དུས་རབས་གསར་བར་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བར་ལེའུ་གསར་བ་འབྲི་དགོས། 
2018.11.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 39

མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་དཔྱད་བརྗོད་ཁག་དང་པོ། 
དུས་རབས་ཤིག་རི་མོའི་ཤོག་དྲིལ་སྟེང་འབྲི་དགོས་ན་གདིང་མདོག་ནི་མི་སེམས་ཡིན་ལ། མི་རིགས་ཤིག་བསྐྱར་དར་བྱེད་དགོས་ན་གཙོ་བོ་སྙིང་སྟོབས་ལ་ཐུག་ཡོད།ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ནས། རྒྱལ་ཡོངས་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་གཏིང་ཟབ་སྒོས་སློབ་སྦྱོང་བྱེད་པ་དང་དམངས་སེམས་གཅིག་ཏུ་སྒྲིལ་བ། མི་སྣ་གསར་བ་གསོ་སྐྱོང་བྱེད་པ།  རིག་གནས་དར་རྒྱས་སུ་གཏོང་བ། སྣང་བརྙན་ལེགས་པོ་བསྐྲུན་པ་བཅས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲིའི་འོས་འགན་རང་འགུལ་སྒོས་ཁུར་ཕོད་པའི་དར་ཆ་བསྒྲེང་དགོས་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་རྩིས་བཤེར་ལ་བརྟེན་ནས་ཐབས་ཇུས་བཀོད་དེ།ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བ་ལ་སྐུལ་འདེད་གཏོང་དགོས། ལྔ་བཞི་འཐབ་ཇུས་ལག་ལེན་གཏིང་ཟབ་ཏུ་གཏོང་བ་དང་། སྟོབས་ཤུགས་ཆེར་སྐྱེད་ཀྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྐུལ་འདེད་བྱེད་པ། དཔལ་ཡོན་འབྱོར་ཕྱུག་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བསམ་བློའི་འགན་སྲུང་བརྟན་པོ་དང་།སྙིང་སྟོབས་ཆེན་པོའི་ནུས་ཤུགས་འདོན་སྤྲོད་བྱེད་དགོས། 
བསམ་བློའི་དྲིལ་སྒྲོག་བྱ་བ་ནི་གནའ་ནས་བཟུང་ང་ཚོའི་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་ཞིག་ཡིན།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བསམ་བློའི་དྲིལ་སྒྲོག་བྱ་བ་དེ་བྱ་བ་ཀུན་གྱི་གོ་གནས་གལ་ཆེན་ཞིག་ཏུ་བཞག་ནས། ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་འགོ་ཁྲིད་བྱེད་པར་ཤུགས་སྣོན་བྱས་ཏེ།འཐབ་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། བྱེད་སྟངས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ཏེ། དཔའ་ངར་གྱི་དར་ཆ་བསྒྲེང་པ་དང་། རྨང་གཞི་དང་རྩ་བ་བརྟན་པོར་བཟོ་བ།   རྩ་བའི་ཐོག་ནས་བསྒྱུར་བཅོས་བཅས་བྱས་ནས།འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཆབ་སྲིད་འཐབ་རྩོད་གལ་ཆེན་ལས་རྣམ་པར་རྒྱལ་དགོས་པ་དང་། དྲིལ་སྒྲོག་བསམ་བློའི་བྱ་བར་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་སྟེང་ནས་འགྱུར་ལྡོག་བྱུང་དུ་འཇུག་དགོས། ད་ལོའི་ཟླ་བརྒྱད་པའི་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་དྲིལ་སྒྲོག་བསམ་བློའི་བྱ་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་མ་ལག་ལྡན་པའི་སྤྱི་སྡོམ་བྱས་པ་དང་།དུས་རབས་གསར་བའི་ཏང་གི་དྲིལ་སྒྲོག་བསམ་བློའི་བྱ་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་འགན་འཁྲིའི་འོས་འགན། བྱ་བ་གལ་ཆེན་བཅས་ལ་ཁྱོན་ཡོངས་ནས་ཞིབ་བརྗོད་བྱས་པས་ང་ཚོར་ཁ་ཕྱོགས་གསལ་བོ་དང་གཞི་འཛིན་ས་འདོན་སྤྲོད་བྱས། 
ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བར་རྩིས་བཤེར་བྱས་ཚེ། ང་ཚོར་སྲ་བརྟན་གཉིས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱས་ཡོད་པ་སྟེ། མར་ཁེ་སི་རིང་ལུགས་ཀྱིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མཛུབ་སྟོན་གོ་གནས་དང་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་བརྩོན་གྱིས་ཐུན་མོང་གི་བསམ་བློའི་རྨང་གཞི་དེ་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་སྔར་ལས་ལྷག་པར་སྲ་བརྟན་དུ་གནས་ཡོད་པ་དང་།  སྐོར་ཐེངས་གཉིས་ཀྱི་བྱ་བའི་ལེའུ་གསར་བ་བྲིས་ནས་ཏན་ཏིག་ནུས་ཡོད་ཀྱི་གཞུང་ལུགས་དང་། གླེང་ཕྱོགས་བྱ་བ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་གོང་བུ་སྒྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་བཅས་ཇེ་དྲག་ཏུ་སོང་བ་དང་། རིག་གནས་གཉིས་ཀྱི་འཕེལ་རྒྱས་ཀྱི་གོམ་སྟབས་གསར་བ་མངོན་འགྱུར་བྱུང་སྟེ། རིག་གནས་རྨང་མཐུག་པོར་འཛུགས་པ་དང་དཔལ་ཡོན་གྱི་རྨང་མཐུག་པོར་སྐྱེད་བསྲིང་བྱེད་པ།ཕན་འབྲས་མངོན་གསལ་བླངས་ཡོད་པ་དང་། དུས་རབས་གསར་བའི་རྣམ་པ་གསར་བ་མཚོན་པའི་སྤྱི་ལ་དབང་བའི་ཤེས་རིག་གི་ཁྱིམ་གཞི་གསར་བ་ཞིག་འཛུགས་སྐྲུན་བྱས་ཡོད།གཡུལ་ས་གཉིས་ཀྱི་ཁྱབ་ཁོངས་གསར་བ་རྒྱ་བསྐྱེད་ཏུ་བཏང་སྟེ།སྲོལ་རྒྱུན་གྱི་དྲིལ་སྒྲོག་གཡུལ་ས་དང་། སྨྱན་བྱད་གསར་བའི་གཡུལ་ས་གཉིས་མུ་མཐུད་དུ་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། འཕེལ་རྒྱས་མཉམ་འདྲེས་སུ་བཏང་ནས་བཅོས་བསྒྱུར་འཕེལ་རྒྱས་བརྟན་འཇགས་སུ་འགྲོ་བར་དྲང་ནུས་གསོག་ཉར་བྱེད་དགོས།བཅོས་བསྒྱུར་གཉིས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱས་ཏེ།  དོ་དམ་སྒྲིག་གཞི་དང་འཁོར་བསྐྱོད་ལམ་སྲོལ་གཉིས་མུ་མཐུད་དུ་གསར་གཏོད་བྱས་ནས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བ་ཐེམ་སྐས་གསར་བ་ཞིག་ཏུ་བསྐྱོད་ཐུབ་པར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནུས་ཤུགས་གང་ཡོད་ཀྱིས་ལག་ལེན་བྱས་ནས། འདུ་ཤེས་བཞི་དང་གདེང་ཚོད་བཞི། སྲུང་སྐྱོབ་གཉིས་བཅས་ལག་བསྟར་བྱས་ཏེ།  ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས།དྲིལ་སྒྲོག་བསམ་བློའི་བྱ་བའི་གྲུབ་འབྲས་གསར་བ་གསར་གཏོད་བྱས་ནས་བྱས་རྗེས་གསར་བ་སྐྲུན་དགོས།
ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བར་འཆར་འགོད་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུན་འཁྱོངས་དགུ་ཡི་བྱ་བའི་ཆོས་ཉིད་ལ་རྐང་བཙུགས་ནས་ཡིག་འབྲི་བཅོ་ལྔའི་ལས་འགན་འགན་འཁྲི་དང་བྱ་བའི་དཀྱིལ་སྙིང་བཞིའི་འཐབ་ཇུས་བཀོད་སྒྲིག་དང་ནུས་ཤུགས་བཞིའི་བླང་བྱ་གལ་ཆེན་གྱི་ཁ་ཕྱོགས་གསར་བ་འདི་ཇེ་དྲག་ཏུ་བཏང་ནས། མཚོ་སྔོན་ནི་ལོ་རྒྱུས་རང་བཞིན་གྱི་སྒེའུ་ཁུང་དུས་རིམ་དང་འཐབ་ཇུས་རང་བཞིན་གྱི་དུས་སྐབས་སུ་གནས་ཡོད་པ་གསལ་བོར་རྟོགས་ནས།བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་བའི་དུས་སྐབས་དང་གྲུབ་ཚུལ་སྙོམ་སྒྲིག་གི་དུས་སྐབས་གལ་ཆེན་དང་ཕྱོགས་བསྒྱུར་རིམ་སྤར་གྱི་གནད་འགག་གི་དུས་སྐབས་དང་འཕྲད་ཡོད་པའི་གནས་བབ་གསར་བ་འདིར། མི་དམངས་ཀྱིས་མཛེས་སྡུག་འཚོ་བ་ལ་བཅངས་པའི་རེ་སྙེག་དེ་འབད་བརྩོན་གྱི་དམིགས་འབེན་དུ་བཟུང་ནས་གནད་དུ་འཁེལ་དགོས་པ་དང་། དངོས་ཡོད་ཀྱི་གནད་དོན་ཐག་གཅོད་དགོས་ལ། བསམ་བློའི་གནད་དོན་ཀྱང་ཐག་གཅོད་དགོས།  