མཚོ་སྔོན་གྱི་སྐྱེ་ཁམས་ཕྱུགས་ལས་ཀྱིས་ལོ་ངོ་བཅུ་ལ་ཧུར་བརྩོན་བྱས་ཏེ་ཕུགས་འདུན་གསར་པ་བསྐྲུན་པ།
2018.10.30 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

2008ལོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་ཞིང་གི་དོན་དངོས་ལ་རྐང་བཙུགས་ཤིང་རྒྱང་རིང་ལ་དམིགས་ཏེ། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཇུས་ཆོད་གལ་ཆེན་བཏོན་པ་དང་། 2018ལོའི་བར། རང་ཞིང་གིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱས་ནས་ལོ་ངོ་བཅུ་འགོར་ཟིན།

ལོ་ངོ་བཅུའི་རིང་ལ། ང་ཚོས་དཀའ་སྤྱད་འཚོལ་ཞིབ་དང་། དམ་འཛིན་དངོས་གཉེར་བྱས་ཏེ། འབྲོག་ཁུལ་དང་འབྲོག་དམངས་ཀྱི་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་བར་མ་ཟད། རྩྭ་སའི་ཕྱུགས་ལས་ཀྱི་ཐོན་སྐྱེད་གྲུབ་ཆ་གཅིག་སྡུད་གང་ལེགས་བྱས་པ་དང་། སྲོལ་རྒྱུན་ཕྱུགས་ལས་ཀྱི་ཐོན་སྐྱེད་བདག་གཉེར་བྱེད་པའི་རྣམ་པར་བདེ་བླག་ངང་འགྱུར་ལྡོག་བཏང་སྟེ། སྔོན་ཐོན་དང་དཔེ་མཚོན་ལྡན་པ་སྐོར་ཞིག་སྐྱེད་སྲིང་བྱས་ཤིང་། རྩྭ་ས་དང་སྒོ་ཕྱུགས་དོ་མཉམ་ཡོང་བར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། འབྲོག་ཁུལ་གྱི“སྐྱེ་ཁམས་དང་འཚོ་བ།ཐོན་སྐྱེད”བཅས་ཕྱོགས་ཡོངས་ནས་མཉམ་དུ་རྒྱལ་བ་མངོན་འགྱུར་བྱུང་།

2008ལོར། རང་ཞིང་གིས་རྩྭ་ས་དང་ཕྱུགས་ལས་འཕེལ་རྒྱས་ཀྱི་བྱ་བར་ཁ་གཏད་དེ། རྒྱལ་ཡོངས་ནས་སྔོན་ལ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་ལག་ལེན་མགོ་བརྩམས་པ་དང་། སྔོན་གྱི་ཉམས་མྱོང་ཟུར་ལྟ་བྱེད་ས་མེད་ཅིང་། རྗེས་ཀྱི་དཔེ་དབྱིབས་གཡར་ལེན་བྱ་རྒྱུ་མེད་པའི་གནས་ཚུལ་འོག་ཚོད་ལྟ་དང་ཚོད་ལྟའི་ཁུལ་སྔོན་ལ་ལག་བསྟར་བྱས་པས། རང་ཞིང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་བགྲོད་ལམ་སྟེང་གོམ་སྟབས་སྔར་ལས་བརྟན་པོ་ཞིག་ཏུ་གྱུར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་མེ་ལོང་སྡེ་བ་ནི་དམིགས་བསལ་གྱིས་སྔོན་ལ་སྤེལ་བའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་ཚོད་ལྟ་བྱ་ཡུལ་ཞིག་ཡིན་ཞིང་། མེ་ལོང་མཉམ་ལས་ཁང་སྒྲིག་འཛུགས་བྱས་ཏེ་ཚོད་ལྟའི་གོམ་པ་ཐོག་མ་སྤོས་པ་དང་། འཚོལ་ཞིབ་གསར་གཏོད་བྱས་པ། གཅིག་གྱུར་སྲ་བརྟན་བཏང་བ་སོགས་ལོ་ངོ་གཉིས་ལྷག་གི་འཕེལ་རྒྱས་བརྒྱུད་རྗེས། བདེ་བླག་ངང“མ་རྐང་མཉམ་ལས་ལམ་ལུགས”གཙོ་བོ་ཡིན་པའི“མེ་ལོང་དཔེ་དབྱིབས”རྙེད་དེ། སྡེ་བ་ཡོངས་ཀྱི་འབྲོག་ཁྱིམ་དང་། རྩྭ་ས། ཕྱུགས་ཟོག་བཅས་བརྒྱ་ཆའི་བརྒྱ་མཉམ་ལས་ཁང་གི་མ་རྐང་དུ་ཞུགས་ཤིང་། ནང་རྐྱེན་དང་སྒྲིག་སྲོལ་གྱི་ཐོག་ནས་འབྲོག་ཁུལ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་འཚམ་པའི་ལྗང་མདོག་གི་དམངས་ཕྱུག་ལམ་བུ་ཞིག་དང་ཕྱུགས་ལས་རྣམ་པ་བསྒྱུར་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྙེད་དེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་དཔེ་མཚོན་མ་དཔེ་དང་ལེགས་གྲུབ་དཔེ་དབྱིབས་སུ་གྱུར།

