ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ། འགན་འཁྲི་དང་ལས་འགན་ཡིད་ལ་དམ་པོར་འཛིན་པ། ཏང་གི་བསམ་བློ་བརྒྱུད་སྒྲོག་ལེགས་པོ་བྱེད་པ། མི་དམངས་ཀྱི་བྱས་རྗེས་གསལ་བོར་འགོད་པ་བཅས་བྱས་ནས། གསར་འགྱུར་གླེང་ཕྱོགས་ཀྱི་དྲིལ་སྒྲོག་ནུས་པ་དང་མཛུབ་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། ཐུན་མོང་གི་ཡིད་ཆེས་ནུས་པ་བཅས་མཐོར་འདེགས་སུ་གཏོང་དགོས། གསར་འགོད་པའི་དུས་ཆེན་ཐེངས་བཅུ་པ་སླེབས་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་གྱིས་དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་ཚོགས་འདུའི་དགོངས་དོན་ལ་དམིགས་ནས། རྣམ་པ་གསར་བའི་འོག་ཏུ་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་བཟང་བོར་བསྒྲུབ་པར་བཀོད་སྒྲིག་བྱས་པར་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱི་ཁྲོད་དུ་ཚུར་སྣང་དྲག་པོ་བྱུང་། ཚང་མས་ལང་ལོང་སྒོས་བསྟན་དོན། ངེས་པར་དུ་རང་རྟོགས་སྒོས་རྣམ་པ་གསར་བའི་འོག་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་འཁུར་ནས། འབད་བརྩོན་ཆེན་པོས་དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་པ་བསྟན།
བཞུགས་མོལ་ཚོགས་འདུའི་སྟེང་། ཝང་ཅན་ཅོན་དང་ཚོགས་ཞུགས་མི་སྣ་རྣམས་ཀྱིས་མཉམ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་འགྱུར་གླེང་ཕྱོགས་བྱ་བར་བཏོན་པའི་འགན་འཁྲིའི་བསམ་བློ་དང་བསམ་བློའི་བྱ་བ་དྲིལ་སྒྲོག་བྱེད་པར་ནན་གྱིས་བསྟན་པའི་ལོ་རྒྱུས་ཀྱི་ལས་འགན་ལ་བསྐྱར་དུ་བསམ་ཞིབ་བྱས། ཁོས་བསྟན་དོན། སྨྱན་བྱད་ཡོད་དོ་ཅོག་ནི་ཏང་གི་མགོ་ཁྲིད་འོག་གི་སྨྱན་བྱད་ཡིན། གསར་འགྱུར་བརྒྱ་ཕྲག་སྟོང་ཕྲག་གང་ཞིག་ཡིན་ཡང་ཏང་གི་མགོ་ཁྲིད་ནི་གསར་འགྱུར་བཟང་བོ་ཡིན་ཞིང་། གླེང་ཕྱོགས་བརྒྱ་ཕྲག་སྟོང་ཕྲག་གང་ཞིག་ཡིན་ཡང་ཏང་གི་བསམ་བློ་ནི་གླེང་ཕྱོགས་ལེགས་པོ་ཡིན། གསར་འགྱུར་གླེང་ཕྱོགས་ཀྱི་བྱ་བ་སྒྲུབ་མཁན་ནི་ཆབ་སྲིད་པའི་མཐོ་ཚད་ནས་ལངས་ཏེ་གནད་དོན་ལ་བསམ་བློ་གཏོང་དགོས་པ་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལ་དམིགས་ནས་བྱ་བ་བཟང་བོར་བསྒྲུབ་ནས། ཐོག་མཐའ་བར་གསུམ་དུ་ཏང་དང་མཉམ་འགྲོ་མཉམ་འདུག་བྱེད་དགོས། “ཏང་ཡོངས་ཀྱི་གོང་འོག་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི‘ 8.21’གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པས་ཞིང་ཆེན་ཏང་ཨུ་ཡིས་དྲིལ་སྒྲོག་བསམ་བློའི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་པ་གསལ་བོར་རྟོགས།” ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་མགོ་བ་ཅང་ཧྲི་ཆང་གིས་བཤད་རྒྱུར། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ། དྲང་བདེན་གཙོ་བོར་འཛིན་པ་དང་གསར་གཏོད་གསར་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དངོས་འབེབ་བྱས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཏང་ཨུ་ཡི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ནན་ཏན་སྒོས་ཞིབ་འཇུག་བྱེད་པ་དང་། “ཏན་ཏན་ཏིག་ཏིག་བཞིའི”ལག་ལེན་དངོས་ལ་བརྟག་དཔྱད་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་གྱི་སྣང་བརྙན་དང་སྙན་གྲགས་ལ་འབྲེལ་བ་ཡོད་པའི་དྲིལ་སྒྲོག་བྱ་བ་ནན་ཏན་གྱིས་བསྒྲུབ་སྟེ། འཛམ་གླིང་ཡོངས་ལ་མཚོ་སྔོན་གྱི་གཏམ་རྒྱུད་བཤད་ནས་མཚོ་སྔོན་དྲིལ་སྒྲོག་བྱེད་པའི་ཤུགས་ཚད་ཆེ་རུ་བསྐྱེད་རྒྱུ་ཡིན་ཟེར། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། མགོ་གཙོ་ཧུའུ་བེ་ཀྲུང་གིས་སེམས་ཚོར་ཟབ་མོས་བཤད་རྒྱུར། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དུས་རབས་གསར་བའི་གསར་འགྱུར་གླེང་ཕྱོགས་བྱ་བའི་ཇུས་ཆོད་དང་བཀོད་སྒྲིག་དཔེ་བསྡུར་བྱས་ནས། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་སྨྱན་བྱད་གཏིང་ཟབ་པའི་སྒོ་ནས་མཉམ་འདྲེས་ཡོང་བར་སྔོན་དུ་བསྐྱོད་པ་དང་སྔོན་ལ་ཚོད་ལྟ་བྱེད་པ་དེ་སྤྱིའི་མཛུབ་སྟོན་དུ་འཛིན་པ་དང་ཏང་གི་ཚགས་པར་གྱི་བརྒྱུད་སྒྲོག་ནུས་པ་དང་སྣེ་ཁྲིད་ནུས་པ། ཤུགས་རྐྱེན་ནུས་པ། ཡིད་ཆེས་ནུས་པ་བཅས་མཐོར་འདེགས་སུ་གཏོང་བ་སྤྱིའི་དམིགས་འབེན་དུ་བཟུང་ནས། གླེང་ཕྱོགས་གཙོ་བོ་དམ་འཛིན་དང་བདག་གཉེར་གྱི་གསོན་ཤུགས་རྒྱས་པར་བྱས་ཏེ། འགན་འཁྲི་གསར་བ་ཡིས་གྲུབ་འབྲས་གསར་བ་བསྐྲུན་ཏེ་ཏང་གི་ཚགས་པར་དང་དྲ་རྒྱའི་དར་དམར་བསྒྲེངས་པ་དང་མི་སེམས་གཅིག་ཏུ་བསྒྲིལ་བ། མི་སྣ་གསར་བ་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་བྱེད་པ། སྣང་བརྙན་གསར་བཞེངས་བྱེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་ལག་བསྟར་མཐའ་འཁྱོལ་བྱས་ཏེ་ཕན་འབྲས་ལེན་པ་དང་། ཚགས་པར་བཟང་བོར་བསྒྲུབ་པ་དང་ཏང་འཛུགས་དམ་འཛིན་བྱེད་པ་ལས་འགན་གཙོ་བོ་ཡིན་པའི་གཞི་རྩའི་གནས་ཐིག་ལྟར། ལམ་ཐིག་གཙོ་བོ་གཅིག་དང་གོ་སྐབས་ཆེན་པོ་གཉིས་དམ་འཛིན་བྱས་ཏེ། “གཞི་རྩ་གསུམ”ཇེ་བརྟན་དུ་བཏང་ནས“མཉམ་འདྲེས་བཞི”ལ་སྐུལ་འདེད་བྱེད་རྒྱུ་ཡིན་ཟེར།