ཞུན་ཧྭ་རྫོང་ཀ་རིང་ཤང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕར་བའི་ལམ་བུ་གསར་པ་ཧུར་བསྐྱེད་ཀྱིས་འཚོལ་ཞིབ་བྱས་པ།
2018.10.12 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 46

མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཞང་ཏང་ཨུ་ཡིས་དོན་དངོས་གཞིར་བཟུང་ནས་མགོ་རྩོམ་པ་རྒྱུན་འཁྱོངས་བྱས་ཏེ།    ས་བབ་དང་བསྟུན་ཞིང་རིགས་དབྱེ་མཛུབ་སྟོན་གྱིས་ཀ་རིང་ཞང་གི་དོན་དངོས་དང་མཐུན་པའི་དཔལ་འབྱོར་འཕར་བའི་ལམ་བུ་ཞིག་ཧུར་བརྩོན་གྱིས་འཚོལ་ཞིབ་བྱས་པ་རེད།    ད་ལོའི་སྡེ་བའི་ཐུན་མོང་དཔལ་འབྱོར་བཟོ་སྐྲུན་ལས་གཞི་ལག་བསྟར་བྱས་པ་བརྒྱུད།  སྔོན་རྩིས་ལྟར་ན།  2020ལོའི་ལོ་སྨད་ལ་ཐོན་དུས་ཞང་ཡོངས་ཀྱི་སྡེ་བ11པོའི་སྡེ་བའི་ཐུན་མོང་དཔལ་འབྱོར་ཁྱོན་ཡོངས་ནས་མངོན་འགྱུར་བྱ་རྒྱུ་རེད།

སྡེ་བ་སོ་སོའི་དོན་དངོས་གནས་ཚུལ་གཞིར་བཟུང་སྟེ།  ཞང་ཏང་ཨུ་ཡིས་སྡེ་བ11པོ་རིགས་གསུམ་དུ་བགར་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་དེ་གཞི་རིམ་ཏང་འཛུགས་དང་ལས་སྒྲུབ་གྲོས་འདོན་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་དུ་བཞག་ནས་འཕེལ་རྒྱས་སུ་གཏང་རྒྱུ་རེད།     ཏང་ཡོན་མང་ཚོགས་ཀྱི་བསམ་འཆར་གྲོས་གཞི་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་ཡང་དང་བསྐྱར་དུ་ཞིབ་འཇུག་གྲོས་བསྡུར་བྱས་ཏེ།     སྡེ་བའི་ཐུན་མོང་དཔལ་འབྱོར་བཟོ་སྐྲུན་འཕེལ་རྒྱས་ཀྱི་ལས་གཞི་གཏན་འཁེལ་བྱ་རྒྱུ་རེད།

ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ཡི་རོགས་སྐྱོར་འོག   ཤུག་རི་སྡེ་བའི་སྡེ་དམངས་ཚོས་མ་རྐང་འཇོག་པའི་རྣམ་པའི་ཞུན་ཧྭ་རྫོང་ཤུག་རི་བོད་ཆང་ཚད་ཡོད་ཀུང་ཟི་བཙུགས་པ་དེ།   སྡེ་བ་དེའི་ཐུན་མོང་དཔལ་འབྱོར་ལས་གཞི་ཐོག་མ་ཡིན་ལ།  མཐའ་འཁོར་གྱི་ར་ལུང་བ་སོགས་སྡེ་བ་གསུམ་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་སྣེ་ཁྲིད་བྱས་ཏེ།  ཀུང་ཟིར་རང་བསྙལ་ཆང་འདོན་སྤྲོད་བྱས་ནས་དཔལ་འབྱོར་ཡོང་འབབ་འཕར་དུ་བཅུག  ཀ་རིང་ཞང་ཡར་རྐ་སྡེ་བ་དང་མར་རྐ་སྡེ་བས་ཡུལ་སྐོར་མཛེས་ལྗོངས་དང་སྐྱེ་ཁམས་སྤྲོ་གསེང་།  རིག་གནས་བྱ་འགུལ་གཞི་གཅིག་ཅན་གྱི་ཞང་སྡེའི་ཡུལ་སྐོར་ལས་གཞི་ལག་བསྟར་བྱས་པ་མ་ཟད།   དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱས་པ་བརྒྱུད།   ཡུལ་སྐོར་ལས་གཞིའི་ཁྲོད་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤྲོ་གསེང་གླིང་ཀ་དང་མཉམ་ལས་ཁང་།  ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱེད་ས་སོགས་འཛུགས་སྐྲུན་བྱས་ཏེ།  དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱས་ནས་ཡོང་འབབ་འཕར་བར་སྣེ་ཁྲིད་བྱས་ལ།     ཆུ་བཟང་སྡེ་བས་དངོས་པོ་སྡེ་ཁག་དང་མཉམ་འབྲེལ་བྱས་པའི་ལུག་ཤའི་སྐྱེ་ཁམས་གསོ་སྤེལ་ལས་གཞི་ལག་བསྟར་བྱས་ཏེ། གསོ་སྤེལ་ལས་རིགས་མཉམ་འབྲེལ་ཁང་གསར་འཛུགས་བྱས།    ཚོང་གཉེར་ཡོང་འབབ་དང་མ་རྐང་ཡོང་འབབ་བགོ་བྱ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཐུན་མོང་གི་ཡོང་འབབ་ཇེ་མང་དུ་བཏང་བ་རེད།

ཀ་རིང་ཞང་ཏང་ཨུ་ཡིས་ཏང་རྩ་འཛུགས་དེ་ཆབ་སྲིད་ཀྱི་སྣེ་ཁྲིད་པར་བརྩིས་ཤིང་། ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཏེ། ཡོང་འབབ་ཐད་ནུས་པ་གང་ལེགས་འདོན་སྤེལ་བྱས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕར་བ་མངོན་འགྱུར་བྱེད་པའི་རྨང་གཞིའི་སྟེང་། ཏན་ཏིག་སྒོས་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་དང་ལྡན་པར་བཏང་ཞིང་།  མང་ཚོགས་ལ་དངོས་ཕན་ཐོབ་ཐུབ་པ་དང་། ཞིང་སྡེ་འཕེལ་རྒྱས་ལ་གཏིང་ཤུགས་ཀྱང་སྣོན་ཐུབ་པར་བྱས་ཏེ། ནུས་ཡོད་སྒོས་ཞིང་གསུམ་བྱ་བ་བདེ་བླག་ངང་འཕེལ་རྒྱལ་འགྲོ་བར་སྐུལ་འདེད་དང་། ཞང་སྡེ་དར་སྤེལ་ལ་སྐུལ་སྤེལ་བྱས།

ལོ་ཙཱ་བ། རྟ་མགྲིན་སྐྱབས།