འབྲོག་པའི་ཕྱུགས་ཟོག་མ་རྐང་དུ་འཇོག་པ་དང་། ངལ་རྩོལ་ནུས་པ་དང་ཆེད་ལས་བགོས་པ། ལས་ཀ་པས་ངལ་རྩོལ་ལྟར་གླ་ཆ་ལེན་པ། རྩྭ་ས་མ་རྐང་དུ་འཇོག་པ། མ་རྐང་གི་མང་ཉུང་ལྟར་ཁེ་སྤོགས་བགོ་བཤའ་རྒྱག་པ། ཐོན་སྐྱེད་དམིགས་ཚད་གྲངས་ཀ་ཅན་དུ་གཏོང་བའི་མ་རྐང་མཉམ་ལས་ལམ་ལུགས་བདག་གཉེར་དཔེ་སྲོལ་གྱིས་འབྲོག་པའི་ཡོང་སྒོ་ཉིན་རེ་ལས་ཉིན་རེར་མངོན་གསལ་དུ་གྱུར་ཞིང་། 2017ལོའི་བར་དུ། མེ་ལོང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མི་རེའི་ཆ་སྙོམས་ཡོང་སྒོ2008ལོ་ལས་ལྡབ་གསུམ་དང་གྲངས་ཆུང་གསུམ་འཕར།

སྐབས་དེར་སླེབས་དུས། མེ་ལོང་དཔེ་དབྱིབས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་ཁ་ཕྱོགས་ལ་སྣེ་ཁྲིད་པ་དང་། མཚོ་སྔོན་གྱི་རྒྱ་ཆེ་བའི་འབྲོག་ཁུལ་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ཕན་འབྲས་བྱུང་ཞིང་། ཞིང་ཆེན་དང་གྲོང་ཁྱེར་ཁུལ་སོ་སོས་མ་རྐང་ལམ་ལུགས་བཅོས་བསྒྱུར་བྱས་ཏེ། རང་ཉིད་ཀྱི་འཕེལ་རྒྱས་ལ་འཚམ་པའི་དཔེ་དབྱིབས་འཚོལ་ཞིབ་བྱས།

ཡུལ་ཤུལ་ཁུལ་གྱིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བརྒྱ་དང་གྱ་ལྔ་སྒྲིག་འཛུགས་བྱས་ཏེ། ནོར་གནག་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ཞིང་། ཧུར་ཐག་གིས་ཆུ་དམར་ལེབ་ཀྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བསྐྲུན། མགོ་ལོག་ཁུལ་གྱི་རྫོང་དྲུག་ལས་དགའ་བདེ་རྫོང་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐོད་བརྒལ་བྱེད་ས་བྱས་པ་དང་། མ་རྐང་བཅོས་བསྒྱུར་ལ་གྲུབ་འབྲས་མངོན་གསལ་བླངས་ཏེ། ཞིང་ཆེན་ཡོངས་ལ་ཤུགས་རྐྱེན་ཐེབས་པའི“གངས་ལུང་བྱེད་ཐབས”བསྐྲུན། རྨ་ལྷོ་ཁུལ་གྱིས་གནས་ཚུལ་དངོས་ལ་གཞིགས་ཏེ། གོ་སྐབས་དམ་འཛིན་ལེགས་པོ་བྱས་ཤིང་། མཉམ་ལས་ཁང་གི་མ་རྐང་ལམ་ལུགས་བསྒྱུར་བཅོས་གཏོང་རྒྱུ་དེ་གཞན་ལས་དམ་འཛིན་འབུར་ཐོན་བྱས་ཏེ“སྦྲ་དཀར་དཔེ་དབྱིབས”བསྐྲུན་ཞིང་། ཁུལ་ཡོངས་སུ་སྦྲ་དཀར་དང་། དུང་དཀར་སོགས་འཕེལ་རྒྱས་དཔེ་མཚོན་བྱུང་། མཚོ་ལྷོ་ཁུལ་གྱིས་མ་རྐང་བཅོས་བསྒྱུར་གཏོང་བ་གཏོང་བ་ནས་མ་རྐང་དབང་ཆ་གཞུང་དཔང་གིས་འགན་སྲུང་བྱས་ཏེ། ཐོན་ལས་དང་པོ་ལེགས་འགྲུབ་དང་བརྟན་འཇགས་ཀྱི་རྨང་གཞིའི་ཐོག་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་བསྲེས་འབུར་དུ་ཐོན་པར་བྱས།