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་ལི་ཧྥུའུ་འཕྲིན་གྱིས་ཏང་གི་བྱ་བཞག་གཙོ་བོར་དམ་པོར་དམིགས་ནས་གསར་འགྱུར་རྒྱུད་སྒྲོག་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱས་ན། ད་གཟོད་ཏང་གི་སྲིད་ཇུས་དགོངས་དོན་གྱི་རྒྱུད་སྒྲོག་མཁན་དང་། དུས་རབས་ཀྱི་ཟིན་འགོད་པ། སྤྱི་ཚོགས་ཡར་ཐོན་གྱི་སྐུལ་འདེད་པ། འདྲ་མཉམ་དྲང་བཞག་གི་སོ་ལྟ་བ་བཅས་བྱེད་ཐུབ། ཧྲུའུ་ཅི་ཝང་ཅན་ཅུན་གྱི་གཏམ་བཤད་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསར་འགྱུར་གླེང་ཕྱོགས་བྱ་བའི་བླང་བྱ་རབ་དང་རིམ་པ་བརྒྱུས་ཡོད་པས། ལངས་ཕྱོགས་མཐོ་ཞིང་། ཟོལ་མེད་གཏིང་ཟབ་ཡིན་པ། རྣ་བར་སྙན་ཞིང་ཡིད་ལ་འཚམས་པར་མ་ཟད། སེམས་ཤུགས་དང་སྐུལ་ལྕག་ཆེན་པོ་ཐེབས། ང་ཚོས་དེའི་ཁྲོད་ཀྱི་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་ཁོང་དུ་ཆུད་པར་བྱས་ནས། བསམ་པ་རྣམ་དག་དང་དུང་བ་ཟབ་མོས་བྱ་བ་སྒྲུབ་སྟེ། དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། ཏང་དང་མི་དམངས་ཀྱིས་བློ་གཏད་ཆོག་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས་ཟེར་ལ། མི་དམངས་ཀྱི་རྐང་རྗེས་ཟིན་ཐོར་ལེགས་པོར་འགོད་དགོས་ཏེ། “མི་དམངས་ཀྱི་ལངས་ཕྱོགས་ནི་ཏང་གི་གཞི་རྩའི་ལངས་ཕྱོགས་ཡིན་ལ། གསར་འགྱུར་གླེང་ཕྱོགས་བྱ་བའི་གཞི་རྩའི་ལངས་ཕྱོགས་ཀྱང་ཡིན། དེང་སྐབས་ཀྱི་སྤྱི་ཚོགས་ནི་དུས་བདེ་ཞོལ་འཇགས་ཡིན་ལ་འ་འུར་ཟང་ཟིང་ཡང་ཡིན། གསར་འགྱུར་གླེང་ཕྱོགས་ལས་དོན་པས་ངང་ཐུང་དང་འཚབ་འཚུབ་མེད་པར་མཛེས་སྡུག་གི་འཚོ་བ་སྐྲུན་ཆེད་དམངས་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས།” ཧྲུའུ་ཅི་ཝང་ཅན་ཅུན་གྱི་གཏམ་བཤད་ཀྱིས་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཀྱིས་མངགས་བཅོལ་ཆེན་མོ་མི་སྟོང་བ་དང་ལས་འགན་གཙང་སྒྲུབ་བྱེད་པར་ཧུར་བརྩོན་གྱི་ཁ་ཕྱོགས་གསལ་བར་བསྟན་ཡོད། “གསར་འགྱུར་གྱི་མཚོན་སྟངས་འགྱུར་ཆོག་མོད། འོན་ཀྱང་གཡུལ་ས་དོར་མི་རུང་། ”ནུབ་མཚོ་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚའེ་ཆིང་ཧྭ་ཡིས་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློའི་བྱ་བའི་ཚོགས་འདུ་དང་། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་གྱིས་ང་ཚོར་སྨྱན་བྱད་མཉམ་འདྲེས་ཀྱི་རྒྱབ་ལྗོངས་ཆེན་མོའི་འོག་གི་འགན་འཁྲི་ཁག་ཁུར་དང་རྒྱུན་འཁྱོངས་བརྟན་སྲུང་སྲ་བརྟན་དུ་བཏང་བར་འདོད། གསར་འགྱུར་ལས་དོན་པས་དོན་རྐྱེན་བྱུང་ཡུལ་དང་ལངས་ཕྱོགས་གསལ་བོ་བྱེད་པ་དང་སྐུད་སྣེ་ཕན་ཚུན་སྦྲེལ་མཐུད་བྱེད་པ། མང་ཚོགས་ཀྱིས་བལྟ་རྒྱུར་མོས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བྱེད་པ། གསོན་ཉམས་ལྡན་པའི་གསར་འགྱུར་རྩོམ་ཡིག་བཀོད་དེ། གླེང་ཕྱོགས་ཁྲོད་དུ་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ཕྱོགས་ཀྱི་ནུས་པ་རྒྱུད་སྒྲོག་བྱེད་པ། འབད་བརྩོན་གང་ལེགས་སྒོས་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བྱ་བ་གཙོ་བོར་ཞབས་འདེགས་བྱེད་དགོས་ཞེས་བསྟན།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཀྲུའུ་རིན་རིམ་པའི་གསར་འགོད་པ་དབྱང་ཧུའེ་ཅིན་གྱིས་བཤད་རྒྱུར། དེང་སྐབས་མཉམ་འབྲེལ་དྲ་བའི་དུས་རབས་ཀྱི་སྣེ་མང་རྙོག་འཛིང་གི་གླེང་ཕྱོགས་རྒྱུད་སྒྲོག་གནས་བབ་ལ་གདོང་གཏད་དེ། སྨྱན་བྱད་ལས་དོན་པར་ངེས་པར་དུ་ཤེས་བྱ་གསར་བ་དང་འདུ་ཤེས་གསར་བ། འཇོན་ཐང་གསར་བ་ཡོད་ཚེ། ད་གཟོད་དོངས་གནས་གླེང་ཕྱོགས་ཁྲིད་སྟོན་དང་སེམས་ཤུགས་གཅིག་སྒྲིལ་གྱི་འགན་འཁྲི་འཁུར་ཐུབ། སེམས་རྣལ་དུ་ཕབ་ཅིང་ལུས་དུལ་བོར་གནས་ཏེ་མི་དམངས་མང་ཚོགས་དང་ཁ་ཁོག་མཐུན་ཞིང་ཡིད་སེམས་སྦྲེལ་ཚེ། ད་གཟོད་དངོས་གནས་རིན་ཐང་ལྡན་པའི་གསར་འགྱུར་རྒྱུ་ཆ་རེག་ཐུབ་ལ། ད་གཟོད་སྔར་ལས་ལྷག་པའི་སྒོ་ནས་གསར་འགྱུར་གྱི་སྤུས་ཚད་དང་སྟོབས་ཤུགས་མངོན་ཐུབ། ཐེངས་མང་པོར་དངོས་ཡོད་ཁྲོད་ཟབ་ཞུགས་དང་འཚོ་བའི་ཁྲོད་ཟབ་ཞུགས། མང་ཚོགས་ཁྲོད་ཟབ་ཞུགས་བྱས་ཚེ། ད་གཟོད་ངེས་པ་དོན་གྱིས་དམངས་དོན་སྒྲུབ་པའི་གསར་འགོད་པ་བཟང་བོ་ཞིག་བྱ་ཐུབ།
མཚོ་སྔོན་ཉིན་རེའི་ཚོགས་པར་ཁང་གི་གསར་འགོད་དོ་དམ་པུའུ་ཡི་གསར་འགོད་པ་ཞན་ཝུན་ཅཱང་གིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། གཞི་རིམ་གྱི་གསར་འགོད་ལས་དོན་པ་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་སྙེགས་ང་ཚོའི་འབད་འཐབ་དམིགས་འབེན་དུ་བཞག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་བཏོན་པའི་བླང་བྱ་ལྟར། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་མུ་མཐུད་དུ་ལུས་ཤུགས་དང་མིག་ཤུགས། ཀླད་ཤུགས། སྨྱུག་ཤུགས་བཅས་ལ་ཤུགས་སྣོན་པ་དང་། མཚོ་སྔོན་ས་ཆའི་བརྗོད་བྱ་ལེགས་ཤིང་རྣ་བར་སྙན་པ། གསོན་ཉམས་ལྡན་ལ་མི་སེམས་སྐྱོམ་པའི་གཏམ་རྒྱུད་གང་མང་སྔོག་འདོན་བྱེད་པ་དང་། དད་སེམས་བརྟན་ཅིང་དམངས་སེམས་འགུག་པ། མི་སེམས་སྤྲོ་ཞིང་བློ་སེམས་སྒྲིལ་བའི་མཚོ་སྔོན་གྱི་གླུ་སྐད་སྙན་མོ་སྔར་ལས་མང་པོ་ཟིན་ཐོར་འགོད་དགོས།
གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་ནུས་པ་མཐོར་འདེགས་སུ་གཏོང་དགོས།
བཞུགས་མོལ་ཚོགས་འདུའི་སྟེང་། ཧྲུའུ་ཅི་ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་ལས་དོན་པ་རྣམས་ལ་བརྒྱུད་སྒྲོག་བྱེད་ཐབས་ཀྱི་འགྱུར་ལྡོག་གསར་བ་ལ་འཚམ་དགོས་ན། སྨྱན་བྱད་བྱ་བ་ལེགས་པོར་བསྒྲུབ་དགོས་པར་མ་ཟད། ལག་ཆ་བཀོལ་སྤྱོད་བཟང་པོ་བྱས་ནས། ན་གཞོན་ཚོས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་ལ་དོ་སྣང་བྱེད་པར་སྣེ་ཁྲིད་དང་། ཏང་གི་འབོད་སྐད་ལ་ཉན་པ། ཁྱིམ་ཚང་གི་བྱ་བ་དང་། རྒྱལ་ཁབ་ཀྱི་བྱ་བ། གནམ་འོག་གི་བྱ་བ་བཅས་ལ་སེམས་ཁུར་བྱེད་དགོས་པ་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་མཁོ་བའི་དུས་རབས་ཀྱི་མི་སྣ་གསར་བ་གསོ་སྐྱོང་བྱེད་དགོས་ཞེས་རེ་བ་ནན་མོ་བཏོན། གྲུབ་ཚུལ་ལ་འགྱུར་ལྡོག་ཆེན་པོ་དང་ཁེ་ཕན་སྙོམས་སྒྲིག་ཆེན་པོ་བྱེད་པ། བསམ་བློའི་གསོན་ཤུགས་ཆེན་པོ། ལྟ་གྲུབ་ཀྱི་གདོང་ཐུག་བྱུང་བའི་དུས་སྐབས་འདིར། སྣ་མང་སྤྱི་ཚོགས་ཀྱིས་བསམ་བློའི་འདུ་ཤེས་ཡང་སྣ་མང་ཞིག་ཁྱེར་ཡོང་བ་དང་། གསར་འགྱུར་གླེང་ཕྱོགས་བྱ་བར་བསམ་བློ་སྔར་ལས་མང་པོ་གཏོང་དགོས་ལ། ཞིབ་འཇུག་དང་འཚོལ་སྡུད་སོགས་དུས་རབས་ཀྱི་འབོད་སྐད་བརྒྱུད་སྒྲོག་བྱེད་དགོས་པ་དང་། རྒྱུ་ཆ་ཡོད་པ་དང་ཐབས་རྩལ་ཡོད་པ། ཞིབ་ཆ་ལྡན་པ་བཅས་ཀྱི་དུས་རབས་ཀྱི་གཏམ་རྒྱུད་ལེགས་པོ་ཞིག་འབྲི་དགོས་ན། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དགོས་ཟེར། ཧྲུའུ་ཅི་ཝང་ཅན་ཅོན་གྱི་གཏམ་བཤད་ནི་གནས་བབ་གསར་བའི་འོག་གི་གསར་འགྱུར་གླེང་ཕྱོགས་བྱ་བར་དམིགས་ནས་ང་ཚོའི་གསར་འགྱུར་བྱ་བ་གཉེར་མཁན་རྣམས་ལ་རེ་བ་སྔར་ལས་མཐོན་པོ་བཏོན་ཡོད་པ་རེད། ཟི་ལིང་དགོང་དྲོ་ཚགས་པར་ཁང་ཆབ་སྲིད་སློབ་གསོ་པུའུ་ཡི་ཀྲུའུ་རིན་གཞོན་པ་བང་ཞའོ་ཧྥང་གིས་བསྟན་དོན། དེང་གི་དུས་འདིར་སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འོག གསར་འགོད་པར་ངེས་པར་དུ་ཅུང་དྲག་པའི་སློབ་སྦྱོང་གི་ནུས་པ་དང་དུས་བསྟུན་མདུན་བསྐྱོད་ཀྱི་བསམ་བློ་དང་མིག་རྒྱང་ཡོད་དགོས་པའི་རེ་བ་བཏོན་ཡོད། ཧྲུའུ་ཅི་ཝང་ཅན་ཅོན་གྱིས་བཏོན་པའི་ངང་ཐུང་མིན་པ་དང་འཚབ་འཚུབ་མིན་པ་དེས་མཛེས་སྡུག་གི་འཚོ་བ་གསར་སྐྲུན་བྱེད་པར་དམངས་སེམས་གོང་བུ་གཅིག་དུ་བསྒྲིལ་བ་དང་། སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་རེ་བ་དེ་གསར་འགོད་པ་རེ་རེའི་ལས་རིགས་འཕེལ་རྒྱས་ཀྱི་དམིགས་ཡུལ་དང་རེ་སྙེག་བྱེད་སར་འགྱུར་དགོས། སྨྱན་བྱད་མཉམ་འདྲེས་ཁོར་ཡུག