བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
2018.12.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 65

བློ་མཐུན་རྣམ་པ།གྲོགས་པོ་རྣམ་པ།

1978ལོའི་ཟླ12ཚེས18ཉིན་ནི། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་བཅས་ཀྱི་དེབ་ཐེར་སྟེང་བཀོད་པའི་ཉིན་མོ་གལ་ཆེན་ཞིག་ཡིན་ངེས། ཉིན་དེར་ང་ཚོའི་ཏང་གིས་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ་ཏང་གི་ལོ་རྒྱུས་སྟེང་དོན་སྙིང་ཟབ་མོ་ལྡན་པའི་རླབས་ཆེན་གྱི་དཀྱོག་མཚམས་མངོན་འགྱུར་བྱས་ནས། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རླབས་ཆེན་བགྲོད་ལམ་གསར་གཏོད་བྱས།

དེ་རིང་ང་ཚོ་འདི་ནས་གཟབ་རྒྱས་ངང་ལྷན་འཛོམས་བྱུང་ཏེ། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་ཕྱིར་དྲན་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་གྲུབ་འབྲས་དང་ཉམས་མྱོང་བཟང་པོ་ཕྱོགས་སྡོམ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་སྐུལ་སློང་བྱས་ཏེ་དུས་རབས་གསར་བའི་ནང་མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་མདུན་དུ་བསྐྱོད་པར་སྐུལ་འདེད་བཏང་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས།

བློ་མཐུན་རྣམ་པ།གྲོགས་པོ་རྣམ་པ།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ག་འདྲ་བྱེད་མིན་ལ་འཕྲད་པའི་ལོ་རྒྱུས་ཀྱི་གནད་འགག་ཆེན་པོ་དེར་བསྡུས་པ་ཡིན་ལ། སྐབས་དེར་འཛམ་གླིང་གི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་། ཚན་རྩལ་ཉིན་རེ་བཞིན་ཡར་ཐོན་བྱུང་མོད། འོན་ཀྱང་རིག་གནས་གསར་བརྗེ་ཆེན་པོའི་ལོ་བཅུའི་ནང་འཁྲུག་གིས་རང་རྒྱལ་གྱི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སུ་བསྐྱལ་བ་དང་། མི་དམངས་ཀྱི་ཁ་རྒྱབ་ཀྱང་གནད་དོན་དུ་གྱུར་ཏེ། རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་རིགས་སྣ་ཚོགས་སྒྲུབ་རྒྱུར་སྒུག་པ་རེད། ཏང་ཕྱི་ནང་དུ་རིག་གནས་གསར་བརྗེ་ཆེན་པོའི་ནོར་འཁྲུལ་ཡོ་བསྲང་བྱེད་པར་བླང་བྱ་དྲག་པོ་བཏོན་ནས། ཏང་དང་རྒྱལ་ཁབ་ཉེན་ཁ་ཆེན་པོའི་ཁྲོད་ནས་ཡང་བསྐྱར་ཡར་ལངས། བློ་མཐུན་ཏིན་ཞའོ་ཕེན་གྱིས་བསྟན་དོན། གལ་ཏེ་ད་ལྟ་ད་དུང་བཅོས་སྒྱུར་ལག་བསྟར་མ་བྱས་ཚེ། ང་ཚོའི་དེང་རབས་ཅན་གྱི་ལས་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་དེ་དུར་འཇུག་བྱེད་པ་དང་ཀུན་ནས་མཚུངས།

བློ་མཐུན་ཏིན་ཞའོ་ཕེན་གྱི་མགོ་ཁྲིད་འོག་དང་གསར་བརྗེའི་རྒན་རབས་པའི་རྒྱབ་སྐྱོར་འོག ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དུས་ཡུན་རིང་བོའི་གཡོན་ཕྱོགས་ནོར་འཁྲུལ་གྱི་འཆིང་རྒྱ་ཆེན་པོ་གཏོར་བ་དང་། ཡིན་མིན་གཉིས་ཀྱི་ནོར་འཁྲུལ་བྱེད་ཕྱོགས་ལ་དགག་པ་བརྒྱབ་ཏེ། མའོ་ཙེ་ཏུང་གི་དགོངས་པ་ངེས་པར་དུ་འཐུས་ཚང་དུ་གཏོང་བ་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པའི་ཚན་རིག་གི་མ་ལག་ལ་ཁས་ལེན་གང་ལེགས་བྱས་པ་དང་། བདེན་ལུགས་ཀྱི་ཚད་གཞིའི་གནད་དོན་སྐོར་གྱི་གྲོས་སྡུར་ལ་གདེང་འཇོག་ཚད་མཐོན་པོ་བྱས་ཏེ། གྲལ་རིམ་འཐབ་རྩོད་ཀྱིས་རྩ་འཛིན་བྱེད་པ་འཕྲལ་ཐག་ཆོད་པོས་མཇུག་རྫོགས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་ལམ་ཕྱོགས་དང་ཆབ་སྲིད་ལམ་ཕྱོགས། རྩ་འཛུགས་ལམ་ཕྱོགས་བཅས་ཡང་བསྐྱར་གཏན་ཁེལ་བྱས་ཤིང་། དུས་དེ་ནས་བཟུང་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཡོལ་བ་ཆེན་པོ་ཕྱེས།

ང་ཚོའི་ཏང་གིས་བཅོས་སྒྱུར་སྒོ་འབྱེད་ལག་ལེན་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་བཏོན་པ་ནི། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་གཞིགས་ནས་གདེང་ཚོད་ཟབ་མོ་བྱས་པ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལག་ལེན་ལ་གཞིགས་ནས་ཕྱོགས་སྡོམ་གཏིང་ཟབ་བྱས་པ་དང་། དུས་རབས་ཀྱི་རླབས་རྒྱུན་ལ་གཞིགས་ནས་མཐིལ་རྟོགས་གཏིང་ཟབ་བྱས་པ་ཡིན་ཞིང་།  མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་དགོས་མཁོར་གཞིགས་ནས་ཉམས་ཞིབ་ཟབ་མོ་བྱས་པ་ཡིན། བློ་མཐུན་ཏིན་ཞའོ་ཕེན་གྱིས་བསྟན་དོན། དབུལ་ཕོངས་ནི་སྤྱི་ཚོགས་རིང་ལུགས་མིན་ལ། ང་ཚོས་དུས་རབས་ཀྱི་རྗེས་ཆོད་པར་བྱེད་དགོས། དེ་ནི་བཅོས་སྒྱུར་དམིགས་ཡུལ་འགྲུབ་པར་བྱེད་དགོས་པ་དེ་ཡིན།

ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་དེའི་ཆོས་ཉིད་ལྡན་མོད། འོན་ཀྱང་མི་རྣམས་དེའི་ཁྲོད་དུ་སྒྱིད་ལུག་དང་གཞན་དབང་དུ་མི་འགྲོ་བར། ལོ་རྒྱུས་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་། ལོ་རྒྱུས་བསྒྱུར་བཅོས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། དཀའ་སྤྱད་འབད་འབུངས་དང་ཡར་རྒྱས་བརྩོན་ལེན་བྱས་ན། མིའི་རིགས་ཀྱི་སྤྱི་ཚོགས་སྔར་ལས་བཟང་པོའི་སྒོ་ནས་མདུན་དུ་བསྐྱོད་ཐུབ།

བཅོས་སྒྱུར་སྒོ་འབྱེད་ནི་ང་ཚོའི་ཏང་གི་རླབས་ཆེན་གྱི་གོ་རྟོགས་ཐེངས་ཤིག་ཡིན། རླབས་ཆེན་གྱི་གོ་རྟོགས་དེས་ང་ཚོའི་ཏང་གི་གཞུང་ལུགས་ནས་ལག་ལེན་བར་གྱི་རླབས་ཆེན་གྱི་གསར་སྐྲུན་གསོ་སྐྱོང་བྱས་པ་ཡིན། བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་སྟེང་གི་རླབས་ཆེན་གསར་བརྗེ་ཐེངས་ཤིག་ཡིན་ལ། རླབས་ཆེན་གྱི་གསར་བརྗེ་དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རླབས་ཆེན་གྱི་མཆོང་བསྐྱོད་ལ་སྐུལ་འདེད་བྱས་པ་ཡིན།

བློ་མཐུན་རྣམ་པ།གྲོགས་པོ་རྣམ་པ།

ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ། བཅོས་སྒྱུར་སྒོ་འབྱེད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ་བཅས་ནི། ལྔ་བཞི་ལས་འགུལ་ཚུན་ལ་རང་རྒྱལ་དུ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་གསུམ་ཡིན་ལ། ཉེ་རབས་ཀྱི་ཚུན་ལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལམ་ཚད་རྡོ་རིང་ཆེན་པོ་གསུམ་ཀྱང་ཡིན།

བློ་མཐུན་མའོ་ཙེ་ཏུང་གཙོར་མཛད་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་གསར་བརྗེའི་བྱེ་བྲག་གི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། མའོ་ཙེ་ཏུང་གི་དགོངས་པ་གསར་སྐྲུན་བྱས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། དུས་ཡུན་རིང་བོར་དཀའ་སྤྱད་འབད་འཐབ་བྱས་ནས། དམངས་གཙོ་རིང་ལུགས་ཀྱི་གསར་བརྗེ་གསར་བ་ལེགས་འགྲུབ་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ།  སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཙུགས་ཏེ། ཀྲུང་གོའི་ལོ་རྒྱུས་སྟེང་ཆེས་གཏིང་ཟབ་ཅིང་ཆེས་རླབས་ཆེ་བའི་སྤྱི་ཚོགས་ཀྱི་བསྒྱུར་བཅོས་རྒྱལ་ཁའི་ངང་མངོན་འགྱུར་བྱས་ནས། དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ཡོད་ཚད་ལ་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོ་དང་ལམ་ལུགས་ཀྱི་རྨང་གཞི་བཏིང་། འཚོལ་ཞིབ་ཀྱི་བརྒྱུད་རིམ་ཁྲོད། ནོར་འཁྲུལ་གྱི་དཀྱོག་མཚམས་ཤིག་བརྒྱུད་མྱོང་མོད། འོན་ཀྱང་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ཁྲོད་བླངས་བའི་ཐུན་མིན་རང་བཞིན་གྱི་གཞུང་ལུགས་གྲུབ་འབྲས་དང་གྲུབ་འབྲས་ཆེན་པོ་ཡིས། ལོ་རྒྱུས་ཀྱི་དུས་སྐབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་བྱེད་པར་ཉམས་མྱོང་བཟང་བོ་དང་གཞུང་ལུགས་ཀྱི་གྲ་སྒྲིག  དངོས་པོའི་རྨང་གཞི་བཅས་འདོན་སྤྲོད་བྱས།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། བློ་མཐུན་ཏིན་ཞའོ་ཕེན་གཙོར་མཛད་པའི་ཀྲུང་གོ་གུང་ཁྲན་ཏང་མིས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ཉམས་མྱོང་ཕྱོགས་སྡོམ་ཟབ་མོ་བྱས་པ་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ཉམས་མྱོང་དཔྱད་གཞིར་བཟུང་ནས། ཏིན་ཞའོ་ཕེན་གྱི་རིག་པའི་གཞུང་ལུགས་གསར་སྐྲུན་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་དཀྱིལ་སྙིང་དེ་དཔལ་འབྱོར་འཛུགས་སྐྲུན་གྱི་སྟེང་དུ་འཇོག་པ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གཏིང་ཟབ་ཏུ་མཚོན་པ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་གཏན་ཁེལ་བྱེད་པ། རང་ཉིད་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ་གསལ་བོར་བཏོན་ནས།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ། དུས་རབས་ཉེར་གཅིག་པའི་དུས་དཀྱིལ་བར་གོམ་རིམ་གསུམ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པའི་འཕེལ་རྒྱས་འཐབ་ཇུས་གཏན་འཁེལ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁའི་ངང་གསར་གཏོད་བྱས།

ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་རྗེས་སུ། བློ་མཐུན་ཅང་ཙེ་མེན་གཙོར་མཛད་པའི་ཀྲུང་གོ་གུང་ཁྲན་ཏང་མིས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཅི་ཞིག་ནི་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཇི་ལྟར་འཛུགས་སྐྲུན་བྱེད་པ། ཅི་ལྟ་བུའི་ཏང་ཞིག་འཛུགས་སྐྲུན་དང་ཏང་ཇི་ལྟར་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ངོས་ཟིན་ཇེ་ཟབ་ཏུ་བཏང་བ་དང་། ཏང་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་གི་ཉམས་མྱོང་བཟང་བོ་བསགས་ཤིང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྲུབ་པར་བྱས། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ ཧ་ཅང་རྙོག་འཛིང་ཆེ་ཞིང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་དཀྱོག་མཚམས་ཚབས་ཆེན་གྱི་ཛ་དྲག་ཆེ་བའི་ཉམས་སད་ཐེབས་པའི་མདུན་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྲུང་སྐྱོབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་བཅོས་སྒྱུར་དམིགས་འབེན་དང་གཞི་རྩའི་སྒྲོམ་གཞི་གཏན་ཁེལ་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་བགོ་བཤའི་ལམ་ལུགས་གཏན་འཁེལ་བྱས་ནས། ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱས་པ་དང་། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བར་སྐུལ་འདེད་བྱས་ཏེ། རྒྱལ་ཁའི་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་ཉེར་གཅིག་པར་བསྐྱོད་པར་སྐུལ་འདེད་བཏང་།

ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་རྗེས་སུ། བློ་མཐུན་ཧུའུ་ཅིན་ཐོ་གཙོར་མཛད་པའི་ཀྲུང་གོ་གུང་ཁྲན་ཏང་མིས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཏིན་ཞའོ་ཕེན་གྱི་རིག་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱིས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་བླང་བྱ་གསར་བ་ལྟར། གནས་བབ་གསར་བའི་འོག་འཕེལ་རྒྱས་ཅི་ལྟ་བུ་ཞིག་མངོན་འགྱུར་དང་། ཇི་ལྟར་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་གཏིང་ཟབ་ཏུ་ངོས་འཛིན་དང་ལན་གསལ་བོར་བཏབ་ཏེ། ཚན་རིག་གི་འཕེལ་རྒྱས་ལྟ་བ་གྲུབ་པ་དང་། འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་ལག་ལེན་གསར་སྐྲུན་དང་གཞུང་ལུགས་གསར་སྐྲུན། ལམ་ལུགས་གསར་སྐྲུན་བཅས་སྐུལ་སྤེལ་བྱས་པ་དང་། མི་གཙོ་བོར་འཛིན་པ་དང་། ཁྱོན་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་སྒྲིག་བྱེད་སྟངས་གྲུབ་པར་བྱེད་པ་ནན་གྱིས་བསྟན་པ་དང་། ཤུགས་ཕུད་དེ་དམངས་ཚིས་འགན་སྲུང་ལེགས་བཅོས་བྱེད་པ་དང་། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ལ་ཡར་སྐུལ་བྱེད་པ། འཆམ་མཐུན་གྱི་འཛམ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། ཏང་གི་སྲིད་འཛིན་ནུས་ཤུགས་འཛུགས་སྐྲུན་དང་སྔོན་ཐོན་རང་བཞིན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ།  ལོ་རྒྱུས་གྱི་མགོ་རྩོམ་ས་གསར་བའི་སྟེང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་བར་རྒྱལ་ཁ་བླངས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་མཐུན་སྒྲིལ་དམ་པོས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ། ཁྱོན་ཡོངས་ནས་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་གསར་བར་ཞིབ་ལྟ་བྱས་པ་དང་། ལག་ལེན་སྤྱི་བསྡོམས་དང་། མ་འོངས་པར་རྒྱང་ལྟ་བྱེད་པ་བརྒྱུད་ནས། དུས་རབས་གསར་བར་ཅི་ལྟ་བུའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཤིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཤིག་ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དུས་རབས་ཀྱི་གྲོས་གཞི་གལ་ཆེན་ལ་དྲིས་ལན་ཟབ་མོ་བཏབ་སྟེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་གྲུབ་པ་དང་། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱེད་པ། བརྟན་འཇགས་ཁྲོད་འཕེལ་རྒྱས་གཏོང་བའི་བྱ་བའི་སྤྱིའི་སྙིང་བོ་རྒྱུན་འཁྱོངས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་བྱ་བའི་ཐད་ལ་བསམ་ཕྱོགས་གསར་བ་དང་། བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་རབས་དང་རིམ་པར་འདོན་སྤྲོད་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱིས་བཅོས་སྒྱུར་དང་། ལོ་རྒྱུས་རང་བཞིན་གྱིས་གྲུབ་འབྲས་བླངས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པར་སྐུལ་འདེད་བཏང་། ང་ཚོས་ཆབ་སྲིད་ཀྱི་སྙིང་སྟོབས་དང་བློ་གྲོས་ཆེན་པོས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། ཤུགས་ཆེན་པོའི་སྒོ་ནས་བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། ལམ་ལུགས་གལ་ཆེན་གསར་སྐྲུན་བྱེད་པ་དམ་འཛིན་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རང་བཞིན་དང་། བདེ་སྐྱིད་རང་བཞིན། བདེ་འཇགས་རང་བཞིན་ཇེ་མཐོར་གཏོང་བ་བཅས་ལ་བཅོས་སྒྱུར་གྱི་ཇུས་གཞི་སྟོང་གཅིག་དང་དྲུག་བརྒྱ་ལྷག་བཏོན་ཏེ། སྲ་མཁྲེགས་ཀྱི་རུས་པ་མང་པོ་ཞིག་ལྡད་ཐུབ་པ་དང་། དྲག་ཏུ་བཞུར་བའི་ཆུ་བོ་དང་ཉེན་ཁ་ཆེ་བའི་གྲམ་པ་མང་པོ་ཞིག་བརྒལ་ཏེ། བཅོས་སྒྱུར་ལ་ཁྱོན་ཡོངས་ནས་སྟོབས་ཤུགས་མང་པོ་དང་། ཐོད་བརྒལ་མང་པོ། གོམ་པ་བརྟན་པོ། གཏིང་ཟབ་སྒོས་སྐུལ་འདེད་བྱེད་པའི་རྣམ་པ་ཞིག་མངོན་དུ་བཅུག

དཀའ་བའི་ལ་མོ་མ་བརྒྱབ་ན། བདེ་མོའི་ཐང་ལ་སླེབས་མི་སྲིད། ལོ་ངོ་བཞི་བཅུའི་རིང་ལ། ང་ཚོས་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། སྙིང་སྟོབས་ཆེན་པོས་ཚོད་ལྟ་བྱེད་པ། དཔའ་ངར་ཆེན་པོས་བཅོས་སྒྱུར་བྱས་པས། གྲུབ་འབྲས་གསར་བ་ཞིག་བསྐྲུན། ཁྱིམ་ཚང་མཉམ་འབྲེལ་གྱིས་ཐོན་སྐྱེད་འགན་གཙང་ལེན་དང་། ཞང་དང་གྲོང་བརྡལ་གྱི་ཁེ་ལས་ལ་སྟོབས་ཤུགས་གསར་བ་གློ་བུར་དུ་བྱུང་བ། ཞིང་ཁྲལ་ཕྱུགས་ཁྲལ་དང་ཁྱད་ཐོན་ཁྲལ་མེད་པར་གཏོང་བ་ནས་ཞིང་སྡེའི་ཞིང་སར་འགན་གཙང་ལེན་བྱེད་པའི༼དབང་གསུམ༽དབྱེ་སྒོ་དང་། དབུལ་སྐྱོར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བ། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་བར་དང་། དེ་ནས་ཧྲིན་ཀྲིན་སོགས་དཔལ་འབྱོར་དམིགས་བསལ་ས་ཁུལ་བཙུགས་པ་ནས་བཟུང་། མཚོ་འགྲམ་དང་གཙང་འགྲམ་དང་། སྐམ་སའི་ནང་ཁུལ་གྱི་གྲོང་ཁྱེར་གཙོ་བོ་ཕྱི་ཕྱོགས་སུ་སྒོ་འབྱེད་བྱེད་པ་ནས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པ་དང་། མཉམ་དུ༼རྒྱུད་གཅིག་ལམ་གཅིག༽བསྐྲུན་པ། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་བཙུགས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རང་དབང་ཉོ་ཚོང་གྲུ་ཁ་འཚོལ་ཞིབ་བྱེད་པ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་བཤམས་སྟོན་ཚོགས་འདུ་ཐོག་མ་རྒྱལ་ཁའི་ངང་བསྡུས་པའི་བར། དེ་ནས་ནང་དུ་འདྲེན་ཐུབ་པ་ནས་ཕྱི་རུ་འགྲོ་ཐུབ་པའི་བར་དང་། རྒྱལ་གཉེར་ཁེ་ལས་ཆེ་འབྲིང་ཆུང་གསུམ་བཟང་པོར་སྒྲུབ་པ་དང་། སྒེར་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནས་རྒྱལ་གཉེར་ཐོན་ཁུངས་དང་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་བྱེད་པ། མཉམ་བསྲེས་དབང་བའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་བར། དེ་ནས་སྣ་གཅིག་ཅན་གྱི་སྤྱི་ལ་དབང་བའི་ལམ་ལུགས་ནས་སྤྱི་ལ་དབང་བའི་ལམ་ལུགས་གྲུབ་ཆ་གཙོ་བོ་བྱས་པ། སྣ་མང་དབང་བའི་ལམ་ལུགས་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་བཏང་བ་དང་། གཡོ་འགུལ་མི་བྱེད་པ་གཉིས་རྒྱུན་འཁྱོངས་བྱེད་པའི་བར། དེ་ནས་སྲོལ་རྒྱུན་གྱི་འཆར་གཞིའི་དཔལ་འབྱོར་སྒྲིག་སྲོལ་ནས་སྔ་ན་མེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་། ཚོང་རས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཐག་གཅོད་རང་བཞིན་གྱི་བྱེད་ནུས་དང་སྲིད་གཞུང་གིས་ནུས་པ་སྔར་ལས་བཟང་པོ་ཐོན་པར་བྱས་པའི་བར། དེ་ནས་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གཙོ་བོ་ཡིན་པ་ནས་ཁྱོན་ཡོངས་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ། ཏང་གི་ལམ་ལུགས་འཛུགས་སྐྲུན་བཅོས་སྒྱུར་གཏིང་ཟབ་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་དང་། ཁྲིམས་འཛིན་དོ་དམ་སྒྲིག་སྲོལ་བཅོས་སྒྱུར། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྒྲིག་སྲོལ་བཅོས་སྒྱུར། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར། ཕྱི་དོན་སྒྲིག་སྲོལ་བཅོས་སྒྱུར། སྤྱི་ཚོགས་བཅོས་སྐྱོང་སྒྲིག་སྲོལ་བཅོས་སྒྱུར། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར། རྒྱལ་ཁབ་བདེ་འཇགས་སྒྲིག་སྲོལ་བཅོས་སྒྱུར། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར། ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་སྒྱུར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཞིབ་དཔྱོད་ལམ་ལུགས་བཅོས་སྒྱུར་སོགས་བཅོས་སྒྱུར་གལ་ཆེན་རབས་དང་རིམ་པར་དམ་འཛིན་སྒོས་སྐུལ་འདེད་བྱས་ཏེ། དམངས་བདེ་དང་། དམངས་ཚིས། དམངས་ཕན་བྱེད་ཐབས་བཅས་རིམ་བཞིན་ཏུ་ལག་བསྟར་བྱས་པས། བཅོས་སྒྱུར་སྒོ་འབྱེད་དེ་དེང་རབས་ཀྲུང་གོའི་ཆེས་མངོན་གསལ་གྱི་ཁྱད་ཆོས་དང་། ཆེས་མཛེས་པའི་སྣང་བརྙན་ཞིག་ཏུ་གྱུར།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་འགོར་བའི་རིང་ལ། དུས་སྐབས་གསར་བ་ནས་དུས་རབས་གསར་བར་བརྒལ་བ་དང་། མགོ་ཚུགས་ས་གསར་བ་ནས་དུས་རབས་གསར་བར་བསྐྱོད་པ། ལོ་ངོ་བཞི་བཅུའི་རིང་ལ་སྐྱིད་སྡུག་མཉམ་མྱོང་དང་།  དཀའ་ངལ་གཙང་སེལ། ཧུར་བརྩོན་གྱིས་མདུན་བསྐྱོད་བྱས་པ་དང་། ང་ཚོ་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་རི་མོ་ཞིག་བྲིས་པ་དང་། གནམ་ས་གཡོ་བ་དང་། རི་ཀླུང་སྒུལ་བའི་འབད་བརྩོན་གྱི་བསྟོད་གླུ་ཞིག་བྲིས།

ལོ་ངོ་བཞི་བཅུའི་རིང་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་བསྐྱོད། དངོས་འཚོལ་ནན་སྒྲུབ་བཅས་རྒྱུན་འཁྱོངས་བྱས་ནས། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་ནམ་ཡང་མི་འགྱུར་བ་རྒྱུན་འཁྱོངས་དང་། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་མི་འགྱུར་བ་རྒྱུན་འཁྱོངས་བྱས་ཏེ། དཔའ་ངར་ཆེན་པོས་གཞུང་ལུགས་གསར་སྐྲུན་དང་། ལག་ལེན་གསར་སྐྲུན། ལམ་ལུགས་གསར་སྐྲུན། རིག་གནས་གསར་སྐྲུན་དང་། དེ་མིན་ཕྱོགས་སོ་སོའི་ཐད་ཀྱི་གསར་སྐྲུན་ལ་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་མངོན་གསལ་དོད་པོས་ལག་ལེན་གྱི་ཁྱད་ཆོས་དང་། གཞུང་ལུགས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བསྩལ་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་། གཞུང་ལུགས། ལམ་ལུགས། རིག་གནས་ཞིག་གྲུབ་ཏེ། དགག་སྒྲུབ་བྱེད་མི་ཐུབ་པའི་དོན་དངོས་ཀྱིས་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚེ་སྲོག་ལ་གསོན་ཤུགས་མངོན་པར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་དེ་ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་མཐོན་པོར་བསྐྱོད།

