང་ཚོས་བྱེད་ཐབས་སྣ་མང་སྤྱད་ནས། ཏང་ཡོན་གྱི་བརྗོད་དོན་ཉིན་མོ་དང་། ཀུན་སྤྱོད་འཆད་ཁྲིད། གཅིག་བསྡུས་སློབ་སྦྱོང་ཉིན་མོ་སོགས་དང་སྦྲེལ་ཏེ། ཏང་ཡོན་ལས་བྱེད་པའི་རང་གཅུན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་དངོས་སུ་ཇེ་དྲག་ཏུ་བཏང་ནས། ཏང་ཡོན་ལས་བྱེད་པར་རང་རྟོགས་ཀྱིས་རང་ལ་སྡོམ་གཅུན་བྱེད་དུ་འཇུག་པ་དང་། སྲིད་གཙང་གི་བྱ་བ་ནམ་ཡང་ལྷོད་པ་མེད་པར་དམ་འཛིན་གྱིས་འབད་བརྩོན་ཆེན་པོས་ཏང་འདོམས་ཏང་སྐྱོང་གི་འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པའི་ཐད་ནས་གྲུབ་འབྲས་གསར་པ་ལེན་རྒྱུ་ཡིན་ཟེར།
མཚོ་ནུབ་ཁུལ་དཔྱ་ཁྲལ་ཅུའུ་ཡི་ཀྲི་པུའུ་ཧྲུའུ་ཅི་གཉིས་པ་ཁྲིན་ཅུས་ཕིན་གྱིས་བཤད་རྒྱུར། “འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་དེ་ཏང་ཀྲི་པུའུ་ཡི་བྱ་བའི་གཙོ་གནད་དུ་བཞག་པ་དང་། ཀྲི་པུའུ་ཡི་བྱ་བ་སྤེལ་བ་བརྒྱུད། ཁྲལ་སྡུད་ལམ་ལུགས་བཅོས་སྒྱུར་དང་སྡེ་ཁག་སོ་སོའི་བྱེ་བྲག་གི་ལས་སྒོའི་བྱ་བར་སྐུལ་འདེད་བྱས་ཏེ། མཚོ་ནུབ་ཀྱི་དཔྱ་ཁྲལ་ལས་དོན་གྱི་འཕེལ་རྒྱས་དང་ས་གནས་དཔལ་འབྱོར་འཛུགས་སྐྲུན་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།” ང་ཚོས་སློབ་སྦྱོང་ནན་མོ་བྱས་ཏེ། “འགན་འཁྲི་གཉིས”ཀྱི་འདུ་ཤེས་གོ་དོན་ལ་ངོས་ཟིན་ཟབ་མོ་བྱས་ནས། ཀྲི་པུའུ་ཡི་བསམ་བློས་ཏང་འཛུགས་བྱ་བར་དམ་འཛིན་བྱེད་དགོས། གཅིག་བསྡུས་སྒོས་སློབ་སྦྱོང་སློབ་གསོ་དང་དཔེ་མཚོན་གྱི་གྱོད་གཞི་ལ་སློབ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། ཆེད་སྒྲིག་སློབ་སྦྱོང་སོགས་ལ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཀྲི་པུའུ་ཏང་ཡོན་གྱི་ཕུགས་འདུན་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་དགོས། ཀྲི་པུའུ་ལམ་ལུགས་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ནས། ལས་གནས་ཀྱི་བྱ་བ་ནན་ཏན་སྒོས་སྒྲུབ་དགོས་པ་དང་། ལམ་ལུགས་དངོས་འབེབ་བྱེད་པ་ནས་མགོ་བརྩམས་ཏེ། ཧུར་ཐག་གིས་ལས་ཁུངས་ཏང་ཨུའི་བཀོད་སྒྲིག་བྱས་པའི་ཏང་འཛུགས་བྱ་བ་སྣ་ཚོགས་དངོས་འབེབ་བྱེད་དགོས་ཟེར།
མཚོ་ནུབ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཏུན་ཞའོ་ཧོང་གིས་བཤད་རྒྱུར། “དེ་སྔོན། ཏང་ཀྲི་པུའུ་ཡིས་ཚོགས་གསུམ་ཁྲིད་གཅིག་དང་དམངས་གཙོའི་ཏང་ཡོན་ལ་གྲོས་བསྡུར་བྱེད་པ། སེམས་ཞིབ་མོས་ཁ་བརྡ་བྱེད་པ། རྩ་འཛུགས་འཚོ་བའི་ཚོགས་འདུ་དང་ཏང་ནང་ཁུལ་གྱི་སློབ་སྦྱོང་སོགས་འཆར་འགོད་བྱ་བའི་ཁྲོད་ཆད་པའི་མ་ལག་ལ་གཏིང་ཟབ་སྒོས་ཞིབ་འཇུག་བྱས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ང་ཚོས་སློབ་སྦྱོང་རྣམ་པ་དང་ཞབས་ཞུའི་རྣམ་པ། གསར་སྐྲུན་རྣམ་པའི་ལས་ཁུངས་ཏང་ཀྲི་པུའུ་གསར་འཛུགས་བྱེད་པ་གོ་སྐབས་སུ་བརྩིས་ནས། ནུས་ཤུགས་ཡོད་དགུས་བསམ་བློ་དང་རྩ་འཛུགས། བྱེད་སྟངས། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ། ལམ་ལུགས་འཛུགས་སྐྲུན་བཅས་དམ་འཛིན་བཟང་བོ་བྱས་ནས། ཧུར་ཐག་གིས་དབང་བོ་སྐྱོན་ཅན་མཉམ་འབྲེལ་ཨུ་ཡོན་ལྷན་ཚོགས་ཀྱི་ལས་ཁུངས་ཏང་ཀྲི་པུའུ་འཛུགས་སྐྲུན་དེ་དབང་བོ་སྐྱོན་ཅན་ལ་ཞབས་ཞུ་དང་། འཕེལ་རྒྱས། མི་སེམས་གོང་བུར་འགྲིལ་བ། འཆམ་མཐུན་བཅས་ལ་སྐུལ་སྤེལ་བྱེད་པ་དང་འཐབ་འཛིང་བཙན་རྫོང་གི་ནུས་པར་སྐུལ་འདེད་བྱེད་དགོས། ” ཆབ་སྲིད་ལ་སློབ་སྦྱོང་དང་ཚད་གཞི་ཇེ་མཐོར་གཏོང་བར་ཤུགས་བསྣན་ནས། ཀྲི་པུའུ་ཡི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཏང་ཀྲི་པུའུ་ཡི་འགན་འཁྲི་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ནས། ནུས་ཤུགས་ཡོད་དགུས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། སྤྱོད་པ་གཙང་ཞིང་ལྷག་བསམ་རྣམ་དག་གིས་གཞུང་དོན་སྒྲུབ་པ། ཞབས་ཞུ་སྒྲུབ་སྤྲོ་བ་བཅས་ཀྱི་དཔུང་སྡེ་བཙུགས་ནས། དབང་བོ་སྐྱོན་ཅན་གྱི་གྲོགས་པོ་རྣམས་ལ་ཡོད་ཚད་འབུལ་བའི་ཏང་ཡོན་ལས་བྱེད་ཀྱི་དཔུང་སྡེ་བསྐྲུན་དགོས། “ལས་རྐང་གཅིག་ལ་འགན་འཁྲི་གཉིས”ཡོད་པའི་འགན་འཁྲི་གཙོ་བོ་དངོས་འབེབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཏང་ཀྲི་པུའུ་ཡིས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་བྱེད་དགོས་པ་དང་། དངོས་གནས་ཏང་གི་སྒྲིག་ཡིག་གི་འགན་འཁྲི་ལག་བསྟར་བྱེད་དགོས་ལ། ཆབ་སྲིད་ཀྱི་འདུ་ཤེས་དང་འགན་འཁྲིའི་ཐེག་ནུས་ཇེ་དྲག་ཏུ་བཏང་སྟེ། ཀྲི་པུའུ་ཧྲུའུ་ཅི་ཡི་སྲོག་ཤིང་གི་བྱེད་ནུས་འདོན་སྤེལ་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་ལག་བསྟར་བྱས་ཏེ། རང་ཉིད་ཀྱི་དོན་དངོས་བྱ་སྤྱོད་ཀྱིས་ལས་བྱེད་མི་སྣར་དཔེ་སྟོན་སྣེ་ཁྲིད་བཟང་བོ་བྱས་ནས་དུས་རབས་གསར་བའི་གདོང་ལེན་དཔེ་སྟོན་གྱི་བྱེད་ནུས་འདོན་དགོས། “འགན་འཁྲི་གཉིས”ཀྱི་རྩིས་ཐོའི་དོ་དམ་ལམ་ལུགས་ཁྱབ་སྤེལ་བྱེད་པ་དང་གཅིག་བསྡུས་གསོ་སྦྱོང་། ཉེན་བརྡའི་སློབ་གསོ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་དགོས་གཏུག་རང་བཞིན་དང་། དཀའ་ཚེགས་རང་བཞིན། རྙོག་འཛིང་རང་བཞིན་བཅས་ཀྱི་ངོས་ཟིན་ཇེ་དྲག་ཏུ་གཏོང་དགོས་ཟེར།
གཞི་རིམ་ནི་ཏང་གི་སྲིད་སྐྱོང་གི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ལྟ་བུ་ཡིན། ཀྲི་པུའུ་ཡི་བྱ་བ་དམ་འཛིན་བྱས་པ་བཟང་མིན་དང་ཀྲི་པུའུ་ལ་འཐབ་འཛིང་གི་ནུས་པ་ལྡན་མིན་དེ་ཀྲི་པུའུ་ཧྲུའུ་ཅི་ཡིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དངོས་སུ་ལག་བསྟར་བྱས་མིན་དང་། འགོ་ཁྲིད་ཀྱི་སྣེ་ཁྲིད་ནུས་པ་དངོས་སུ་འདོན་སྤེལ་བྱས་ཡོད་མེད་ལ་ཐད་ཀར་དུ་འབྲེལ་ཡོད།
གཏེར་ལེན་ཁ་གྲོང་ཁྱེར་བཟོ་ལས་གླིང་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲིག་ཞོ་ཡུན་གྱིས་བཤད་རྒྱུར། “ད་ལྟའི་བར་དུ། ང་ཚོས་ཏང་འཛུགས་བྱ་བ་དེ་སྡོད་ཁུལ་གྱི་ཁྱོན་ཡོངས་ཀྱི་བྱ་བར་བརྩིས་ནས་འཆར་འགོད་སྐུལ་འདེད་བྱས་པ་དང་། འགོ་ཁྲིད་ཚན་ཁག་དམ་འཛིན་བྱས་ནས་དཔུང་སྡེའི་སྣེ་ཁྲིད་དང་། ལས་གཞི་དམ་འཛིན་བྱས་ནས་ཞབས་ཞུར་ཤུགས་སྣོན་པ། འགན་སྲུང་དམ་འཛིན་བྱས་ནས་རྨང་གཞི་སྲ་བརྟན་དུ་གཏོང་བ། སྤྱོད་ཚུལ་དར་སྤེལ་བྱས་ནས་སྤྱོད་གཙང་ལ་སྐུལ་འདེད་བྱེད་པ། རྐྱེན་སྲོལ་དམ་འཛིན་བྱས་ནས་འགན་འཁྲི་གསལ་བོ་བཅས་བྱས།” འགན་འཁྲིར་འགན་ལེན་བྱེད་ཐུབ་པ་དང་། འགན་ལེན་བྱེད་ཐུབ་ཚེ་ད་གཟོད་སྒྲུབ་སྟབས་ཡོད་སྲིད། རྗེས་ཕྱོགས། ང་ཚོས“གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་སྐད་ཆར་ཉན་པ། ཏང་གི་རྗེས་འབྲངས་བའི”དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་དེ་གོ་སྐབས་སུ་བརྩིས་ནས། སྡོད་ཁུལ་དུ་སློབ་སྦྱོང་གི་དར་སྲོལ་བཟང་བོ་ཆེས་ཆེར་སྤེལ་བ་དང་། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ། འགན་འཁྲིའི་འདུ་ཤེས་གཙོ་བོ་ཇེ་དྲག་ཏུ་གཏོང་བ་དང་། ཏང་དོ་དམ་གྱི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