མི་རིགས་བསྐྱར་དར་གྱི་རིག་གནས་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་ཕོད་པའི་དུས་རབས་ཀྱི་མི་སྣ་གསར་བ་ཤུགས་ཆེན་པོས་སྐྱེད་སྲིང་བྱེད་དགོས།
2018.11.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 45

མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་དཔྱད་བརྗོད་ཁག་བཞི་བ།

“དྲིལ་སྒྲོག་བསམ་བློའི་བྱ་བ་ནི་མི་སྐྱོང་བའི་བྱ་བ་ཞིག་ཡིན་ལ། མི་རིགས་བསྐྱར་དར་གྱི་རིག་གནས་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་ཕོད་པའི་དུས་རབས་ཀྱི་མི་སྣ་གསར་བ་སྐྱེད་སྲིང་བྱེད་པའི་འགན་འཁྲི་གལ་ཆེན་ཞིག་རེད།”རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་སྣ་གསར་བ་སྐྱེད་སྲིང”བྱེད་པའི་ལས་འགན་དང་འགན་འཁྲིའི་ཐད་ཞིབ་བརྗོད་གནང་ཡོད་པ་དང་། དྲིལ་སྒྲོག་བསམ་བློའི་བྱ་བའི་སྟེང“མི་སྣ་ཅི་ལྟ་བུ་ཞིག་སྐྱེད་སྲིང” བྱེད་པ་དང་། “མི་ཇི་ལྟར་སྐྱེད་སྲིང”བྱེད་པར་ཁ་ཕྱོགས་གསལ་བོ་བསྟན་ཡོད། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་སྟེང་། རང་འགུལ་སྒོས་དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྡུ་བ། མི་སྣ་གསར་བ་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་བྱེད་པ། སྣང་བརྙན་བསྐྲུན་པའི་ལས་འགན་དང་འགན་འཁྲི་དང་ལེན་བྱེད་དགོས་པ་བསྟན་ཡོད། མི་རིགས་བསྐྱར་དར་གྱི་རིག་གནས་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་ཕོད་པའི་དུས་རབས་ཀྱི་མི་སྣ་གསར་བ་ཤུགས་ཆེན་པོས་སྐྱེད་སྲིང་བྱེད་པའི་གལ་ཆེན་ནང་གི་འགངས་ཆེན་ནི། ཕུགས་བསམ་ཡིད་ཆེས་ཀྱི་རྨང་འདིང་རྒྱུ་དང་གཙོ་རྒྱུགས་རིན་ཐང་གི་སྲོག་རྟག་རྒྱུ། བཟང་བཀུར་དགེ་སྲུང་གི་གཞི་བརྟན་རྒྱུ། དུས་རབས་དཔལ་ཡོན་གྱི་སྲོལ་གཏོད་རྒྱུ་བཅས་ཡིན་ལ། རིགས་སོ་སོའི་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་ཀུན་སྤྱོད་ཆུ་ཚད། དཔལ་ཡོན་བྱང་ཚད་བཅས་ཇེ་མཐོར་གཏོང་དགོས།