བསམ་བློ་གཅིག་གྱུར་དང་གོང་བུར་སྒྲིལ་ཤུགས་དེ་དྲིལ་སྒྲོག་བསམ་བློའི་བྱ་བའི་དཀྱིལ་སྙིང་གནད་འགག་གི་གནས་ཚད་གསར་བ་བཟུང་ནས་དར་ཆ་མཉམ་དུ་བསྒྲེངས་པ་དང་དམངས་སེམས་གཅིག་ཏུ་འདུ་བ།མི་སྣ་གསར་བ་གསོ་སྐྱོང་བྱེད་པ།  རིག་གནས་དར་རྒྱས་སུ་གཏོང་བ།  སྣང་བརྙན་གསར་བ་བསྐྲུན་པ་བཅས་ཀྱི་འགན་འཁྲི་གསར་བ་བསྒྲུབ་དགོས།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ནས་བྱས་རྗེས་འཇོག་དགོས་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་དང་། མི་དམངས་ཀྱིས་མཛེས་སྡུག་འཚོ་བ་ལ་བཅངས་པའི་དུས་རབས་གསར་བ་མངོན་འགྱུར་བྱས་ནས།དུས་བསྟུན་མདུན་བསྐྱོད་དང་། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་ལེའུ་གསར་བ་འབྲི་དགོས།

ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བར་སྐུལ་འདེད་གཏོང་དགོས་ན། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། དྲིལ་སྒྲོག་བསམ་བློའི་བྱ་བར་འགན་སྲུང་བྱས་ནས་ཐོག་མཐའ་བར་གསུམ་ཀུན་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་བསྐྱོད་བྱེད་དགོས། ཐུན་མོང་གི་ཕུགས་བསམ་དད་མདུན་སྲ་བརྟན་དུ་བཏང་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་རང་འགུལ་སྒོས་གུང་ཁྲན་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་འགྱུར་མེད་ཀྱི་དད་མོས་མཁན་དང་བློ་དཀར་གྱི་ལག་ལེན་མཁན་ཏུ་འགྱུར་བར་སློབ་གསོས་སྣེ་ཁྲིད་བྱེད་དགོས། འཇིག་པ་མེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དུ་གཏོང་དགོས་ལ། སྟོབས་དང་ལྡན་པའི་གོང་བུ་སྒྲིལ་ཤུགས་དང་དྲིལ་སྒྲོག་བསམ་བློའི་བྱ་བའི་སྣེ་ཁྲིད་ཀྱི་ནུས་པ་འཛུགས་སྐྲུན་བྱེད་དགོས། གཡུལ་ས་སྣ་ཚོགས་འཛུགས་སྐྲུན་ལེགས་པོ་དང་བཀོལ་སྤྱོད་ལེགས་པོ་བྱས་ནས། གཡུལ་སས་དྲིལ་སྒྲོག་བསམ་བློའི་བྱ་བར་ཡག་ཐོག་ཡག་བརྩེགས་དང་།  དྲང་བདེན་སྲུང་བའི་ཁྲོད་དུ་མུ་མཐུད་དུ་སྙིང་སྟོབས་ཆེར་བསྐྱེད་ཀྱིས་གསར་བརྩོན་གསར་གཏོད་བྱས་ནས་དྲིལ་སྒྲོག་བསམ་བློའི་བྱ་བར་ཐོག་མཐའ་བར་གསུམ་ཀུན་དུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པར་བྱེད་དགོས། དུས་རབས་དང་འཚམ་པའི་སྤྱོད་ཚུལ་བརྟན་པོ་སྦྱོང་བརྡར་བྱས་ནས། ནུས་ཤུགས་བཞི་ང་ཚོ་དང་འགྲོགས་ནས་ཏང་གི་དྲིལ་སྒྲོག་བསམ་བློའི་བྱ་བར་སྔར་ལས་ལྷག་པའི་ཞབས་ཞུ་བསྒྲུབ་དགོས།

དུས་རབས་གསར་བས་ལས་འགན་གསར་བ་སྤྲད་ལ། འཐབ་ལམ་གསར་བས་གོམ་སྟབས་གསར་བ་བསྐྲུན།   ང་ཚོའི་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས་ལ། ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར་བསམ་བློའི་གོང་བུ་སྒྲིལ་ཤུགས་གཅིག་གྱུར་བྱེད་དགོས། འགྱུར་མེད་ཀྱི་བསམ་བློས་དུས་རབས་གསར་བའི་དྲིལ་སྒྲོག་བསམ་བློའི་བྱ་བ་དམ་འཛིན་ལེགས་པོ་བྱེད་དགོས་པ་དང་། འགན་འཁྲི་གསར་བ་དང་བྱ་སྤྱོད་གསར་བས་མུ་མཐུད་དུ་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱས་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྔར་ལས་བྱས་རྗེས་ཆེན་པོ་འཇོག་དགོས།


                                                                                                                                       ལོ་ཙཱ་བ། སྐར་མ་མཚོ།