ལོ་ངོ་བཞིའི་རིང་གི་འཚོལ་ཞིབ་དང་། ལོ་ངོ་དྲུག་རིང་གི་འབད་བརྩོན། ལོ་ངོ་བཅུའི་རིང་གི་འབད་བརྩོན་ལྷོད་མེད་བཅས་བྱས་ཏེ། 2017ལོར་སླེབས་པ་ན། ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་དུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དགུ་བརྒྱ་རེ་གཅིག་སྒྲིག་འཛུགས་བྱས་ཟིན་པ་དང་། ཕྱུགས་ལས་རྐྱང་བའི་སྡེ་བ་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་ལ། “མ་རྐང་ལམ་ལུགས”དང“ཁྱིམ་ཚང་མཉམ་འབྲེལ་ལམ་ལུགས”“ཚབ་འཚོའི་ལམ་ལུགས”སོགས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་འཚོལ་རྙེད་བྱུང་།

རྩྭ་ས་ལྟར་ཕྱུགས་ཟོག་གཏན་འཁེལ་བྱེད་པ་དང་རྩྭ་ཕྱུགས་དོ་མཉམ་བྱེད་པ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བ་བཅས་མཉམ་ལས་ཁང་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་དང་ནང་དོན་གཙོ་བོར་བརྩིས་པ་དང་། རྩྭ་སའི་ཐོན་ཁུངས་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལག་རྩལ་གྱི་སྒྲིག་སྲོལ་ལྟར། དགུན་དུས་དང་དཔྱིད་དུས། སྟོན་དུས། དབྱར་དུས་བཅས་ཀྱི་རྩྭ་ས་སྙོམས་སྒྲིག་ཡང་དག་བྱས་པ་དང་། ཕྱུགས་འཚོའི་ལམ་ལུགས་ལེགས་སྒྱུར་བཏང་ལ། དུས་ཚིགས་ཀྱི་འགྱུར་ལྡོག་ལྟར་མ་རྐང་དུ་བཞག་པའི་ཕྱུགས་ཟོག་དང་རྩྭ་སར་གཅིག་གྱུར་དང་རིགས་དབྱེ་བྱས་ཤིང་། གཅིག་གྱུར་གྱིས་འཚོ་རེས་དང་གཅིག་གྱུར་གྱིས་ཤ་ཤེད་རྒྱས་སུ་འཇུག་པ། གཅིག་གྱུར་གྱིས་སྡེབ་སྦྱོར་དང་གཅིག་གྱུར་གྱིས་ལས་སྣོན། གཅིག་གྱུར་གྱིས་ཕྱིར་འཚོང་། ཁྱུ་དགར་ནས་གསོ་སྤེལ་བྱེད་པ་བཅས“གཅིག་གྱུར་དྲུག་དང་རིགས་དབྱེ་གཅིག”གི་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཏེ། “རོང་འབྲོག་མང་ཚོགས་ཀྱི་འདེབས་འཛུགས་དང་། གསོ་སྤེལ། སྐྱེ་ཁམས་བདག་སྐྱོང་བཅས་སྣ་གཅིག་རྐྱང་ནས་སྐྱེ་ཁམས་དང་ཐོན་སྐྱེད་འཚོ་བ་བཅས་འཁོར་སྐྱོད་ཡག་པོ་བྱེད་པའི་ཐད་བཅོས་བསྒྱུར”མངོན་འགྱུར་བྱུང་།

