དབྱངས་རྟ་གཙོ་བོ་ཤུགས་ཀྱིས་གྱེར། བདེན་པའི་ནུས་སྟོབས་ཆེ་རུ་བསྐྱེད།
2018.11.29 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 49

ཉེ་སྔོན་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ནང་སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དེས། རང་ཞིང་གི་མིག་སྔར་དང་དེང་ཕྱིན་གྱི་དུས་སྐབས་ཤིག་གི་དྲིལ་སྒྲོག་བསམ་བློ་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། གྲོས་ཚོགས་ལ་རང་ཞིང་གི་གསར་འགྱུར་གླེང་ཕྱོགས་ལས་རིགས་ནས་ཚུར་སྣང་དྲག་པོ་བྱུང་ཞིང་། ཚང་མས་གཅིག་རྗེས་གཉིས་མཐུད་དུ་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་ལག་བསྟར་དངོས་འབེབས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་དངོས་གནས་གཅིག་གྱུར་ཡོང་བར་བྱེད་པ་དང་། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། དྲིལ་སྒྲོག་བསམ་བློ་བྱ་བའི་ཡིད་ཆེས་དང་ཆོད་སེམས་དངོས་གནས་བརྟན་པོར་བཏང་ནས།དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྡུ་བ། མི་གསར་པ་གསོ་སྐྱོང་བྱེད་པ་དང་། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་སྟོན་པ་བཅས་ཀྱི་ལས་འགན་འགན་འཁྲི་ལག་ལེན་དང་ལེགས་འགྲུབ་གང་ལེགས་བྱས་ནས་ཏང་གི་སྐད་སྒྲ་ཁྱིམ་ཚང་ཁྲི་མ་འབུམ་ལ་བརྒྱུད་སྒྲོག་བྱེད་དགོས་ཞེས་བཤད།

ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཞ་ཡིས་བཤད་རྒྱུར། ང་ཚོས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དེ་དྲིལ་སྒྲོག་བསམ་བློ་བྱ་བའི་གནད་འགག་ཅིག་ཏུ་བརྩིས་ནས། གནས་བབ་གསར་པ་ཁོང་དུ་ཆུད་པ་དང་གནས་ཚད་གསར་པ་ལེགས་པར་འཚོལ་བ། ལས་འགན་གསར་པར་ཤུགས་འདོན་པ། དུས་རབས་གསར་པར་བྱས་རྗེས་འཇོག་པ་བཅས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་མིག་དཔེ་གྲོང་ཁྱེར་གསར་སྐྲུན་དང་དུས་རབས་གསར་པའི་བདེ་སྐྱིད་ཟི་ལིང་འཛུགས་སྐྲུན་བྱེད་པར་བསམ་བློའི་ཁག་ཐེག་བརྟན་པོ་དང་སྙིང་སྟོབས་ཀྱི་སྟོབས་ཤུགས་ཆེན་པོ་འདོན་སྤྲོན་བྱེད་དགོས་ཟེར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཝང་ཡུན་ཁྲང་གིས་བཤད་རྒྱུར། ང་ཚོས་ཕུགས་བསམ་འདུ་ཤེས་བརྟན་པོར་གཏོང་བ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་པར་དམ་པོར་དམིགས་པ་དང་། དམར་མདོག་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་བྱས་ནས། ཞིང་ཆེན་ཡོངས་ཀྱི་དང་པོ་དང་རྒྱལ་ཡོངས་སུ་མིང་དུ་གྲགས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། ཕུགས་བསམ་ཡིད་ཆེས་སློབ་གསོའི་རྟེན་གཞི་འཛུགས་པ་དང་། དམར་མདོག་ཡུལ་སྐོར་གནས་མཆོག་དང་མཚོ་སྔོན་གསར་པའི་སྙིང་སྟོབས་བསྐྲུན་ཏེ་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་ཟེར།

མགོ་ལོག་ཁུལ་ཨུའི་དྲིལ་སྒྲོག་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པ་ཚའོ་ཧྥ་ཧྲན་གྱིས་བཤད་རྒྱུར། དུས་རབས་གསར་པའི་དྲིལ་སྒྲོག་བསམ་བློ་བྱ་བའི་ལས་འགན་བླང་བྱ་དངོས་འབེབས་ཞིབ་མོ་དང་། དྲིལ་སྒྲོག་ཁོར་ཡུག་གི་འགྱུར་ལྡོག་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། བློ་བརྟན་ཅན་དང་ཧུར་བརྩོན་ཅན། གསར་གཏོད་མཁན་བཅས་ཀྱི་སྤྱོད་སྟངས་ཀྱིས་དུས་རབས་གསར་པའི་ལས་འགན་ལྕི་མོ་སྔར་ལས་བཟང་བའི་སྒོ་ནས་ཁག་ཁུར་བྱེད་དགོས་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྥུའུ་ཡུས་ལེན་གྱིས་བཤད་རྒྱུར། གཞི་རིམ་གྱི་དྲིལ་སྒྲོག་བསམ་བློ་བྱ་བ་གཉེར་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་དགོངས་དོན་གྱི་དོན་སྙིང་གཙོ་བོ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། ངེས་པ་དོན་གྱིས་རིམ་པ་རེ་རེ་བཞིན་སློབ་པ་དང་གོ་བ་གཏིང་ཟབ་ཏུ་ལོན་པར་བྱས་ནས། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་སྟེང་གཅིག་གྱུར་ཡོང་བ་དང་། དབྱངས་རྟ་གཙོ་བོ་གྱེར་བ་དང་དྲང་ནུས་ཆེ་རུ་བསྐྱེད་དེ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གླེང་ཕྱོགས་ཀྱི་ཉམས་སྣང་བཟང་པོ་སྐྲུན་དགོས་ཟེར།