མི་དམངས་ལ་དད་མོས་ཡོད་པ་དང་མི་རིགས་ལ་རེ་བ་ཡོད་པ། རྒྱལ་ཁབ་ལ་ནུས་ཤུགས་ཡོད་པ། དུས་རབས་ཀྱི་མི་སྣ་གསར་བ་སྐྱེད་སྲིང་བྱེད་དགོས་ན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཡར་བསྐྱེད་དང་ལག་བསྟར་ཤུགས་ཆེན་བྱེད་དགོས། སློབ་གསོའི་ཁྲིད་སྟོན་དང་ལག་ལེན་བྱེད་པ། ལམ་ལུགས་འགན་སྲུང་བཅས་ཇེ་དྲག་ཏུ་བཏང་ནས། ལྟེ་བའི་རིན་ཐང་ལྟ་བས་རྒྱལ་དམངས་སློབ་གསོ་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན། བསམ་པའི་རིག་གནས་ཐོན་རྫས་གསར་སྐྲུན་དང་བརྒྱུད་སྒྲོག་གི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལྟེ་བའི་རིན་ཐང་ལྟ་བ་དེ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཁྲོད་ཞུགས་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ལྟེ་བའི་རིན་ཐང་ལྟ་བ་དེ་མཁའ་དབུགས་བཞིན་དུ་གནས་ངེས་མེད་དང་དུས་ངེས་མེད་དུ་ཁྱབ་པར་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་དུ་བཏང་ནས། ན་ཆུང་གཞོན་ནུས་ཕུགས་འདུན་དད་བསམ་བློའི་སློབ་གསོ་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་པ་དང་། ལས་གཞི་ཅན་གྱི་འདུ་ཤེས་བཀོལ་སྤྱོད་བྱས་ཏེ་སྤྱི་ཕན་ཚོང་འཕྲིན་དྲིལ་སྒྲོག་དང་གསར་བརྗེའི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། “མཐོ་འགྲེངས་རྒྱང་ལྟ་དང་རང་རྟོན་དཀྱེལ་ཡངས། མཐུན་སྒྲིལ་ཡར་བརྩོན། འབད་འཐབ་ལྷོད་མེད”ཀྱི་མཚོ་སྔོན་གསར་བའི་སྙིང་སྟོབས་ནུས་ཤུགས་ཡོད་དགུས་དར་སྤེལ་བྱས་ཏེ། མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་ལེགས་སྐྱེས་འབུལ་བའི་ཐུན་མོང་གི་སེམས་པའི་ཞིང་ཁམས་འཛུགས་སྐྲུན་བྱེད་དགོས།

དུས་རབས་ཀྱི་མི་སྣ་གསར་བ་སྐྱེད་སྲིང་བྱེད་དགོས་ན། སྤྱི་དམངས་ཀྱི་ཀུན་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། རྒྱལ་གཅེས་རིང་ལུགས་སློབ་གསོ་དུས་རབས་ཅན་དང་བསྟན་བྱ་ཅན། རྒྱུན་ལུགས་ཅན་བཅས་སུ་སྐུལ་འདེད་བྱས་ཏེ། “ཆེས་མཛེས་པའི་མཚོ་སྔོན་པ”དང“ཆེས་མཛེས་པའི་དགེ་རྒན”སོགས་ལས་རིགས་སོ་སོའི་སྔོན་ཐོན་དཔེ་སྟོན་མི་སྣ་སེམས་ཞིབ་མོས་འདེམས་པ་དང་དྲིལ་སྒྲོག་བྱས་ནས། ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་རྒྱ་ཁྱབ་ངང་སྤེལ་ཏེ། རྨང་གཞིའི་སློབ་གསོའི་དུས་རིམ་གྱི་ཀུན་སྤྱོད་འཛུགས་སྐྲུན་བྱ་གཞག་ཞིབ་མོར་བསྒྲུབ་དགོས་པ་དང་། མི་རྣམས་ཀྱི་བསམ་བློའི་ཀུན་སྤྱོད་ཀྱི་བྱང་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། ལས་རིགས་ཀྱི་ཀུན་སྤྱོད་ཚད་ལྡན་ལ་ཤུགས་བསྣན་ནས། ལས་རིགས་ཀྱི་ཀུན་སྤྱོད་དང་ལས་རིགས་ཀྱི་སྙིང་སྟོབས། ལས་རིགས་ཀྱི་སྤྱོད་ལམ་བཅས་དར་སྤེལ་བཏང་སྟེ། སློབ་གསོ་དང་ཆད་གཅོད་བསླབ་འདོམས་ཟུང་འབྲེལ་བྱེད་པ་དང་། དོན་ཐོག་ཏུ་མ་གནས་པའི་གནད་དོན་ཆེད་དུ་བཅོས་སྐྱོང་བྱེད་པའི་བྱ་བ་དམ་འཛིན་བཟང་བོ་བྱས་ནས། ཀུན་སྤྱོད་ཀྱི་ཚད་མཐའ་སྲུང་སྐྱོབ་བྱེད་དགོས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་ན། རྫོང་ལྟེ་བར་འཛིན་པ་དང་། ཞང་གྲོང་དང་སྡེ་བ་རིམ་པ་གཉིས་རྒྱབ་བརྟེན་བྱེད་པ། དང་བླངས་ཞབས་ཞུ་ཇེ་དྲག་ཏུ་གཏོང་རྒྱུ་སྣེ་འདྲེན་བྱེད་པ་དང་། “གསོག་ཚད་ལ་བརྟེན་པ་དང་འཕར་ཚད་མི་འཛིན་པའི”བླང་བྱ་ལྟར། ད་ཡོད་ཐོན་ཁུངས་ལེགས་བསྡུས་ཀྱིས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཁྱད་ཆོས་དང་ཆ་རྐྱེན་འཛོམས་པའི་རྫོང་དང་ཞང་སྐོར་ཞིག་གཏན་ཁེལ་གྱིས་སྔོན་ལ་ཚོད་ལྟ་བྱས་ནས་ཉམས་མྱོང་གསོག་པ་དང་རྨང་གཞི་བཟང་པོར་འདིང་དགོས་ལ། དེའི་རྨང་གཞིའི་སྟེང་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ། དེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཡུལ་ས་གལ་ཆེན་དུ་འགྱུར་བར་བྱ་དགོས།