་ཁྲོད་དུ་སྐྱེ་ཁམས་གླེང་ཕྱོགས་དང་མང་ཚོགས་ལ་ཁ་གཏོད་པ་དང་། བརྒྱུད་སྒྲོག་ལག་རྩལ་བཅས་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པ་རེད། ཡང་དག་པའི་གླེང་ཕྱོགས་དང་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ན་གསར་འགྱུར་སྒྲོག་སྤེལ་གྱི་ཚད་དམ་འཛིན་བྱེད་དགོས་པ་ཞིག་ཡིན་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་སྨྱན་བྱད་བྱ་བ་སྒྲུབ་མཁན་རྣམས་ཀྱི་གཡོལ་ཐབས་མེད་པའི་འགན་འཁུར་ཞིག་ཀྱང་ཡིན། ཡང་དག་པའི་སྒོ་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བསྟུན་པ་དང་རྟོག་ཞིབ་གཏིང་ཟབ་མོ་བྱེད་པ། བསམ་བློའི་གནད་དོན་དམ་འཛིན་བཅས་བྱས་ན་ད་གཟོད་ཡིད་དབང་འཕྲོག་ཅིང་སྐྱེ་སྟོབས་ཀྱི་གསོན་ཤུགས་འབར་བ། སྔར་ལས་འགུག་ཤུགས་ལྡན་པ་བཅས་ཀྱི་གསར་འགྱུར་བརྩམས་ཆོས་ལེགས་པོ་ཞིག་འབྲི་ཐུབ། དམིགས་ཡུལ་མེད་པའི་སྒོ་ནས་དྲ་ཐོག་གི་རྡེབ་ཚད་དང་ཁ་ཡིག་ཙམ་གྱིས་གཞན་སེམས་འགུག་པར་བྱེད་པ་དེ་མཐར་ཐུག་གི་རེ་སྙེག་བྱེད་ས་ཞིག་ཏུ་འཛིན་མི་རུང་ཞེས་ཀྲུང་གོ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་གསར་འགོད་པ་ལའོ་ཡོན་ཕིང་གིས་རང་ཉིད་ཀྱིས་བཅར་འདྲི་བྱས་པའི་ལག་ལེན་དངོས་དང་འབྲེལ་ནས་དེ་ལྟར་བཤད། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ཐོག་དང་པོར་མངགས་པའི་སྨྱན་བྱད་མཉམ་འདྲེས་ཀྱི་གསར་འགོད་པ་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་མགྲོན་སྣེ་བྱ་བའི་རུ་ཁག་གི་གསར་འགོད་པ་ཅིན་ཡའེ་ཐོང་གིས་བཤད་རྒྱུར། དེང་གི་དུས་འདིར་སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་མགྱོགས་མྱུར་སྒོས་མཉམ་འདྲེས་བྱེད་པའི་འཕེལ་ཕྱོགས་ཆེན་པོའི་འོག མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་མྱུར་དུ་འཕེལ་ཕྱོགས་བསྒྱུར་ནས། གཏིང་ཟབ་སྒོས་སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་ཕྱོགས་བསྒྱུར་བའི་ལམ་བུས་མུ་མཐུད་དུ་སློབ་སྦྱོང་དང་གསར་སྐྲུན་བྱེད་དགོས་པ་མཚོན་ཡོད་ལ། ང་ཚོས་བསྒྲུབ་དགོས་པ་ནི་ཧྲུའུ་ཅི་ཝང་ཅན་ཅོན་གྱི་རེ་བ་ཡིད་ལ་དམ་པོར་བཅངས་ནས་རང་འགུལ་སྒོས་འགྱུར་ལྡོག་ལ་བརྩོན་པ་དང་གསར་སྐྲུན་གྱི་ཁྲོད་མུ་མཐུད་དུ་བསམ་བློ་ཡོད་པ་དང་དྲོད་ཁོལ་ལྡན་པ། སྤུས་ཚད་ལེགས་པ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་གསར་འགྱུར་བརྩམས་ཆོས་ལེགས་པོ་ཞིག་གསར་གཏོད་བྱེད་དགོས་པ་དེ་ཡིན་ཟེར།
ལོ་ཙཱ་བ། གཡང་འབུམ་རྒྱལ། རྟ་མགྲིན་སྐྱབས། སྐར་མ་མཚོ།