། ཏང་འཛུགས་བྱ་བའི་འགན་འཁྲིའི་ལམ་ལུགས་དངོས་འབེབ་བྱེད་པའི་སྣེ་ཁྲིད་དེ། དངོས་གནས་རང་འཛུགས་ཀྱི་འགན་འཁྲི་དང་པོའི་མི་སྣས་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས། ཏང་ཀྲི་པུའུ་འགོ་ཁྲིད་རང་སྟེང་གི་འཛུགས་སྐྲུན་ལེགས་པོར་སྒྲུབ་ནས། ཏང་ཀྲི་པུའུ་འགོ་ཁྲིད་ཚན་ཁག་གི་ནུས་པ་གཙོ་བོ་འདོན་སྤེལ་ལེགས་པོ་བྱེད་དགོས་ལ། ཀྲི་པུའུ་ཡི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས། ཀྲི་པུའུ་ཏང་ཡོན་གྱི་སློབ་གསོའི་དོ་དམ་ལ་ཤུགས་བསྣན་ཏེ། ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས་ཟེར།
གཏེར་ལེན་ཁ་བཟོ་དོན་ཁག་གཏེར་ལེན་ཁ་ལམ་ཐིག་འཁོར་ཁང་གི་ཏང་གི་སྤྱིའི་ཀྲི་པུའུ་ཧྲུའུ་ཅི་སའོ་ལེན་གྱིས་བཤད་རྒྱུར། སྔོན་ཆད་ང་ཚོས་ཏང་ཡོན་གྱི་བསམ་བློའི་སློབ་གསོའི་དོ་དམ་དང་ཏང་ཀྲི་པུའུ་ཡི་བཙན་རྫོང་ནུས་པ་འདོན་སྤེལ། ཏང་ཡོན་གྱི་མིག་དཔེ་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ་སོགས་ཀྱི་ཐད་ལ་མི་འདང་ས་མང་པོ་གནས་ཡོད། རྗེས་ཕྱོགས་སུ་ང་ཚོས“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་གྱི་ལམ་ལུགས་གནད་འགག་ཏུ་བརྩིས་ནས། ཏང་ཡོན་གྱི་བསམ་བློའི་སློབ་གསོ་དམ་འཛིན་དང་། བསམ་བློ་དང་རིག་གཞུང་གིས་རང་ཉིད་ལ་དྲག་ཆས་སྤྲས་ཏེ། གཞི་རིམ་གྱི་ཏང་འཛུགས་དང་ཀྲི་པུའུ་ཡི་བྱ་བར་མཛུབ་སྟོན་བྱེད་རྒྱུ་ཡིན་པ་དང་། ཏང་བཅོས་སྐྱོང་དང་ཏང་དོ་དམ་གྱི་འགན་འཁྲི་གཙོ་བོ་དངོས་འབེབ་དང་། “ཚོགས་གསུམ་ཁྲིད་གཅིག”དངོས་འབེབ་ནན་མོ་བྱེད་པ། རྩ་འཛུགས་འཚོ་བའི་གྲོས་ཚོགས་ཀྱི་གསོན་ཤུགས་འདོན་སྤེལ་བྱེད་པ། ཏང་ཡོན་གྱིས་བདེ་འཇགས་འགན་སྲུང་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ནུས་པ་སྐུལ་སྤེལ་བྱས་ཏེ། འགྲིམ་འགྲུལ་གྱི་སྟོབས་ལྡན་རྒྱལ་ཁབ་དང་ལྕགས་ལམ་སྔོན་སྐྱོད་ཀྱི་གོ་རིམ་ཁྲོད་སྔོན་སྐྱོད་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཏང་ཀྲི་པུའུ་ཡི་ནུས་པ་འདོན་སྤེལ་དང་། རྒྱ་ཆེའི་ཏང་ཡོན་ལ་ཁྲིད་སྟོན་དང་སྣེ་ཁྲིད་དེ། བདེ་འཇགས་ཐོན་སྐྱེད་ཁྲོད་རྐང་འཛིན་གྱི་ནུས་པ་བཟང་བོ་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར།
ལོ་ཙཱ་བ། ཤ་བོ་རིན་མཚོ།