ལོ་ངོ་བཞི་བཅུའི་རིང་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་ཡིན་པ་རྒྱུན་འཁྱོངས་བྱས་ནས། མུ་མཐུད་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བ་དང་། རང་རྒྱལ་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་དེ་སྒོར་མོ་དུང་ཕྱུར་སྟོང་གསུམ་དང་དྲུག་བརྒྱ་དོན་དགུ་ནས་ཉིས་སྟོང་བཅུ་བདུན་ལོར་སྒོར་མོ་དུང་ཕྱུར་ཁྲི་གྱ་གཉིས་ལྷག་ལ་སླེབས་ཏེ། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་དགུ་དང་གྲངས་ཆུང་ལྔ་འཕར་བ་དང་། དེ་ནི་དུས་མཉམ་གྱི་འཛམ་གླིང་དཔལ་འབྱོར་གྱི་ལོ་རེའི་ཆ་སྙོམས་འཕར་ཚད་ཀྱི་བརྒྱ་ཆའི་གཉིས་དང་གྲངས་ཆུང་དགུ་ཡས་མས་ལས་མཐོ་བ་རེད། རང་རྒྱལ་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་གྱིས་འཛམ་གླིང་ཐོན་སྐྱེད་སྤྱིའི་རིན་ཐང་གིས་ཟིན་པའི་བསྡུར་ཚད་དེ་བཅོས་སྒྱུར་སྒོ་འབྱེད་ཀྱི་ཐོག་མའི་དུས་སྐབས་ཀྱི་བརྒྱ་ཆའི་གཅིག་དང་གྲངས་ཆུང་བརྒྱད་ནས་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་གཉིས་ལ་འཕར་བ་དང་། ལོ་ངོ་མང་པོའི་རིང་ལ་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་ཐད་བྱས་རྗེས་བཞག་ཚད་བརྒྱ་ཆའི་སུམ་ཅུ་ལས་བརྒལ། རང་རྒྱལ་གྱི་དངོས་ཟོག་ནང་འདྲེན་ཕྱིར་གཏོང་གི་སྤྱིའི་གྲངས་ཀ་དེ་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་ཉིས་བརྒྱ་དང་དྲུག་ནས་སྒོར་མོ་དུང་ཕྱུར་ཁྲི་བཞི་ལས་བརྒལ་བར་འཕར་བ་དང་། བསྡོམས་རྩིས་བྱས་ན་ཕྱིར་ཚོང་གིས་ཐད་ཀར་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་ཁྲི་གཉིས་ལས་བརྒལ་བའི་མ་དངུལ་བཏང་སྟེ། ཕྱི་ཕྱོགས་དངུལ་གཏོང་གི་ཚད་དེ་ཨ་མེ་རི་ཁའི་སྒོར་མོ་ཁྲི་གཅིག་དང་སྟོང་དགུ་ལ་སླེབས། རང་རྒྱལ་གྱི་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་ཚད་དེ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པས། འཛམ་གླིང་ཡོངས་སུ་ཆེས་ཆ་ཚང་བའི་དེང་རབས་ཅན་གྱི་བཟོ་ལས་མ་ལག་ཅིག་དང་། ཚན་རྩལ་གསར་སྐྲུན་དང་། བཟོ་སྐྲུན་གལ་ཆེན་གྱི་རྒྱལ་ཁའི་གཏམ་བཟང་བསྒྲགས་ས་འཛུགས་སྐྲུན་བྱས། རང་རྒྱལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། ཆ་འཕྲིན་ཤར་གཏོང་། གཞུང་ལམ་དྲ་རྒྱ། ལྕགས་ལམ་གང་སར་འཐེན་པ། ཆུ་རགས་བསྐྲུན་པ། ནུབ་རླངས་ཤར་འདྲེན། ལྷོ་ཆུ་བྱང་འདྲེན། མེ་འཁོར་དང་གནམ་གྲུ་ཤར་གཏོང་། གྲུ་གཟིངས་ཆེན་མོ་རྒྱང་བསྐྱོད་སོགས་བྱེད་ཐུབ་པ་བྱུང་། ད་སྐབས། རང་རྒྱལ་ནི་འཛམ་གླིང་གི་དཔལ་འབྱོར་ཕོང་བོ་ཆེན་པོ་ཨང་གཉིས་པ་དང་། བཟོ་སྐྲུན་ལས་རིགས་དང་དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་ཨང་དང་པོ། ཚོང་རྫས་འཛད་སྤྱོད་དང་ཕྱི་དངུལ་ནང་འདྲེན་གྱི་རྒྱལ་ཁབ་ཆེན་པོ་ཨང་གཉིས་པར་གྱུར་ཡོད། རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གིས་བསྟུད་མར་ལོ་ངོ་མང་པོར་འཛམ་གླིང་གི་ཨང་དང་པོ་ཟིན། ཀྲུང་གོ་མི་དམངས་ཕྱུག་པོར་གྱུར་བ་དང་སྟོབས་ལྡན་དུ་གྱུར་བའི་བགྲོད་ལམ་སྟེང་ཐག་གཅོད་རང་བཞིན་གྱི་གོམ་པ་སྤོས།

ལོ་ངོ་བཞི་བཅུའི་རིང་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ནས། མུ་མཐུད་དུ་ཆབ་སྲིད་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་བཏང་ལ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་སྒྲིག་སྲོལ་ཉིན་རེར་འཐུས་ཚང་དུ་བཏང་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་གཏིང་ཟབ་པོའི་སྒོ་ནས་ཡར་སྐུལ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་ཉིན་རེར་འཐུས་ཚང་དུ་བཏང་སྟེ། མི་དམངས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འགན་སྲུང་དང་ཁྲིམས་སྐྱོང་འགན་སྲུང་སྔར་ལས་སྟོབས་དང་ལྡན་པར་བྱས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལས་དོན་ཁྱོན་ཡོངས་ནས་འཕེལ་རྒྱས་དང་། རྒྱལ་གཅེས་གཅིག་གྱུར་གྱི་འཐབ་ཕྱོགས་སྔར་ལས་སྲ་བརྟན། མི་དམངས་ཀྱིས་ཁྲིམས་ཉམས་སུ་མྱོང་བ་དང་དམངས་གཙོའི་འགན་དབང་སྤྱོད་པའི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་དང་། ཐབས་ལམ་སྔར་ལས་སྟབས་བདེ། རྣམ་པ་སྔར་ལས་སྣ་མང་དུ་བྱས་ནས། རང་ཉིད་ཀྱི་ལས་དབང་རང་ཉིད་ཀྱིས་དམ་འཛིན་བྱེད་པའི་ཀྲུང་གོའི་མི་དམངས་ཀྱིས་སྔ་ན་མེད་པའི་བརྩོན་སེམས་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་འདོན་སྤེལ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་རི་ཀླུང་ཁྱུར་མིད་གཏོང་བའི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས།

ལོ་ངོ་བཞི་བཅུའི་རིང་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུག་སྐྲུན་ལ་ཤུགས་སྣོན་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ། ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཚན་རིག་གཞུང་ལུགས་ཀྱིས་ལམ་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཡང་དག་པའི་གླེང་ཕྱོགས་ཀྱིས་བློ་སེམས་གཅིག་ཏུ་བསྡུས་པ། སྔོན་ཐོན་རིག་གནས་ལ་བླ་སྲོག་བསྐྲུན་པ། ཕུལ་བྱུང་བརྩམས་ཆོས་ཀྱིས་མིའི་སེམས་ལ་བློ་སྤོབས་སྩོལ་བ། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་སྙིང་སྟོབས་དེ་རྒྱ་ཆེར་དར་སྤེལ་བཏང་བས། དུས་རབས་ཀྱི་མིག་དཔེ། དཔའ་བོའི་མིག་དཔེ་སོགས་རིམ་བཞིན་དུ་བྱུང་བ་དང་། རིག་གནས་སྒྱུ་རྩལ་ཉིན་རེར་ཕུན་སུམ་ཚོགས་པར་གྱུར། དྲ་འཕྲིན་ལས་དོན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་། མི་རིགས་ཡོངས་ཀྱི་ཕུགས་འདུན་དང་རིག་གནས་ཡིད་རྟོན་མུ་མཐུད་དུ་ཇེ་དྲག་ཏུ་སོང་ཞིང་། རྒྱལ་ཁབ་རིག་གནས་གྱི་མཉེན་ཤུགས་དང་ཀྲུང་ཧྭ་རིག་གནས་ཀྱི་ཤན་ཤུགས་སྔར་ལས་ཇེ་མཐོར་སོང་། བཅོས་སྒྱུར་སྒོ་འབྱེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་སྙིང་སྟོབས་བསྐྲུན་པ་དང་། མི་རིགས་སྙིང་སྟོབས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དེ་དེང་རབས་ཀྲུང་གོ་མི་དམངས་ཀྱིས་ཆེས་མངོན་པར་གསལ་བའི་སྙིང་སྟོབས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར།

ལོ་ངོ་བཞི་བཅུའི་རིང་ལ། ང་ཚོས་དང་དུས་དང་རྣམ་པ་ཀུན་ཏུ་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་བྱིས་པས་སློབ་གསོ་མྱོང་ཐུབ་པ་དང་། སློབ་མར་སློབ་ཁྲིད་བྱེད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ནད་ལ་ལྟ་ཐུབ་པ། རྒས་ན་གཉོར་ས་ཡོད་པ། སྡོད་ཁང་ཡོད་པ། ཉམས་ཆུང་ལ་རོགས་སྐྱོར་བྱེད་མཁན་ཡོད་པར་སྐུལ་འདེད་བྱས་ཏེ། རྒྱུན་ཆད་མེད་པར་མི་དམངས་ཀྱི་འཚོ་བ་ལེགས་བཅོས་དང་། མི་དམངས་ལ་བདེ་སྐྱིད་ལྡན་པར་བྱས། རྒྱལ་ཡོངས་མི་དམངས་ཀྱི་མི་རེར་ཆ་སྙོམས་ཀྱིས་བགོ་བཤའ་ཐོབ་པའི་ཡོང་སྒོ་དེ་སྒོར་མོ་བརྒྱ་དང་བདུན་ཅུ་དོན་གཅིག་ནས་སྒོར་མོ་ཁྲི་གཉིས་དང་སྟོང་དྲུག་ལ་འཕར་བ་དང་། ཡོང་སྒོ་འབྲིང་བའི་མང་ཚོགས་བསྟུད་མར་ཇེ་མང་དུ་སོང་། རང་རྒྱལ་གྱི་དབུལ་ཕོངས་མི་གྲངས་བསྡོམས་པས་དུང་ཕྱུར་བདུན་དང་བྱེ་བ་བཞི་ཇེ་ཉུང་དུ་སོང་བ་དང་། དབུལ་ཕོངས་ཀྱི་ཚད་དེ་བརྒྱ་ཆའི་གོ་བཞི་གྲངས་ཆུང་བཞིར་མར་ཕབ་པས། མིའི་རིགས་དབུལ་ཕོངས་ལས་ཐར་བའི་ལོ་རྒྱུས་སྟེང་གི་ཆེས་འོད་སྟོང་འབར་བའི་ལེའུ་ཞིག་ཏུ་གྱུར། སློབ་གསོའི་ལས་དོན་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་བཏང་བ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་བའི་ཚད་དེ་བརྒྱ་ཆའི་གོ་གསུམ་གྲངས་ཆུང་བརྒྱད་ལ་སླེབས། རང་རྒྱལ་གྱིས་རྒན་གསོ་དང་། སྨན་བཅོས། མ་མཐའི་འཚོ་བའི་འགན་སྲུང་། སྡོད་ཁང་སོགས་ནང་དུ་འདུས་པའི་འཛམ་གླིང་གི་ཆེས་ཆེ་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཅིག་འཛུགས་སྐྲུན་བྱས་པ་དང་། རྨགཞི་རྩའི་རྒན་གསོ་ཉེན་སྲུང་དེ་མི་གྲངས་དུང་ཕྱུར་དགུ་ལས་བརྒལ་བར་ཁྱབ་ཡོད་པ་དང་། སྨན་བཅོས་ཉེན་སྲུང་དེ་མི་གྲངས་དུང་ཕྱུར་བཅུ་གསུམ་ལས་བརྒལ་བར་ཁྱབ་ཡོད། རྒྱུན་སྡོད་མི་གྲངས་མཁར་གྲོང་ཅན་དུ་བསྒྱུར་བའི་ཚད་བརྒྱ་ཆའི་ང་བརྒྱད་གྲངས་ཆུང་ལྔ་གཉིས་ལ་སླེབས་པ་དང་། འཕར་ཚད་བརྒྱ་ཆའི་བཞི་བཅུ་གྲངས་ཆུང་དྲུག་ཡིན། སྡོད་དམངས་ཀྱི་སྔོན་དཔག་ཚེ་ཚད་ཆིག་སྟོང་དགུ་བརྒྱ་གྱ་གཅིག་ལོར་ལོ་རེ་བདུན་གྲངས་ཆུང་བརྒྱད་ནས་ཉིས་སྟོང་བཅུ་བདུན་ལོར་ལོ་བདུན་ཅུ་དོན་དྲུག་གྲངས་ཆུང་བདུན་ལ་སླེབས། རང་རྒྱལ་སྤྱི་ཚོགས་ཀྱི་ཆེ་ཕྱོགས་དུས་ཡུན་རིང་བོར་བརྟན་འཇགས་ཡིན་པ་རྒྱུན་འཁྱོངས་བྱས་ཡོད་པས། འཛམ་གླིང་སྟེང་ཆེས་བདེ་འཇགས་ཡིན་པའི་རྒྱལ་ཁབ་ཅིག་ཏུ་གྱུར། ཕྱེ་དང་། རས། ཤ། ཉ། སྣུམ། སྲན་ཞོ། ཞོར་ཟས། བཟོ་ལས་འཛིན་བྱང་སོགས་སྔོན་ཆད་མང་ཚོགས་ཀྱི་འཚོ་བ་དང་ཁ་འབྲལ་ཐབས་མེད་པའི་དཔང་ཡིག་དེ་དག་ལོ་རྒྱུས་ཀྱི་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པ་དང་། ལོ་ངོ་སྟོང་ཕྲག་གི་རིང་ལ་རང་རྒྱལ་མི་དམངས་རྣམས་ལྟོག་སྐོམ་མྱོང་བ་དང་། གོན་རྒྱུ་ཉུང་བ། འཚོ་བ་དཀའ་བའི་གནད་དོན་དེ་ཡང་བསྐྱར་འབྱུང་མི་སྲིད།