རྫ་སྟོད་རྫོང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ལྷ་མོ་འཚོས་བཤད་རྒྱུར། ངེས་པར་སློབ་སྦྱོང་དང་དྲིལ་སྒྲོག་བཟང་པོ་བྱེད་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། རྫོང་རིམ་པའི་སྨྱན་བྱད་ལྟེ་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རྫ་སྟོད་ཀྱི་གཏམ་རྒྱུད་ལེགས་པར་འཆད་པ། སྔར་ལས་སྤྲོ་སེམས་ཆེ་བ་དང་བྱ་བ་ནན་ཏན་ཡིན་པའི་སྤྱོད་ཚུལ་གྱིས་རྫོང་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གནས་བབ་གསར་པ་ཧུར་ཐག་གིས་གསར་སྐྲུན་བྱེད་དགོས་ཟེར།

ཏང་གི་ཚགས་པར་གྱི་གསར་འགྱུར་བྱ་བ་གཉེར་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་ངེས་པར་དུ་རང་གི་ལས་རྐང་ལ་རྐང་ཚུགས་ཏེ། ཡང་དག་པའི་གླེང་ཕྱོགས་ཀྱི་ཕྱོགས་སྟོན་ལ་བརྟེན་པ་དང་། རྐུང་ཤུགས་དང་མིག་ཤུགས། ཀླད་ཤུགས། སྨྱུག་ཤུགས་བཅས་ལ་བརྟེན་ནས། འདམ་གྱིས་གོས་པ་དང་ཟིལ་བ་ཁྲོལ་བ། དྲོད་རླངས་འཐིལ་བ་བཅས་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་མང་པོ་འབྲི་བ་དང་། གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྒྲོག་ནུས་པ་དང་སྐུལ་ཁྲིད་ནུས་པ། ཤུགས་རྐྱེན་ནུས་པ། སྤྱི་སྟོན་ནུས་པ་བཅས་མཐོར་འདེགས་གང་ནུས་བྱེད་དགོས་ཞེས་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སློབ་སྲིད་པུའུ་ཡི་གསར་འགོད་པ་མོ་ཁྲང་ཝེ་ཡིས་དེ་ལྟར་བཤད་བྱུང་།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གསར་འགྱུར་ལྟེ་གནས་ཀྱི་གསར་འགོད་པ་ཉི་ཡན་གྱིས་བཤད་རྒྱུར། གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀླད་པར་དྲག་ཆས་སྤྲས་ནས། ཡང་དག་པའི་གླེང་ཕྱོགས་ཀྱི་ཕྱོགས་སྟོན་རྒྱུན་འཁྱོངས་སྒོས་གསར་འགྱུར་ཡུལ་དངོས་དང་འཐབ་ཕྱོགས་དང་པོར་མང་དུ་བསྐྱོད་དེ། དུས་བབ་དང་མཐུན་པའི་གསར་འགྱུར་བཅར་འདྲི་གང་མང་བྱས་ནས། ཏང་དང་སྲིད་གཞུང་གི་བྱེད་ཕྱོགས་དང་སྲིད་ཇུས་ཁྱིམ་ཚང་ཁྲི་མ་འབུམ་ལ་བརྒྱུད་སྒྲོག་བྱས་ཏེ་འབངས་མིའི་སེམས་སུ་འཇགས་པར་བྱེད་དགོས།

“གསར་འགྱུར་ལེགས་པོ་ལམ་དུ་ཡོད། གཞི་རིམ་དང་ཡུལ་དངོས་སུ་ཡོད། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གྱིས་ང་ཚོས་མུ་མཐུད་དུ་གསར་འགྱུར་རྩོམ་ཡིག་གི་རྩོམ་སྲོལ་ལེགས་བསྒྱུར་བྱེད་པ་དང་། བརྗོད་དོན་དྲིལ་སྒྲོག་ལ་ཤུགས་སྣོན་པ། གསར་འགྱུར་གྱི་མཐོང་རྒྱ་སྐྱེད་པ་བཅས་ལ་ཁྲིད་སྟོན་བྱས་བྱུང”ཞེས་ནུབ་མཚོ་གྲོང་ཁྱེར་ཚགས་པར་གསར་འགྱུར་ལྟེ་གནས་ཀྱི་གསར་འགོད་པ་ཀྲོའུ་ཅན་ཕིང་གིས་དེ་ལྟར་བཤད་བྱུང་།
         སྤྱིའི་རིང་ཚད་ལ་སྤྱི་ལེ་ང་བདུན་ལྷག་ཡོད་པའི་ཞུན་ཧྭ་དར་རྒྱལ་རི་བོའི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱུང་ཞིང་། མུ་རྒྱུད་ཡོངས་སུ་ཟམ་ཆེན་དང་ཕུག་ལམ་རིང་པོ་མང་པོ་ཡོད་ལ། ལྷག་ཏུ་ཀན་སུའུ་དང་མཚོ་སྔོན་གྱི་འབྲེལ་མཚམས་སུ་ཟམ་པ་དང་ཕུག་ལམ་བསྟར་ཕྲེང་དུ་ལས་ཡོད། འདི་ནི་གྲང་ངར་ཆེ་ལ་ས་བབ་མཐོ་བའི་མཚམས་ཀྱི་ནུབ་བྱང་སྦྲེལ་བྱེད་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་མའི་ཟམ་པའི་མུ་རྒྱུད་ཅིག་རེད།

                                                                                                                      རྩོམ་སྒྲིག་པ། སྐར་མ་མཚོ།