བསམ་བློ་གཅིག་གྱུར་དང་།  སྟོབས་ཤུགས་གཅིག་སྒྲིལ་བྱེད་པ།
2018.11.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 43

མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་དཔྱད་བརྗོད་ཁག་གཉིས་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དར་ཆ་མཐོན་པོར་བསྒྲེངས་ནས། དམངས་སེམས་གོང་བུ་གཅིག་སྒྲིལ་དང་། མི་སྣ་གསར་བ་སྐྱེད་སྲིང་། རིག་གནས་དར་སྤེལ། སྣང་བརྙན་འགྲེམ་སྟོན་བཅས་བྱས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་གནས་བབ་གསར་བའི་འོག་གི་དྲིལ་སྒྲོག་བསམ་བློའི་འགན་འཁྲིའི་ལས་འགན་ལེགས་འགྲུབ་བྱེད་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་སྟེང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། རྒྱལ་ཡོངས་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཉིས་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་མཐའ་འཁྱོལ་བྱས་ཏེ། རང་འགུལ་གྱིས་འགན་འཁྲི་ཕྲག་ཏུ་བླངས་ནས། ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། འབྱོར་ཕྱུག་དཔལ་ཡོན་དང་། འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་བསམ་བློའི་ཁག་ཐེག་དང་ཞུམ་པ་མེད་པའི་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་ལ་སློབ་གསོ་གཏོང་བ་དང་། མི་དམངས་ལ་སྐུལ་ཁྲིད་བྱེད་པ། མི་དམངས་ལ་སྐུལ་ལྕག་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ལས་འབྲས་གསར་བ་སྐྲུན་པ་དང་། གྲུབ་འབྲས་གསར་བ་བླངས།   ཡང་དག་པའི་གླེང་ཕྱོགས་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། དབྱངས་རྟ་གཙོ་བོ་སྔར་ལས་སྙན་ཞིང་དྲང་ནུས་གཙོ་བོ་སྔར་ལས་ཤུགས་དྲག་ཏུ་བཏང་ནས། གཙོ་རྒྱུགས་བསམ་བློའི་གླེང་ཕྱོགས་ཇེ་ཆེ་དང་ཇེ་དྲག་ཏུ་བཏང་སྟེ། སློབ་གསོའི་སློབ་སྦྱོང་ལ་ཤུགས་བསྣན་ནས་དྲིལ་སྒྲོག་ཁྱབ་གདལ་དུ་གཏོང་བ་བརྒྱུད་ནས་དང་། ཏན་ཏིག་སྒོས་ཏང་གི་གསར་སྐྲུན་གཞུང་ལུགས་ཁུང་དུ་ཆུད་པར་སྐུལ་འདེད་གཏོང་དགོས་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་།ཀུན་སྤྱོད་འཛུགས་སྐྲུན་བཟོ་སྐྲུན་གཏིང་ཟབ་ཏུ་ལག་བསྟར་བྱེད་པ།མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་བཅས་བརྒྱུད་ནས། ནུས་ཡོད་སྒོས་མི་རིགས་བསྐྱར་དར་གྱི་འགན་ཁུར་ཁུར་ཕོད་པའི་དུས་རབས་མི་སྣ་གསར་བ་གསོ་སྐྱོང་བྱེད་དགོས། མགྱོགས་མྱུར་སྒོས་རིག་གནས་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་།  ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་པར་ཤུགས་སྣོན་པ་དང་། སྤྱི་བོའི་རིག་གནས་ཞབས་ཕྱི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བརྒྱུད་ནས་སྤུས་ཚད་མཐོ་བའི་རིག་གནས་ཀྱིས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བསམ་པའི་བསམ་བློའི་རིག་གནས་རེ་ལྟོས་གསར་བ་འདོན་སྤྲོད་བྱས་ཏེ། ཕྱི་ཕྱོགས་དྲིལ་སྒྲོག་དང་། ནུགས་ཆེན་པོས་བརྒྱུད་སྒྲོག་ནུས་པ་འཛུགས་སྐྲུན་བྱས་ནས། ཧུར་བརྩོན་གྱིས་ཕྱི་ཕྱོགས་སུ་རིག་གནས་བརྗེ་རེས་བྱས་ཏེ། མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་སྒྲོག་པ་དང་། མཚོ་སྔོན་གྱི་གླུ་སྐད་སྙན་མོ་བརྒྱུད་སྒྲོག་བྱེད་དགོས།

ལོ་ཙྭ་བ། སྟོབས་ལྡན་རྒྱལ།