ལོ་ངོ་བཞི་བཅུའི་རིང་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་སྲུང་སྐྱོབ་དང་ནུས་ཁུངས་གྲོན་ཆུང་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་མགྱོགས་མྱུར་སྒོས་གྲུབ་པར་བྱས་ནས། ནུས་ཁུལ་གཙོ་བོའི་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་། ནུས་ཁུངས་གྲོན་ཆུང་དང་བཙོག་བཟོ་ཉུང་གཏོང་གི་ཐད་འཕེལ་རིམ་ཆེན་པོ་བླངས། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་གཙོ་བོའི་འཕེལ་རིམ་བདེ་བླག་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཐད་མངོན་གསལ་སྒོས་ཤུགས་སྣོན་བྱས་པས། ནམ་ཟླའི་འགྱུར་ལྡོག་དང་རྒྱལ་སྤྱིའི་མཉམ་ལས་ལ་ལན་སློག་པར་ཧུར་ཐག་གིས་ཟབ་ཞུགས་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོ་མི་དམངས་སྐྱེས་ས་དང་འཚར་ལོངས་འབྱུང་སའི་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པར་གྱུར།

ལོ་ངོ་བཞི་བཅུའི་རིང་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་བྱས་ཏེ། མི་དམངས་དམག་དཔུང་གིས་གསར་བརྗེ་རང་བཞིན་གྱི་བསྐྱར་གསོ་ལ་སྐུལ་འདེད་བྱེད་པ་དང་། དྲག་ཆས་སྒྲིག་ཆས་ཐད་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་ལ། དམག་དཔུང་བཅོས་སྐྱོང་གི་བྱེད་སྟངས་ཐད་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བས། གསར་བརྗེ་ཅན་དང་དེང་རབས་ཅན། ཚད་ལྡན་ཅན་གྱི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་བས། མི་དམངས་དམག་དཔུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར་བས། མི་དམངས་ཀྱི་བདེ་སྐྱིད་འཚོ་བར་སྲུང་སྐྱོབ་དང་། མེས་རྒྱལ་དང་འཛམ་གླིང་ཞི་བདེ་ཡོང་བར་སྲུང་སྐྱོབ་བྱེད་པའི་ཐད་སྟོབས་ཤུགས་ཆེན་པོ་བསྩལ།

ལོ་ངོ་བཞི་བཅུའི་རིང་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་དོན་ཆེན་ལ་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱས་ནས། སྔ་རྗེས་སུ་ཞང་ཀང་དང་ཨོ་མོན་གྱི་ བདག་དབང་སྤྱོད་པ་སླར་གསོ་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་བརྒྱ་ཕྲག་ཏུ་མྱངས་བའི་བརྙས་བཅོས་མེད་པར་བཟོས། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ལྟ་བ”རྒྱུན་འཁྱོངས་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་རིག་གནས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། “ཐེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་བཀག་སྡོམ་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་གཙོ་ཁྲིད་དབང་ཆ་དང་རང་དབང་གི་ནུས་པ་དམ་འཛིན་བྱས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་མི་རིགས་ཀྱི་མོས་སེམས་དང་རིག་གནས་ཀྱི་མོས་སེམས་ཇེ་དྲག་ཏུ་གྱུར་ཡོད་ལ། བློ་སེམས་རྩེ་གཅིག་གིས་ཀྲུང་གོའི་ཕུགས་འདུན་བསྐྲུན་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གྱུར།

ལོ་ངོ་བཞི་བཅུའི་རིང་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། དུས་གཏན་དུ་ཞི་བདེའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ཇི་བཞིན་ལག་ཏུ་བསྟར་ནས། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོབ་བརྟན་པོ་བྱས་ཏེ། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོབ་བྱས། ང་ཚོས་བཀག་སྡོམ་དང་བཀག་སྡོམ་ཕྱེད་ཙམ་ནས་ཕྱོགས་ཡོངས་སྒོ་འབྱེད་ཀྱི་ལོ་རྒྱུས་འགྱུར་ལྡོག་མངོན་འགྱུར་བྱས་པ་དང་། ཧུར་ཐག་གིས་དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་གྱི་འཕེལ་རིམ་ལ་ཟབ་ཞུགས་བྱས་ཏེ། མིའི་རིགས་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་བྱེད་པའི་ཐད་བྱས་རྗེས་བཞག ང་ཚོས་ཧུར་ཐག་གིས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་དང་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་བྱས་ཏེ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་ལ་ཡར་སྐུལ་བྱས་ནས། མངོན་གསལ་འཛེམ་མེད་ཀྱི་སྒོ་ནས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི། ཀྲུང་གོའི་ནུས་ཤུགས་བཅས་འབུལ་དགོས། རང་རྒྱལ་འཛམ་གླིང་གི་གར་སྟེགས་ཀྱི་དཀྱིལ་དབུས་སུ་སླེབས་པའི་བར་ཐག་ཉིན་རེ་བཞིན་ཇེ་ཆུང་དུ་འགྲོ་བཞིན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀུན་གྱིས་ཁས་ལེན་པའི་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་མཁན་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་མཁན། རྒྱལ་སྤྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་མཁན་བཅས་སུ་གྱུར་ཡོད།

ལོ་ངོ་བཞི་བཅུའི་རིང་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་དུས་ཡུན་རིང་བོར་སྲིད་སྐྱོང་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་ཆ་རྐྱེན་འོག་ཏང་གི་མདུན་དུ་ལྷགས་པའི་ཉེན་ཁ་དང་ཉམས་སད་སྣ་ཚོགས་ལ་ཁ་གཏད་དེ། ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་མུ་མཐུད་དུ་སྐུལ་འདེད་བྱས་ནས། ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་སྲུང་འཛིན་བྱེད་པ་དང་། ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་དམ་པོ་སྲུང་འཛིན་བྱེད་དགོས། ང་ཚོས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས། ང་ཚོའི་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་། གཟབ་ནན་གྱིས་ཏང་འཛུགས་སྐྱོང་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཙང་མར་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་བཟང་སྒྲིག་ནན་བྱེད་པ་དང་། ནུས་ཤུགས་ཡོད་དགུས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། རྒྱས་སྤྲོས་སྲོལ་ངན་བཅས་ཤུགས་ཆེན་པོས་ལེགས་བཅོས་བྱས་ཏེ། བཟོད་སྒོམ་ཅི་ཡང་མི་བྱེད་པར་རུལ་སུངས་མཁན་ལ་ཉེས་ཆད་ནན་མོ་གཅོད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་རྒྱལ་ཁ་ཆེན་པོ་བླངས། ང་ཚོའི་ཏང་གིས་གསར་བརྗེའི་རང་བཞིན་གྱི་གསར་སྐྲུན་ཁྲོད་བློ་བརྟན་འགྱུར་མེད་ངང་དུས་རབས་ཀྱི་སྔོན་གྲས་སུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་རེད།

ལོ་ངོ་བཞི་བཅུའི་རིང་གི་བཅོས་སྒྱུར་སྒོ་འབྱེད་ལ་དཔྱིད་ཀར་མེ་ཏོག་བཞད་ཅིང་དང་སྟོན་གར་འབྲས་བུ་སྨིན་ནས། ཀྲུང་གོའི་རྣམ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ། ཀྲུང་གོ་མི་དམངས་ཀྱི་རྣམ་པ། ཀྲུང་གོ་གུང་ཁྲན་ཏང་གི་རྣམ་པ་བཅས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་དུ་བཅུག ཀྲུང་ཧྭ་མི་རིགས་ཀྱིས་ཡར་འགྲེངས་པ་དང་ཕྱུག་པོར་གྱུར་བ་ནས་སྟོབས་འབྱོར་ཅན་དུ་གྱུར་པའི་རླབས་ཆེན་མཆོང་སྐྱོད་བསུས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་གསར་བཙུགས་དང་འཕེལ་རྒྱས། འཐུས་ཚང་དུ་གྱུར་པའི་རླབས་ཆེན་མཆོང་སྐྱོད་བསུས་ལ། ཀྲུང་གོ་མི་དམངས་ཀྱིས་ཁ་རྒྱབ་མི་ཁེབས་པ་ནས་འབྱོར་འབྲིང་འབྱོར་ཕྱུག་ཏུ་གྱུར་པའི་རླབས་ཆེན་མཆོང་སྐྱོད་བསུས་པས། ད་ལྟ་ཀྲུང་ཧྭ་མི་རིགས་རྣམ་པ་གསར་རྐྱང་གིས་འཛམ་གླིང་གི་ཤར་ཕྱོགས་སུ་ཀྲོང་ངེར་འགྲེངས་ཡོད།

ལོ་ངོ་བཞི་བཅུའི་རིང་ལ་བླངས་པའི་གྲུབ་འབྲས་ནི་གནམ་ལས་བབས་པ་མིན་ལ། གཞན་གྱིས་གནང་སྦྱིན་བཏང་བ་དེ་ལས་ཀྱང་མིན་པར། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བརྩོན་པ་དང་བློ་གྲོས། སྤོབས་པ་བཅས་ལ་བརྟེན་ནས་བླངས་བ་ཞིག་ཡིན། ང་ཚོས་ལོ་བཅུ་ཕྲག་འགའི་དུས་ཚོད་བཀོལ་ནས་དར་རྒྱས་ཆེ་བའི་རྒྱལ་ཁབ་ལོ་བརྒྱ་ཕྲག་འགར་བརྒྱུད་པའི་བཟོ་ལས་ཅན་གྱི་འཕེལ་རིམ་བརྒྱུད་ཚར་བ་དང་། ཀྲུང་གོ་མི་དམངས་ཀྱི་ལག་ཏུ་དཔེ་མི་སྲིད་པའི་དོན་དག་ཀྱང་དཔེ་སྲིད་པར་གྱུར། ཀྲུང་གོ་མི་དམངས་ཀྱི་འཇིག་རྟེན་དུ་ཁྱད་མཚར་བའི་མཛད་རྗེས་བསྐྲུན་པས་ང་ཚོ་སྤོབས་པ་དང་གཟི་བརྗིད་ཚད་མེད་ཀྱིས་ཁེངས་ཡོད།

སྐབས་འདི་ནས། ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ། འཐབ་ཕྱོགས་སོ་སོ་རུ་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་བློ་གྲོས་དང་ནུས་ཤུགས་ཕུལ་བའི་རྒྱ་ཆེའི་བཟོ་བ་དང་ཞིང་བ། ཤེས་ལྡན་མི་སྣ། ལས་བྱེད་མི་སྣ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་རུ་ཁག་གི་དཔོན་དམག། སྤྱི་བདེའི་ཉེན་རྟོག་མི་སྣ། དམངས་གཙོའི་ཏང་ཁག་སོ་སོ་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། མི་དམངས་ཀྱི་ཚོགས་སྤྱི་སོ་སོ། སྤྱི་ཚོགས་ལས་རིགས་སོ་སོའི་རྒྱལ་གཅེས་མི་སྣ་བཅས་ལ་གུས་བཀུར་བླ་ན་མེད་པ་ཞུ། མེས་རྒྱལ་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ཐད་འབད་བརྩོན་ལྷོད་མེད་བྱས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ་དང་ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་རྒྱུ་དང་། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་རྒྱལ་གྱི་གྲོགས་པོ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ལོ་ངོ་བཞི་བཅུའི་ལག་ལེན་ལས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། ང་ཚོའི་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བཏོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དང་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ནི་ཧ་ཅང་ཡང་དག་པ་ཡིན་ལ། གྲུབ་པར་བྱས་པའི་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ནི་ཧ་ཅང་ཡང་དག་པ་ཡིན་པ་ར་སྤྲོད་གསལ་བོ་བྱུང་ཡོད།

ལོ་ངོ་བཞི་བཅུའི་ལག་ལེན་ལས། ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱབ་ཁབ་དག་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པར་ཉམས་མྱོང་བཟང་པོ་འདོན་སྤྲོད་དང་འོད་སྟོང་གི་མདུན་ལྗོངས་མངོན་པར་བྱས་ལ། དེ་ནི་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་ཤེས་རིག་གོང་འཕེལ་ཐད་བཞག་པའི་བྱས་རྗེས་ཆེན་པོ་ཡིན་པ་ར་སྤྲོད་གསལ་བོ་བྱུང་ཡོད།

ལོ་ངོ་བཞི་བཅུའི་ལག་ལེན་ལས། བཅོས་སྒྱུར་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱིས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སྙེག་པའི་ཐབས་མཆོག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ལྡོག་མེད་བགྲོད་ལམ་ཡིན་ལ། དེང་སྐབས་ཀྲུང་གོའི་ལས་དབང་ཐག་ཆོད་པའི་གནད་གི་ཐབས་ཤིག་ཡིན་ལ།“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་གི་ཐབས་ཤིག་ཀྱང་ཡིན་པ་ར་སྤྲོད་གསལ་པོ་བྱུང་ཡོད།

ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་ནས། ཧུར་ཐག་གིས་བབ་བསྟུན་བྱེད་པ་དང་རང་འགུལ་སྒོས་འགྱུར་ལྡོག་བཙལ་ན། ད་གཟོད་དུས་རབས་དང་མཉམ་སྐྱོད་བྱེད་ཐུབ། “ལག་ལེན་བསྟེན་ན་ཤེས་རྒྱ་བསྐྱེད། ཤེས་རྒྱ་ཟབ་ན་ལག་ལེན་འཁྱོངས། ”བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་རིང་བསགས་པའི་ཉམས་མྱོང་རྩ་ཆེན་ནི་ཏང་དང་མི་དམངས་ཀྱི་ཧ་ཅང་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཡིན་ལ། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བར་མཛུབ་སྟོན་གྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པས། ངེས་པར་དུ་ལྡབ་འགྱུར་གྱིས་གཅེས་སྤྲས་དང་ཡུན་རིང་པོར་རྒྱུན་འཁྱོངས་བྱས་ནས། ལག་ལེན་ཁྲོད་དུ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་དུ་གཏོང་དགོས།

གཅིག་ནི་ངེས་པར་དུ་ཏང་གིས་བྱ་བ་ཡོད་ཚད་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་ལག་ལེན་གྱིས་ང་ཚོར་བསྟན་པ་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་རྟགས་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེ་བའི་ཁྱད་སྟོབས་ཡིན། ཏང་སྲིད་དམག་དམངས་སློབ་གྲྭ་དང་། ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་གང་ཡིན་ཡང་ཏང་ནི་ཡོད་ཚད་ལ་འགོ་ཁྲིད་བྱེད་མཁན་ཡིན། ཐོག་མཐའ་བར་གསུམ་དུ་ཏང་གི་གཅིག་གྱུར་འགོ་ཁྲིད་ལ་རྒྱུན་འཁྱོངས་བྱས་པས། ང་ཚོས་ད་གཟོད་རླབས་ཆེན་གྱི་ལོ་རྒྱུས་དཀྱོག་མཚམས་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་སྐབས་གསར་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བགྲོད་ལམ་གསར་བ་བཏོད་ཐུབ་ལ། ཉེན་ཁ་དང་འགྲན་རྩོད་གལ་ཆེན་རབ་དང་རིམ་པ་དང་དཀའ་སྡུག་བར་ཆད་མང་པོ་ཁྱད་བསད་བྱེད་ཐུབ་པ་དང་།  ནུས་ལྡན་སྒོས་འགྱུར་བར་བསྟུན་པ། རྩོད་གཞི་སྙོམས་པ། ཆུ་ལོག་འགོག་པ། སར་སི་གློ་ཚད་འགོག་པ། ས་ཡོམ་འགོག་པ། ཉེན་ཁ་སེལ་བ་བཅས་བྱེད་ཐུབ་ལ། སྒོ་སྡོམ་མཁྲེགས་འཛིན་གྱི་ལམ་རྙིང་དུ་མི་བསྐྱོད་པ་དང་དར་ཆ་བརྗེ་བསྒྱུར་གྱི་ལོག་ལམ་དུའང་མི་བསྐྱོད་པར། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་ཐུབ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་ན་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་དགོས་ལ། ཏང་གི་འགོ་ཁྲིད་སྔར་ལས་ལྷག་པའི་སྒོ་ནས་ལག་ལེན་དང་དུས་རབས། མི་དམངས་ཀྱི་དགོས་མཁོ་དང་མཐུན་པར་བྱེད་དགོས།

མགོ་ཁྲིད་པ་ལག་ལེན་དང་དུས་རབས། མི་དམངས་ཀྱི་བླང་བྱ་དང་མཐུན་དགོས། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་ཆོད་པའི་རྩ་དོན་གལ་ཆེན་གྱི་གནད་དོན་སྟེང་དུ་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་།  ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ངེས་པར་དུ་ཚད་མཐོ་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་བཅས་སྲུང་འཛིན་བྱེད་པ་ལས་གཡོ་འགུལ་ཅུང་ཙམ་ཡང་འབྱུང་མི་རུང་། མདུན་བསྐྱོད་ཀྱི་བགྲོད་ལམ་སྟེང་དུ་ང་ཚོས་ངེས་པར་དུ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་བརྟན་པོ་ཡོང་བ་དང་། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྟུན་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་བྱས་ནས། ཏང་གི་མགོ་ཁྲིད་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་བརྟན་འཇགས་དང་ནང་སྲིད་ཕྱི་འབྲེལ་གྱི་རྒྱལ་སྲུང་། ཏང་སྐྱོང་བ་དང་རྒྱལ་ཁབ་སྐྱོང་བ། དམག་སྐྱོང་བ་སོགས་ལག་བསྟར་བྱེད་པའི་ཁྱབ་ཁོངས་སོ་སོའི་སྟེང་མངོན་པར་མཚོན་དགོས། བཅོས་བསྒྱུར་སྒོ་འབྱེད་ཀྱི་གོམ་སྟབས་རེ་རེ་ནི་དེ་འདྲའི་ལས་སླ་མོ་ཞིག་མིན་པ་དང་། མ་འོངས་པར་དཀའ་ཁག་དང་འགྲན་རྩོད་སྣ་ཚོགས་ཤིག་ལ་འཕྲད་སྲིད་པ་དང་། ཐ་ན་བློ་ཡིད་ལས་འདས་པའི་འཇིགས་རུང་གི་བླ་རླབས་ལ་ཡང་འཕྲད་སྲིད་པས་ང་ཚོའི་ཏང་གིས་ཆེ་ཕྱོགས་ལ་དམིགས་པ་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱས་ཏེ། ཚན་རིག་ལྟར་སྲིད་སྐྱོང་བ་དང་དམངས་གཙོ་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་སྐྱོང་བ་བཅས་རྒྱུན་འཁྱོངས་བྱས་ནས་ཏང་གི་མགོ་ཁྲིད་བྱེད་སྟངས་དང་སྲིད་སྐྱོང་བྱེད་སྟངས་འཐུས་ཚང་དུ་བཏང་སྟེ། ཏང་གི་སྲིད་སྐྱོང་ནུས་པ་དང་མགོ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཏང་གི་ཁ་ཕྱོགས་དང་ཆེ་ཕྱོགས་ལ་བརྩོན་པ། སྲིད་ཇུས་གཏན་འཁེལ་བྱེད་པ། བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པའི་ཤུགས་ཚད་མཐོར་འདེགས་སུ་བཏང་ནས། བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུ་གཟིངས་ཆེན་པོ་དེ་ཡང་དག་པའི་ཁ་ཕྱོགས་སུ་ཤར་བསྐྱོད་བྱེད་པར་ཁག་ཐེག་བྱེད་དགོས།

གཉིས་པ་ནི་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅིངས་པའི་རེ་འདུན་མངོན་འགྱུར་བྱེད་དགོས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་ལག་ལེན་གྱིས་ང་ཚོ་ལ་བློ་སྒོ་འབྱེད་ཡོད་པ་སྟེ། ཀྲུང་གོ་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་བསྐྱར་དར་ལ་བརྩོན་ལེན་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་ལས་འགན་ཡིན་ལ། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཐོག་མའི་སེམས་འདུན་དང་ལས་འགན་ཡང་ཡིན། ང་ཚོའི་ཏང་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་ཞིང་མི་དམངས་ཀྱི་ཁྲོད་དུ་རྐང་ཟུག་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ནི་ང་ཚོའི་ཏང་གི་རྩ་བའི་ངོ་བོ་ཡིན་པས། ངེས་པར་དུ་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ནི་ང་ཚོའི་བྱ་བ་ཀུན་གྱི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས།  མི་དམངས་ཀྱིས་གོང་བཀུར་བྱེད་མི་བྱེད་དང་བསྟོད་བསྔགས་བྱེད་མི་བྱེད། མི་དམངས་དགའ་མི་དགའ་བཅས་ནི་སྲིད་ཇུས་གཏན་འཁེལ་བྱེད་པའི་གཞི་འཛིན་སར་བརྩི་བ་རྒྱུན་འཁྱོངས་བྱས་ནས། དམངས་སེམས་དང་བསྟུན་པ་དང་དམངས་ཀྱི་འདོད་བློ་ལ་བརྩི་བཀུར་བྱེད་པ། དམངས་ཀྱི་གནས་ཚུལ་ལ་དོ་ཁུར་བྱེད་པ། དམངས་འཚོར་ཤུགས་སྣོན་བྱེད་པ་བཅས་བྱས་ཏེ། ཡང་དག་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གྲོས་འཆམ་བྱུང་ནས་འདོན་དགོས་པ་མ་ཟད་ལག་བསྟར་མཐའ་འཁྱོལ་བྱས་ཏེ་མི་དམངས་ཀྱི་སྣེ་ཁྲིད་ནས་མདུན་དུ་བསྐྱོད་དགོས་ལ།  དམངས་ཀྱི་ལག་ལེན་གྱི་གསར་སྐྲུན་དང་འཕེལ་རྒྱས་ཀྱི་བླང་བྱའི་ཁྲོད་དུ་མདུན་བསྐྱོད་ཀྱི་སྒུལ་ཤུགས་ལྡན་པར་བྱས་ཏེ། མི་དམངས་ལ་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་པ་དང་མི་དམངས་སྔར་ལས་རང་རྟོགས་སྒོས་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལས་དོན་ཁྲོད་ཞུགས་པར་སྐུལ་མ་གཏོང་དགོས།

མདུན་བསྐྱོད་ཀྱི་བགྲོད་ལམ་སྟེང་དུ། ང་ཚོས་ཐོག་མཐའ་བར་གསུམ་དུ་ངེས་པར་དུ་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅིངས་པའི་རེ་འདུན་དེ་ང་འབད་བརྩོན་གྱི་དམིགས་འབེན་དུ་འཛིན་དགོས་པ་དང་།  ཏང་གི་རྩ་བའི་ངོ་བོ་ལག་ཏུ་བསྟར་བ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ།  མི་དམངས་ཀྱི་གོ་གནས་གཙོ་བོར་བརྩི་འཇོག་བྱེད་པ།  མི་དམངས་མང་ཚོགས་ཀྱིས་ལག་ལེན་བྱ་འགུལ་ཁྲོད་བཏོན་པའི་རེ་འདུན་དང་གསར་སྐྲུན་བྱས་པའི་ཉམས་མྱོང་། ཐོབ་འོས་པའི་ཁེ་དབང་། འདོན་འོས་པའི་ནུས་པ་བཅས་ལ་བརྩི་བཀུར་བྱས་ཏེ། མི་དམངས་མང་ཚོགས་ཁྲོད་ཀྱི་མི་མངོན་པའི་གསར་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་ལ་ཡར་སྐུལ་གང་ལེགས་བྱེད་དགོས། ང་ཚོས་དམངས་གཙོའི་ལམ་ལུགས་འཐུས་ཚང་དང་དམངས་གཙོའི་ཐབས་ལམ་རྒྱ་བསྐྱེད་པ།  དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཁྲིམས་ལུགས་ཀྱི་འགན་སྲུང་ལེགས་བཅོས་བྱེད་པ་བཅས་བྱས་ནས།  མི་དམངས་ཀྱིས་ཁྲིམས་ལྟར་ཡོངས་ཁྱབ་དང་ཆ་ཚང་། ནུས་ལྡན་ཕན་ཡོད་བཅས་ཀྱི་དབང་ཆ་ལོངས་སུ་སྤྱོད་པར་ཁག་ཐེག་བྱེད་དགོས།  ང་ཚོས་ནུས་ཤུགས་ཆེར་བསྐྱེད་ཀྱིས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་རེ་འདུན་ཐག་གཅོད་བྱས་ནས་མི་དམངས་ལ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་ཕྱོགས་སོ་སོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་ནས། སྔར་ལས་མང་ཞིང་སྔར་ལས་ཐད་ཀར། སྔར་ལས་དོན་དངོས་དང་མཐུན་པའི་སྒོ་ནས་མི་དམངས་ལ་བདེ་སྐྱིད་ཀྱི་ཚོར་སྣང་དང་དང་བདེ་འཇགས་ཀྱི་ཚོར་སྣང་ཐོབ་ཏུ་བཅུག་སྟེ།  མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བྱེད་དགོས།

གསུམ་པ་ནི་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱས་ཏེ། ལག་ལེན་གྱི་རྨང་གཞིའི་སྟེང་གི་གཞུང་ལུགས་གསར་སྐྲུན་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བྱེད་དགོས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་ལག་ལེན་གྱིས་ང་ཚོར་བློ་སྒོ་འབྱེད་པ་སྟེ། གསར་སྐྲུན་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚེ་སྲོག་ཡིན། ལག་ལེན་གྱི་འཕེལ་རྒྱས་ལ་ནམ་ཡང་འགག་པ་མེད་ཅིང་བསམ་བློའི་བཅིངས་འགྲོལ་ལ་ནམ་ཡང་རྫོགས་མཐའ་མེད། ཨིན་ཁེ་སི་ཡིས། སྤྱི་ཚོགས་ཀྱི་འགྱུར་ལྡོག་ཡོད་ཚད་དང་ཆབ་སྲིད་འཕོ་འགྱུར་གྱི་མཐའ་སྣེའི་རྒྱུ་རྐྱེན་ནི། མི་རྣམས་ཀྱི་ཀླད་པའི་ཁྲོད་དུ་མངོན་པ་ཞིག་མིན་པར། མི་རྣམས་ཀྱི་ཡུན་གནས་ཀྱི་བདེན་དོན་དང་དྲང་བདེན་ཉིན་རེར་འཕེལ་བའི་ངོས་ཟིན་ཁྲོད་དུ་ འཚོལ་དགོས་པ་དང་།  ཐོན་སྐྱེད་བྱེད་སྟངས་དང་བརྗེ་རེས་བྱེད་སྟངས་ཀྱི་འཕོ་འགྱུར་གྱི་ཁྲོད་དུ་འཚོལ་འོས་པ་ཞིག་ཀྱང་ཡིན་ཞེས་པ་ལྟར།  ང་ཚོས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  དུས་རབས་ཀྱི་དྲི་བ་དང་མི་དམངས་ཀྱི་དྲི་བར་དུས་ཐོག་ཏུ་ལན་བཏབ་ནས་ལག་ལེན་འཕེལ་རྒྱས་ཀྱི་བསམ་བློའི་གེགས་རྐྱེན་རིགས་གཙང་སེལ་བྱས་ནས་རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་དུས་རབས་རང་བཞིན་དང་མང་ཚོགས་རང་བཞིན་ལ་སྐུལ་འདེད་བྱས་ཏེ། རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་བསམ་བློ་གསར་བ་གསར་གཏོད་བྱེད་དགོས།

བདུན་བསྐྱོད་ཀྱི་བགྲོད་ལམ་སྟེང་དུ།  ང་ཚོས་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་འཕེལ་རྒྱས་ཀྱི་ལྟ་བ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་ཕན་འབྲས་ལྡན་པའི་སྒོ་ནས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། དུས་རབས་ཉེར་གཅིག་གི་མར་ཁེ་སི་རིང་ལུགས་དང་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་ནི་དེང་སྐབས་ཀྲུང་གོ་གུང་ཁྲན་ཏང་མིའི་གཞན་ལ་དཀྲི་ཐབས་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། ང་ཚོས་གནད་དོན་གྱི་འདུ་ཤེས་དང་དུས་རབས་ཀྱི་འདུ་ཤེས། འཐབ་ཇུས་ཀྱི་འདུ་ཤེས་སྟོབས་ལྡན་དུ་བཏང་སྟེ། གཏིང་ཟབ་པའི་ལོ་རྒྱུས་ཀྱི་ལྟ་སྟངས་དང་ཁོད་ཡངས་པའི་འཛམ་གླིང་མཐོང་སྣེ་ལས་བྱ་དངོས་འཕེལ་རྒྱས་ཀྱི་ངོ་བོ་དང་ནང་ཁུལ་གནས་ཀྱི་འབྲེལ་བར་གདེང་ཚོད་ཡོད་པར་བྱས་ཏེ། མི་དམངས་ཁྲི་སྟོང་མང་པོའི་གསར་སྐྲུན་རང་བཞིན་གྱི་ལག་ལེན་ལ་རྗེས་འདེད་དམ་པོ་བྱེད་པ་དང་། མིའི་རིགས་ཀྱི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་ཡོད་ཚད་བསྡུ་ལེན་བྱེད་པ་དེ་དཔྱད་གཞིའི་མེ་ལོང་ལྟ་བུར་བཟུང་ནས། རྒྱུན་ཆད་མེད་པར་དུས་རབས་དང་ལག་ལེན་གྱིས་ང་ཚོར་བཏོན་པའི་གནད་དོན་གལ་ཆེན་ལ་ལན་བཏབ་སྟེ། དེང་རབས་མར་ཁེ་སི་རིང་ལུགས་ཀྱི་ལྟ་བའི་བདེན་དོན་ལ་འོད་སྟོང་འཕྲོ་བར་བྱེད་དགོས།

བཞི་ནི་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་རྒྱུན་འཁྱོངས་བྱེད་དགོས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་ལག་ལེན་གྱིས་ང་ཚོར་བློ་སྒོ་འབྱེད་པ་སྟེ། ཁ་ཕྱོགས་ཀྱིས་མདུན་ལམ་ཐག་གཅོད་བྱས་ཡོད་པ་དང་བགྲོད་ལམ་གྱིས་ལས་དབང་ཐག་གཅོད་བྱས་ཡོད། ང་ཚོས་ལས་དབང་ལ་རང་ཉིད་ཀྱིས་ཁ་ལོ་བསྒྱུར་བའི་ཁྲོད་དུ་ཕུགས་འདུན་མི་བསྒྱུར་བ་དང་མོས་མཐུན་མི་འགྱུར་བའི་རང་ཚུགས་ཡོད་དགོས།  བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་ལ་ང་ཚོའི་ཏང་གི་གཞུང་ལུགས་དང་ལག་ལེན་ཡོད་ཚད་ཀྱི་བརྗོད་དོན་གཙོ་བོ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན། ཀྲུང་གོ་ལྟ་བུའི་ལོ་ངོ་ལྔ་སྟོང་ལྷག་གི་དཔལ་ཡོན་གྱི་ལོ་རྒྱུས་ལྡན་ཞིང་། མི་གྲངས་དུང་ཕྱུར་བཅུ་གསུམ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་ན། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྟ་བུའི་གཞུང་ལུགས་ཀྱི་དཔེ་དེབ་ཅིག་མེད་མི་མི་རུང་ལ་ཀྲུང་གོ་མི་དམངས་ལ་དཔའ་ངར་ཆེན་པོས་བཀོད་འདོམས་བྱེད་མཁས་ཀྱི་ལམ་སྟོན་དགེ་རྒན་དེ་ཡང་མེད་མི་རུང་བ་ཞིག་ཡིན། སྐུ་ཞབས་ལུའུ་ཞིན་གྱིས་འདི་ལྟར་བཤད་མྱོང་སྟེ། ཅི་ཞིག་ལ་ལམ་ཟེར། སྔོན་ཆད་ལམ་མེད་པའི་སར་ནས་ལམ་བཏོད་པ་ཞིག་སྟེ། སྔོན་ཆད་ཚེར་སྡོང་ལས་མེད་པའི་གསེང་ནས་གསར་དུ་བཏོད་པ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་དེང་རབས་ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་པ་དང་དུས་རབས་ལ་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཡངས་པོ་དེ་ཡིན་པས་ངེས་པར་དུ་གཡོ་འགུལ་ཅུང་ཙམ་ཡང་མེད་པར་མདུན་དུ་བསྐྱོད་དགོས།

མདུན་བསྐྱོད་ཀྱི་བགྲོད་ལམ་སྟེང་དུ། ང་ཚོས་ངེས་པར་དུ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། རང་རྟོན་བཞི་ཇེ་དྲག་ཏུ་གཏོང་བ་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་མདུན་བསྐྱོད་ཁ་ཕྱོགས་གདེང་ཚོད་ཡོད་དགོས།  ཅི་ཞིག་བཅོས་བསྒྱུར་བྱེད་པ་དང་ཇི་ལྟར་བཅོས་བསྒྱུར་བྱེད་པ་དེ་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་ཤུགས་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་དང་མཐུན་མིན་དེ་ཚད་གཞིར་བརྩིས་ནས། བཅོས་བསྒྱུར་བྱེད་འོས་པ་དང་བཅོས་བསྒྱུར་བྱེད་ཐུབ་པ་དེ་ང་ཚོས་ངེས་པར་དུ་བཅོས་བསྒྱུར་བྱེད་དགོས་པ་དང་། བཅོས་བསྒྱུར་བྱེད་མི་འོས་པ་དང་བཅོས་བསྒྱུར་བྱེད་མི་རུང་བ་དེ་གཏན་ནས་བཅོས་བསྒྱུར་བྱེད་མི་རུང་། ང་ཚོས་ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་དུ་འཛིན་པ་དེ་གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས་དང་བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པའི་གཞི་རྩ་དེ་གཉིས་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་སྟེང་གཅིག་གྱུར་བྱས་ཏེ། དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ་དང་གཏན་ནས་གཡོ་འགུལ་བྱེད་མི་རུང་།

ལྔ་བ་ནི་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། རྒྱུན་ཅད་མེད་པར་རང་རྒྱལ་གྱི་ལམ་ལུགས་ཁྱད་སྟོབས་རྒྱུན་ཆད་མེད་པར་འདོན་སྤེལ་དང་ཇེ་དྲག་ཏུ་གཏོང་དགོས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་ལག་ལེན་གྱིས་ང་ཚོར་བློ་སྒོ་འབྱེད་པ་སྟེ། ལམ་ལུགས་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་ཡོངས་ཁྱབ་རང་བཞིན། བརྟན་འཇགས་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་གནད་དོན་ཞིག་ཡིན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་དྲག་ཏུ་གཏོང་བ།  ཏང་དང་རྒྱལ་ཁབ་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཡུན་རིང་དུ་དར་བར་བྱེད་པར་ནུས་ལྡན་གྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས།སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་སྲུང་འཛིན་བྱས་ཏེ། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་ཁག་ཐེག་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་ཚད་ཀྱིས་ཁག་ཐེག་འགན་སྲུང་བྱེད་དགོས་ལ།  ངལ་རྩོལ་དང་ཤེས་བྱ། ལག་རྩལ། དོ་དམ། མ་རྩ་སོགས་གྲུབ་ཆ་གཙོ་བོ་ཡིན་པའི་སྐྱེས་སྟོབས་ལྡན་པར་བྱས་ཏེ། སྤྱི་ཚོགས་ལ་འབྱོར་ཕྱུག་བསྐྲུན་པའི་གསར་སྐྲུན་ཡོད་ཚད་ཀྱི་མགོ་ཁུངས་རྒྱུན་མི་ཆད་པའི་ཆེད་དུ་གསོན་ཤུགས་ཀྱིས་ཁེངས་པའི་སྒྲིག་གཞིའི་ལམ་ལུགས་རྒྱུན་ཆད་མེད་པར་འཛུགས་སྐྲུན་བྱས།

མདུན་བསྐྱོད་ཀྱི་བགྲོད་ལམ་སྟེང་དུ། ང་ཚོས་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པར་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས་གཡོ་འགུལ་མེད་པའི་སྒོ་ནས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་སྣེ་ཁྲིད་བྱས་ཏེ། ཚོང་རའི་ཐོན་ཁུངས་སྙོམ་སྒྲིག་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱས་ནས་རིགས་སྣ་ཚོགས་ཀྱི་ཚོང་རའི་གསོན་ཤུགས་གཙོ་བོར་སྐུལ་མ་གཏོང་དགོས། ང་ཚོས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁུལ་དང་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱེད་པ་དང་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ།  མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ལམ་ལུགས་མ་ལག་གིས་ཁག་ཐེག་བྱེད་དགོས། ང་ཚོས་རིག་གནས་ཁྱབ་ཁོངས་ཀྱི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། དར་ཆ་མཐོན་པོར་བསྒྲེང་པ་དང་དམངས་སེམས་གཅིག་བསྡུ་བྱེད་པ། སློབ་གསོར་བརྟེན་ནས་མི་གསར་བ་གསོ་སྐྱོང་བྱེད་པ།རིག་གནས་དར་ཞིང་སྣང་བརྙན་བསྐྲུན་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་པོས་གསོ་སྐྱོང་དང་ལག་བསྟར་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རྣམ་པའི་བཅོས་བསྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས། གསར་བརྗེ་རིག་གནས་བརྒྱུད་འཛིན་བྱེད་པ། སྔོན་ཐོན་རང་བཞིན་གྱི་རིག་གནས་འཕེལ་རྒྱས་སུ་གཏོང་བ་བཅས་ལ་སྐུལ་འདེད་བྱེད་དགོས།

འབད་བརྩོན་སྒོས་འོད་སྟོང་འབར་བའི་དུས་རབས་དང་འཛམ་གླིང་གི་ཀྲུང་ཧྭའི་རིག་གནས་གསར་སྐྲུན་བྱེད་དགོས།  ང་ཚོས་ཤུགས་ཆེན་པོས་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཛུགས་སྐྲུན་བྱས་ནས། སྤྱི་ཚོགས་འདྲ་མཉམ་དྲང་བཞག་ཐད་རྒྱུན་མཐུད་ཀྱིས་སྐུལ་འདེད་བྱས་ཏེ། སྤྱི་ཚོགས་བརྟན་འཇགས་འགན་སྲུང་བྱེད་པར་གོ་རིམ་ཡོད་པར་བྱེད་དགོས།  ང་ཚོས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་བྱས་ནས། ཆེས་གཟབ་ནན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་དངོས་འབེབས་བྱེད་དགོས། ང་ཚོས་ངེས་པར་དུ་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་ སྒྲིག་སྲོལ་རྐྱེན་སྲོལ་མཐའ་དག་མེད་པར་བཏང་ནས། མགྱོགས་མྱུར་སྒོས་མ་ལག་འཐུས་ཚང་ཡིན་པ་དང་།  ཚན་རིག་ཚད་ལྡན་ཡིན་པ།  ཕན་ནུས་ལྡན་པ་བཅས་ཀྱི་ལམ་ལུགས་མ་ལག་གྲུབ་པར་བྱས་ནས།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་གསོན་ཤུགས་རྒྱས་ཤིང་། སྔར་ལས་སྟོབས་དང་ལྡན་པར་སྐུལ་འདེད་གཏོང་དགོས།