དུས་རབས་ཀྱི་མི་གསར་བ་སྐྱེད་སྲིང་བྱེད་ན། ད་དུང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས། བྱ་འགུལ་གྱི་ནང་དོན་དང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དཔྱད་ཞིབ་མ་ལག་དང་ཐབས་ཤེས་འཐུས་ཚང་དུ་གཏོང་བ། “སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང”གསར་འཛུགས་བྱེད་པ། ཟི་ལིང་གི་དཔལ་ཡོན་གྲོང་ཁྱེར་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་དང་། སྐོར་ཐེངས་གསར་པའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱ་བ་དམ་འཛིན་བཟང་པོ་བྱེད་པ་དང་། “གསར་འཛུགས་ཆེན་པོ་ལྔའི”ཚད་འདེགས་རིམ་སྤོར་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་དཔལ་ཡོན་གྱི་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་དགོས། ཞང་སྡེ་དར་སྤེལ་འཐབ་ཇུས་དང་ཟུང་སྦྲེལ་གྱིས་གོང་མཐོའི་སློང་རྟེན་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་སོགས་སྲོལ་ངན་གོམས་རྙིང་ལ་ཁྲིད་སྟོན་དང་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། སྲོལ་ངན་གོམས་རྙིང་བཅོས་སྐྱོང་བྱེད་པ་དེ་གནད་འཁེལ་དབུལ་སྐྱོར་དང་ལས་གཞིའི་རྒྱབ་སྐྱོར། ཐོན་ལས་འཕེལ་རྒྱས་སོགས་དང་སྦྲེལ་ཏེ། ཞང་སྲོལ་དམངས་ཆིངས་འཐུས་ཚང་དུ་བཏང་ཞིང་། དྲང་ཕྱོགས་སྐུལ་སློང་རྐྱེན་སྲོལ་དང་ལྡོག་ཕྱོགས་ཚོད་འཛིན་རྐྱེན་སྲོལ་འཛུགས་པ་དང་། ཚུལ་ལྡན་གྱི་ཞང་སྲོལ་དང་ཡ་རབས་ཀྱི་ཁྱིམ་སྲོལ། བབ་ཆགས་ཀྱི་དམངས་སྲོལ་བཅས་གསོ་སྐྱོང་བྱས་ནས། ཞང་སྲོལ་དཔལ་ཡོན་གྱི་སྣང་ཚུལ་གསར་པ་བསྐྲུན་དགོས།

མཚོ་མོའི་རླབས་རྒྱུན་གཅིག་རྗེས་གཅིག་འདེད་བཞིན།། མི་རབས་ཀུན་ཏུ་མཁས་པ་རིམ་པར་འབྱུང་ཞེས་པ་ལྟར་མི་ཐམས་ཅད་དུས་རབས་གསར་པའི་བདེན་དཔང་པ་དང་གསར་གཏོད་པ། འཛུགས་སྐྲུན་པ་བཅས་ཡིན་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་གྱིས་བསམ་བློའི་ཆུ་ཚད་དང་། ཆབ་སྲིད་གོ་རྟོགས། ཀུན་སྤྱོད་མི་གཤིས། རིག་གནས་བྱང་ཚད། འདུ་ཤེས་འཛིན་སྟངས་བཅས་ཐད་ནས་དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་དུས་རབས་ཀྱི་མི་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱས་ནས། “ལྔ་བཞིའི་འཐབ་ཇུས”ལག་བསྟར་ནན་མོ་བྱེད་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཧུར་ཐག་གིས་ལག་ལེན་བྱེད་པ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་བྱས་རྗེས་གསར་པ་འཇོག་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།