རྩྭ་སའི་སྐྱེ་ཁམས་ཀྱི་སླར་གསོ་ནི་རྩྭ་སའི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བའི་འགན་སྲུང་ཡིན་ཞིང་། ནོར་ལུག་མང་བ་ཙམ་གྱིས་ཡོང་སྒོ་མང་པོ་འཚོལ་ཐུབ་པ་མ་ཡིན་ཏེ། ཕན་འབྲས་ལྡན་པའི་གསོ་སྤེལ་ལག་རྩལ་གྱིས་དཔལ་འབྱོར་ཕན་འབྲས་ཇེ་མཐོར་གཏོང་ཐུབ་པར་མ་ཟད། ད་དུང་རྩྭ་སའི་སྐྱེ་ཁམས་དང་ཕྱུགས་ཟོག་བར་གྱི་དོ་སྙོམས་འབྲེལ་བ་ཚོད་འཛིན་གང་ལེགས་བྱེད་ཐུབ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་དགའི་ཁ་གསབ་མ་དངུལ་དངོས་འབེབས་དོན་འཁྱོལ་དང་། ཕྱུགས་བསྐྱུར་རྩྭ་སྐྱོང་ལག་བསྟར། ས་ནག་ཐང་བཅོས་སྐྱོང་། རྩྭ་སར་གནོད་པ་ཡོད་པའི་སྐྱེ་དངོས་སྔོན་འགོག་དང་ཚོད་འཛིན་སོགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བརྒྱུད་ནས། ཚད་བརྒལ་ཕྱུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བར་གྱི་འགལ་བ་ཐག་བཅད་པ་དང་། རྩྭ་སའི་ཐོན་སྐྱེད་ནུས་ཤུགས་དང་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱེད་པ་དང་། མཉམ་ལས་ཁང་གིས་རྩྭ་ས་ལྟར་ཕྱུགས་ཟོག་གཏན་འཁེལ་བྱེད་པ། རྩྭ་ཕྱུགས་དོ་སྙོམས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དུས་ཚིགས་རང་བཞིན་གྱི་གསོ་སྤེལ་ར་བ་ཉིས་བརྒྱ་སོ་གཉིས་སྒྲིག་འཛུགས་བྱས་ཤིང་། དགུན་དུས་སུ་གཅིག་གྱུར་གྱིས་ཤ་ཤེད་འབུད་དུ་འཇུག་པ་དང་ཕྱིར་བཙོང་བའི་ནོར་ལུག་འབུམ་བཞི་དང་ཁྲི་ལྔའི་ཡན་ལ་བརྒལ་ཏེ། རང་བྱུང་རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་བཏང་ཞིང་། མིས་བཏབ་པའི་རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་འབུམ་བཞི་དང་ཁྲི་བདུན་སྟོང་གསུམ་སུམ་བརྒྱ་ལ་སླེབས་ཏེ། “ཕྱུགས་ཟོག་ཇེ་ཉུང་དུ་བཏང་ཡང་ཕན་འབྲས་ཇེ་ཉུང་དུ་མི་འགྲོ་བ་དང་། ཕྱུགས་ཟོག་ཇེ་ཉུང་དུ་བཏང་ཡང་ཡོང་སྒོ་ཇེ་ཉུང་ལ་མི་འགྲོ་བའི”རྣམ་པ་མངོན་འགྱུར་བྱུང་།

ཉེ་བའི་ལོ་ངོ་ལྔ་ཙམ་གྱི་རིང་ལ། རྩེ་ཁོག་རྫོང་ཉིན་ཕྱུག་ཞང་སྦྲ་དཀར་སྡེ་བས། “སྦྲ་དཀར”དཔེ་དབྱིབས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ས་བབ་དང་བསྟུན་པའི་སྒོ་ནས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ཞིང་། རྩྭ་སའི་རྩྭའི་ཐོན་ཚད་བརྒྱ་ཆའི་བཅུ་དང་གྲངས་ཆུང་ལྔ་མཐོར་འདེགས་བྱུང་བ་དང་། སྔོ་ཁེབས་ཚད་བརྒྱ་ཆའི་དྲུག་ཅུ་ནས་བརྒྱ་ཆའི་བརྒྱད་ཅུའི་བར་མཐོར་འདེགས་བྱུང་སྟེ། 2017ལོའི་ལོ་མཇུག་བར་དུ། རྩེ་ཁོག་རྫོང་ཡོངས་ཀྱི་རང་བྱུང་རྩྭ་སའི་སྔོ་ཁེབས་ཚད་སྔོན་ལོ་ལས་བརྒྱ་ཆའི་བཅུ་གཅིག་གིས་མཐོར་འདེགས་བྱུང་ཡོད་པ་དང་། རང་བྱུང་རྩྭ་སའི་སྟེང་ཕྱུགས་རྩྭ་མུའུ་རེའི་ཐོན་ཚད2010ལོ་ལས་བརྒྱ་ཆའི་ཉེར་གསུམ་འཕར།

སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་རྒྱས་དེ་རྩྭ་སའི་སྐྱེ་ཁམས་མ་ལག་དོ་སྙོམས་རྒྱུན་སྲུང་བྱས་པའི་རྨང་གཞིའི་སྟེང་། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་གསུམ་པོ་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱུང་།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།