དྲུག  ང་ཚོས་ངེས་པར་དུ་འཕེལ་རྒྱས་ནི་འགན་ཁུར་དང་པོ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས།རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་རྒྱུན་མཐུད་ཀྱིས་ཇེ་དྲག་ཏུ་གཏོང་དགོས། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ལོ་འཁོར་བཞི་བཅུའི་རིང་གི་ལག་ལེན་གྱིས་ང་ཚོར་བསྟན་པ་ནི ། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་དང་བཅིངས་འགྲོལ་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རྒྱལ་ཤུགས་ཇེ་དྲག་ཏུ་གཏོང་བ་ ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླངས་བྱ་དང་རྩ་བའི་འགན་འཁྲི་ཡིན། ནན་ཏན་སྒོས་དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་དུ་བཞག་ནས་བློ་བརྟན་འགྱུར་མེད་ཀྱི་ངང་ནས་རྒྱུན་འཁྱོངས་བྱེད་རྒྱུ་ནི་རྩ་བའི་གནས་ལུགས་ཡིན་ལ། འཕེལ་རྒྱས་ནི་ངེས་པར་ཚན་རིག་གི་འཕེལ་རྒྱས་དང་། ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བསམ་བློ་ཡིན་དགོས་པ་དང་།  སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ན། ད་གཟོད་ཁྱོན་ཡོངས་ནས་རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། རྒྱལ་སྲུང་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་ཇེ་དྲག་ཏུ་གཏོང་ཐུབ་ལ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་དངོས་པོའི་རྨིང་གཞི་འདིང་ཐུབ།

མདུན་སྐྱོད་ཀྱི་ལམ་བར་དུ་ང་ཚོས་ངེས་པར་དུ་མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་པ་དང་། དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་ཐག་གཅོད་ལེགས་པོ་བྱེད་པའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེར་དམིགས་ནས་ བློ་ཐག་རྦད་ཆོད་ཀྱིས་གསར་སྐྲུན་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་ལེན་བྱེད་པ་དང་།  གནས་ལྔ་བཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་དང་མཐུན་སྦྱོར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། རྣམ་པ་གསར་བའི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་བཅས་མཉམ་དུ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱས་ཏེ།  དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་སྒོས་འཛུགས་པ་དང་། སྤུས་ཚད་སྔར་ལས་མཐོ་ཞིང་། སྔར་ལས་ཕན་ནུས་ཆེ་བ། སྔར་ལས་འདྲ་མཉམ་ཡིན་པ། སྔར་ལས་རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས། ང་ཚོས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཧུར་བརྩོན་གྱིས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་། འཕར་སྣོན་སྒུལ་ཤུགས་ལེགས་སྒྱུར་བྱེད་པ། ཧུར་ཐག་གིས་ནང་མཁོ་རྒྱ་སྐྱེད་པ།  ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ། ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ངེས་པར་དུ་ཉེན་ཁ་ཆེན་པོ་འགོག་སྲུང་བྱེད་པ་དང་། གནད་ཕུགས་དབུལ་སྐྱོར་དང་། འབག་བཙོག་འགོག་བཅོས་བཅས་ཀྱི་མཁྲེགས་གཏོར་འཐབ་འཛིང་མཐའ་གཅིག་ཏུ་ལེགས་པོར་སྤེལ་དགོས།  ང་ཚོས་གསར་སྐྲུན་ནི་སྒུལ་ཤུགས་གཙོ་བོ་ཡིན་པ་དང་།  འཇོན་མི་ནི་ཐོན་ཁུངས་དང་པོ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས།  གསར་སྐྲུན་སྐུལ་སྤེལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་།  རྒྱལ་ཁབ་ཀྱི་གསར་སྐྲུན་མ་ལག་འཐུས་ཚང་དུ་གཏོང་བ།  གནད་འགག་གི་ལག་རྩལ་གཙོ་བོ་རང་འདེགས་གསར་སྐྲུན་ཇེ་མགྱོགས་སུ་བཏང་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་གསར་བ་འདོན་སྤྲོད་བྱེད་དགོས།  ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆུ་བོ་དྭངས་ཤིང་རི་བོ་སྔོ་བ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་ནས། ལྗང་མདོག་འཕེལ་རྒྱས་བྱེད་ཐབས་དང་འཚོ་བའི་བྱེད་ཐབས་གྲུབ་པར་བྱས་ཏེ། ང་ཚོའི་རླབས་ཆེ་བའི་མེས་རྒྱལ་དེ་སྔར་ལས་མཛེས་སྡུག་ལྡན་ཞིང་ཡིད་དབང་འཕྲོག་པ་ཞིག་ཏུ་འཛུགས་སྐྲུན་བྱས་ནས། མི་དམངས་ཀྱི་འཚོ་བའི་ཁྲོད་ཀྱི་ནམ་མཁའ་སྔར་ལས་དྭངས་ཤིང་། རི་བོ་སྔར་ལས་སྔོ་ལྗང་ལྡན་པ། ཆུ་བོ་སྔར་ལས་དྭངས་ཤིང་གཙང་པའི་དག་ཞིང་ལྟ་བུའི་ཁོར་ཡུག་ཅིག་སྐྲུན་དགོས།

བདུན། ངེས་པར་དུ་ཕྱི་ཕྱོགས་སུ་རྒྱ་སྐྱེད་པ་རྒྱུན་འཁྱོངས་བྱས་ནས། མིའི་རིགས་ཀྱི་བདེ་སྡུག་ཐུན་མོང་ཚོགས་པ་མཉམ་དུ་སྐྲུན་པར་སྐུལ་འདེད་གཏོང་དགོས།  བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུའི་རིང་གི་ལག་ལེན་གྱི་ཐོག་ནས་ང་ཚོར་བསྟན་པ་ནི། སྒོ་འབྱེད་ལས་ཡར་ཐོན་འབྱུང་བ་དང་། སྒོ་གཏན་ནི་ནམ་ཡང་རྗེས་ལུས་ཡིན། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། འཛམ་གླིང་གི་དར་རྒྱས་ཁྲོད་དུ་ཀྲུང་གོ་ནི་མེད་དུ་མི་རུང་བ་ཞིག་ཡིན། ང་ཚོས་རྒྱལ་ནང་རྒྱལ་སྤྱིའི་ཆེ་ཕྱོགས་ནས་གཅིག་གྱུར་དང་།   ཕྱི་ཕྱོགས་སུ་སྒོ་འབྱེད་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། ཧུར་བརྩོན་དང་རང་འགུལ་གྱིས་སྒོ་འབྱེད་སྲིད་ཇུས་ལག་བསྟར་བྱེད་པ། ཕྱོགས་ཡོངས་དང་།  རིམ་པ་མི་འདྲ་བ། ཁྱབ་ཁོངས་ཡངས་པ་བཅས་ཀྱི་ཁྱོན་ཡོངས་ནས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་ཞིག་གྲུབ་པར་བྱས་ནས། རང་རྒྱལ་ལ་རྒྱལ་སྤྱིའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཏེ། རྒྱ་ཆེ་ཞིང་ཁོད་ཡངས་པའི་འཕེལ་རྒྱས་ཀྱི་བར་སྟོང་ཞིག་སྐྲུན་དགོས།

མདུན་སྐྱོད་ཀྱི་ལམ་བར་དུ་ང་ཚོས་ངེས་པར་དུ་ཞི་བདེ་དང་། འཕེལ་རྒྱས། མཉམ་འབྲེལ། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་དང་།  མཉམ་དུ་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་བརྩི་སྲུང་བྱས་ནས། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་དྲང་བཞག མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་དགོས། ང་ཚོས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་རང་འགུལ་སྒོས་འདེམས་པའི་འཕེལ་རྒྱས་ལམ་བུའི་དབང་ཆར་བརྩི་བཀུར་བྱེད་དགོས་པ་དང་། རྒྱལ་སྤྱིའི་འདྲ་མཉམ་དྲང་བཞག་ལ་བརྩི་སྲུང་བྱས་ནས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་དར་སྤེལ་གཏོང་བ་དང་།  རང་ཉིད་ཀྱི་བསམ་ཚུལ་གྱིས་སྒེར་གཅོད་བྱེད་པར་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པ། བཙན་པོས་ཉམ་ཆུང་ལ་བརྙས་བཅོས་བྱེད་པར་ངོ་རྒོལ་བྱེད་དགོས། ང་ཚོས་འགན་འཁྲི་དང་དུ་ལེན་པའི་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་བྱས་ནས། འཕེར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཧུར་བརྩོན་གྱིས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་ཏེ། མཉམ་དུ་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། མཉམ་དུ་དར་རྒྱས་ཡོང་བ། སྒོ་འབྱེད་དཀྱེལ་ཡངས། དྭངས་གཙང་མཛེས་སྡུག་གི་འཛམ་གླིང་ཞིག་སྐྲུན་པར་མཉམ་དུ་ཧུར་བརྩོན་བྱེད་དགོས། ང་ཚོས་སྒོ་འབྱེད་དང་། དྭངས་གསལ། དཀྱེལ་ཡངས། མཐོང་ཆུང་རང་བཞིན་མེད་པ་བཅས་ཀྱི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་། སྟབས་བདེ་ཅན་ལ་ཡར་སྐུལ་འདེད་བཏང་ནས། དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་དེ་སྔར་ལས་སྒོ་འབྱེད་དང་། དཀྱེལ་ཡངས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཁ་ཕྱོགས་སུ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས།  ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་དུ་འཛུགས་སྐྲུན་བྱེད་པ་གཙོ་བོར་བཟུང་ནས། ཕྱོགས་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་མཉམ་ལས་ཀྱི་སྟེགས་བུ་གསར་བ་སྐྲུན་ཏེ། འཛམ་གླིང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་གསར་བ་སྣོན་དགོས། ཀྲུང་གོས་རྒྱལ་ཁབ་གཞན་པའི་ཁེ་ཕན་བློས་བཏང་ནས་རང་ཉིད་འཕེལ་རྒྱས་སུ་གཏན་ནས་གཏོང་མི་སྲིད་ལ། རང་ཉིད་ཀྱི་དྲང་བདེན་ཁེ་དབང་གཏན་ནས་འདོར་མི་སྲིད། ཀྲུང་གོས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གང་ལའང་འཇིགས་སྐུལ་བྱེད་མི་སྲིད་ལ། ཀྲུང་གོ་འཕེལ་རྒྱས་ཀྱི་ཚད་རིམ་གང་དུ་བསླེབ་ཀྱང་ནམ་ཡང་ང་རྒྱལ་དང་ཁེངས་དྲེགས་ཡོད་མི་སྲིད།

བརྒྱད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་གི་གསར་སྐྲུན་ནུས་ཤུགས་དང་།གོང་བུ་སྒྲིལ་ཤུགས། འཐབ་འཛིང་ནུས་ཤུགས་བཅས་རྒྱུན་མཐུད་ཀྱིས་མཐོར་འདེགས་སུ་གཏོང་དགོས། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུའི་རིང་གི་ལག་ལེན་ལས་ང་ཚོར་བསྟན་པ་ནི། ལྕགས་རྡུང་ན་ཐོ་བ་མཁྲེགས་དགོས་པ་ལྟ་བུའི་སྟོབས་ཤུགས་ལྡན་དགོས།  ཀྲུང་གོའི་བྱ་བ་བཟང་བོར་སྒྲུབ་པའི་གནད་འགག་དེ་ཏང་ཡིན་པ་དང་།  ཏང་གིས་ཏང་ལ་དོ་དམ་ནན་མོ་བྱེད་པ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན ། ང་ཚོའི་ཏང་གིས་བཅོས་སྒྱུར་སྒོ་འབྱེད་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་སྤྱི་ཚོགས་གསར་བརྗེ་ལ་མགོ་ཁྲིད་བྱེད་པའི་དུས་མཚུངས་སུ། བློ་བརྟན་འགྱུར་མེད་སྒོས་ཏང་གི་རླབས་ཆེ་བའི་རང་ཉིད་གསར་བརྗེ་ལ་སྐུལ་སྤེལ་བྱས་ཏེ། ཏང་ལ་བློ་མི་དཀར་བའི་བྱ་སྤྱོད་མཐའ་དག་གཙལ་སེལ་བྱེད་ཕོད་པར་བྱས་ནས།  ཏང་རྒྱུན་ཆད་མེད་པར་རང་ཉིད་དྭངས་གཙང་དང་། རང་ཉིད་འཐུས་ཚང་། རང་ཉིད་གསར་བརྗེ་བྱེད་པ། རང་ཉིད་མཐོར་འདེགས་བཅས་གཏོང་ཐུབ་པ་དང་། རྒྱུན་ཆད་མེད་པར་ཏང་གི་ཆབ་སྲིད་མགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་ཇེ་དྲག་ཏུ་བཏང་ན། ད་གཟོད་ཏང་ནམ་ཡང་མི་དམངས་མང་ཚོགས་དང་ཤ་འདྲེས་ཁྲག་འདྲེས་བྱེད་པར་ཁག་ཐེག་བྱེད་ཐུབ།

མདུན་སྐྱོད་ལམ་བར་དུ་ང་ཚོས་ངེས་པར་དུ་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་སྤྱིའི་བླངས་བྱ་ལྟར་དུ། ཆབ་སྲིད་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ། རྒྱུན་ཆད་མེད་པར་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བར་སྐུལ་འདེད་དང་། རྒྱུན་ཆད་མེད་པར་ཏང་ཡོངས་མཐུན་སྒྲིལ་གཅིག་གྱུར་དང་། གསོན་ཤུགས་ཇེ་དྲག་ཏུ་གཏོང་བ། རྒྱུན་ཆད་མེད་པར་ཏང་ཡོངས་ཀྱི་ སྲིད་འཛིན་ངོ་བོ་ཇེ་དྲག་ཏུ་བཏང་ནས། ཏང་སྔར་ལས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། ང་ཚོས་དུས་རབས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་རང་ཉིད་ལ་ལྟ་རྟོགས་བྱེད་པ་རྒྱུན་འཁྱོངས་དང་། སེམས་ཕྲལ་གྱི་འདུ་ཤེས་དྲག་པོས་རང་ཉིད་ལ་དྲན་སྐུལ་བྱེད་པ་དང་།  བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་ཀྱིས་རང་ཉིད་འཐུས་ཚང་དུ་གཏོང་བར་ཤུགས་བསྣན་ནས།  ཉེན་ཁའི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཁྲོད་ནས་རང་ཉིད་སྦྱོང་བརྡར་དང་མཐོར་འདེགས་སུ་གཏོང་བ། ཏང་ནང་ཁུལ་གྱི་འབུར་ཐོན་གྱི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་ནས་རང་ཉིད་དྭངས་གཙང་ཡོང་བར་བྱས་ནས་རྒྱུན་ཆད་མེད་པར་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་མཐོར་འདེགས་སུ་གཏོང་དགོས།  ང་ཚོས་སྤྱོད་ཡོན་གཉིས་ལྡན་དང་། སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་བཞག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཤུགས་ཆེན་པོས་བློ་དཀར་དང་། དྭགས་གཙང་། འགན་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་དང་། དཔུང་ཁག་མཐུག་པའི་འཇོན་མི་སྐྱེད་སྲིང་བྱེད་དགོས། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་ནམ་ཡང་རྫོགས་མཐའ་མེད་པའི་ཆོད་སེམས་བརྟན་པོས་རྩ་ལག་མཉམ་བཅོས་གཏིང་ཟབ་དུ་གཏོང་བ་དང་། རུལ་སུངས་མི་སྣ་མཐའ་དག་རྦད་ཆོད་སྒོས་གཙང་སྲེལ་བྱེད་པ་དང་། ལས་བྱེད་པ་རྣམ་དག་དང་། སྲིད་གཞུང་སྲིད་གཙང་། ཆབ་སྲིད་དྭངས་གཙང་བཅས་ཡོང་བ་ཁག་ཐེག་བྱས་ནས ། བཅོས་སྒྱུར་སྒོ་འབྱེད་ཀྱིས་དྭངས་གསལ་ཁོད་ཡངས་ཀྱི་ཆབ་སྲིད་སྐྱེ་ཁམས་ཤིག་སྐྲུན་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

དགུ  རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་། ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཛམ་གླིང་ལྟ་བ་དང་བརྟག་ཐབས་སྨྲ་བ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ།  བཅོས་སྒྱུར་འཕེལ་རྒྱས་དང་། གཏན་འཇགས་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུའི་རིང་གི་ལག་ལེན་གྱི་སྟེང་ནས་ང་ཚོར་བསྟན་པ་ནི། རང་རྒྱལ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། རྩ་བའི་རང་བཞིན་གྱི་གནད་དོན་སྟེང་ནས་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་གཏན་ནས་མི་འབྱུང་བ་བྱེད་དགོས།  ང་ཚོས་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དང་།  མི་དམངས་ཀྱི་ཐོག་མའི་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  བློ་སེམས་རྩེ་གཅིག་གིས་མདུན་ལམ་ལ་བསམ་གཞིག་གཏོང་བ་དང་རྩེ་གྲས་ཀྱི་ཇུས་འགོད་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས། གནད་དོན་ཕྱོགས་སྟོན་དང་། དམིགས་འབེན་ཕྱོགས་སྟོན་ཕན་ཚུན་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས།  ཚོད་ལྟ་སྔོན་འགྲོ་དང་། ཁྱོན་ཡོངས་སྐུལ་འདེད་ཕན་ཚུན་ཡར་སྐུལ་རྒྱུན་འཁྱོངས་བྱས་ནས་བློ་སྤོབས་ཆེན་པོས་ཚོད་ལྟ་དང་། སྤོབས་པ་ཆེན་པོས་དོན་གཉེར་བྱེད་པར་སྐུལ་ལྕག་གཏོང་དགོས་ལ།  དངོས་ཐོག་བདེན་འཚོལ་དང་། ཡག་ཐོག་ཡག་བརྩེགས་རྒྱུན་འཁྱོངས་བྱས་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་རྒྱང་རིང་ཕུགས་འདུན་མངོན་འགྱུར་བྱེད་པར་འགན་སྲུང་བྱས། མདུན་སྤྱོད་ཀྱི་ལམ་བར་དུ་ང་ཚོས་འཐབ་ཇུས་བསམ་གཞིགས་དང་། རྩོད་སྒྲུབ་བསམ་གཞིགས། གསར་སྐྲུན་བསམ་གཞིགས། ཁྲིམས་སྐྱོང་བསམ་གཞིགས། ཚད་གཞིའི་བསམ་གཞིགས་བཅས་ཇེ་དྲག་ཏུ་བཏང་ནས། ཆེ་ཕྱོགས་ཀྱི་བསམ་གཞིག་དང་། རྩེ་གྲས་ཀྱི་ཇུས་གཞི་ལ་ཤུགས་བསྣན་ཏེ། གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་དང་། རང་རྒྱལ་འཕེལ་རྒྱས་ཀྱི་མདུན་དུ་ལྷག་པའི་འབུར་ཐོན་འགལ་བ་དང་གནད་དོན་གཅིག་བསྡུས་བྱས་ནས་གཏིང་ཟབ་ཏུ་བརྟག་དཔྱད་ཞིབ་འཇུག་བྱེད་པ། གཞི་རིམ་གྱིས་སྤོབས་པ་ཆེན་པོས་འཚོལ་ཞིབ་བྱེད་པར་སྐུལ་མ་གཏོང་བ།  བཅོས་སྒྱུར་ཐབས་ཇུས་དང་། ཁྲིམས་འཛུགས་ཐབས་ཇུས་ཕན་ཚུན་འབྲེལ་མཐུད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  རྒྱུན་ཆད་མེད་པར་བཅོས་སྒྱུར་ཐབས་ཇུས་ཀྱི་ཚན་རིག་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ང་ཚོས་བཟུང་ན་ཤུལ་ཡོད་པ་དང་། སོང་ན་རྗེས་ཡོད་པའི་འགྱུར་མེད་ཀྱི་སྙིང་སྟོབས་ཀྱིས་དངོས་འབེབས་དམ་འཛིན་བྱས་ནས། བཅོས་སྒྱུར་གྱི་བྱེད་ཐབས་ཆེན་པོ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། ང་ཚོ་གཞན་གྱི་སྔོན་དུ་སྐྱོད་དགོས་པར་མ་ཟད། ཁ་བཤད་དོན་ལ་གནས་དགོས། ད་དུང་གོམ་སྟབས་བརྟན་པོས་བྱ་བ་ཧུར་ཐག་གིས་བསྒྲུབ་ནས། བཅོས་སྒྱུར་དང་འཕེལ་རྒྱས། གཏན་ནའཇགས་བཅས་གཅིག་གྱུར་བྱེད་པ་དང་།  ཁ་ཕྱོགས་མི་འགྱུར་བ་རྒྱུན་འཁྱོངས་དང་། ལམ་བུ་མི་ནོར་བ། སྟོབས་ཤུགས་མི་ཉམས་པ་བཅས་བྱས་ནས་དུས་རབས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་གོམ་སྟབས་སྔར་ལས་བརྟན་ཞིང་སྔར་ལས་ཁོད་ཡངས་པར་སྐུལ་འདེད་གཏོང་དགོས།

བློ་མཐུན་རྣམ་པ།གྲོགས་པོ་རྣམ་པ།

རྒྱལ་ཁབ་སྟོབས་འབྱོར་དང་དམག་དཔུང་སྟོབས་ལྡན་གཏོང་བར་ཕན་ཚུན་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་དང་རང་རྒྱལ་རྒྱལ་སྤྱིའི་གོ་གནས་དང་འཚམས་པ། རྒྱལ་ཁབ་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དང་མཐུན་པའི་སྲ་བརྟན་གྱི་རྒྱལ་སྲུང་དང་སྟོབས་ཤུགས་ཆེ་བའི་དམག་དཔུང་འཛུགས་སྐྲུན་བྱེད་རྒྱུ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་འགན་ཁུར་ཡིན། ང་ཚོས་ཁྱོན་ཡོངས་ནས་དུས་རབས་གསར་བའི་ཏང་གི་དམག་དཔུང་སྟོབས་ལྡན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་གི་དམག་དོན་གསར་བའི་གསར་བརྗེའི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་གྱི་ལམ་དུ་བསྐྱོད་པར་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་རྒྱལ་སྲུང་དང་དམག་དཔུང་བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་ནས། ཆབ་སྲིད་ཀྱིས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་བཅོས་བསྒྱུར་གྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་གྱིས་དམག་དཔུང་དར་རྒྱུས་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་སྐུལ་འདེད་བཏང་ནས། ཏང་གིས་བཀོད་འདོམས་ལ་ཉན་པ་དང་གཡུལ་ས་ལས་རྣམ་པར་རྒྱལ་ཐུབ་པ། སྤྱོད་གཙང་སྤུས་ལེགས་བཅས་ཀྱི་མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། ཧུར་ཐག་སྒོས་འཛམ་གླིང་གཙོ་རྒྱུགས་ཀྱི་དམག་དཔུང་བཙུགས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན། འཛམ་གླིང་ཞི་བདེའི་བརྟན་འཇགས་ལ་སྲུང་སྐྱོང་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རྒྱབ་རྟེན་བརྟན་པོར་འདོན་སྤྲོད་བྱ་དགོས།

རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རླབས་ཆེན་བློ་བཀོད་ལ་ཚེ་སྲོག་གི་ནུས་ཤུགས་ཆེ་ཆེར་ལྡན་ངེས། ང་ཚོས་ཁྱོན་ཡོངས་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་མིས་ཞང་ཀང་སྐྱོང་བ་དང་ཨོ་མིན་མིས་ཨོ་མིན་སྐྱོང་བ། ཆེས་མཐོའི་རང་སྐྱོང་གི་ཡང་དག་བྱེད་ཕྱོགས་ལག་བསྟར་བྱས་ཏེ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་བྱ་བ་ནན་མོར་བསྒྲུབ་དགོས་པ་དང་། གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱེད་པར་འབྲེལ་བའི་ལམ་ལུགས་དང་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ཞང་ཀང་དང་ཨོ་མིན་དུས་ཡུན་རིང་བོར་དར་རྒྱས་བརྟན་འཇགས་ཡོང་བར་སྲུང་འཛིན་བྱེད་དགོས་པ་དང་། ཞང་ཀང་དང་ཨོ་མིན་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཚུད་པར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས། ཞང་ཀང་དང་ཨོ་མིན་སྤུན་ཟླས་མེས་རྒྱལ་མི་དམངས་དང་མཉམ་དུ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་ཁག་ཁུར་བྱས་ཏེ། མེས་རྒྱལ་སྟོབས་འབྱོར་མངའ་ཐང་གི་རླབས་ཆེན་གཟི་བརྗིད་མཉམ་རོལ་བྱེད་དགོས།

མེས་རྒྱལ་གཅིག་གྱུར་རྩ་བ་ནས་མངོན་འགྱུར་བྱེད་པ་ནི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱིས་ཐུན་མོང་གི་སྨོན་འདུན་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་གཞི་རྩའི་ཁེ་ཕན་འབྱུང་སའང་ཡིན་ངེས། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང་དགུ་གཉིས་ཐུན་མོང་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་འགྲོ་བའི་རྨང་གཞི་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་རིག་གནས་བརྗེ་རེས་མཉམ་ལས་གཏིང་ཟབ་དུ་སྤེལ་ནས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ལ་བདེ་སྐྱིད་བསྐྲུན་དགོས།

ང་ཚོར་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ཆོད་སེམས་དང་། རྒྱལ་ཁབ་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་ནུས་ཤུགས་ཆེན་པོ་ཡོད་པས། མེས་རྒྱལ་གནས་མཆོག་མངའ་ཁོངས་ཀྱི་ས་གཞི་ཚུན་གང་ཡང་གཏན་ནས་ཁ་བྲལ་ཏུ་གཏོང་མི་སྲིད།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ཀྲུང་གོ་མི་དམངས་ལ་རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་ལྡན་པ་དང་ཀྲུང་ཧྭ་མི་རིགས་ལ་བསྒྱུར་བཅོས་དང་སྒོ་འབྱེད་བྱེད་པའི་སྙིང་སྟོབས་ཀྱིས་ཁེངས་ཡོད། ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ལ། ཀྲུང་ཧྭ་མི་རིགས་ཀྱི་མེས་པོ་གོང་མ་དག་གིས་ཀྲོའོ་གནའ་བའི་རྒྱལ་ཁབ་ཡིན་མོད། འོན་ཀྱང་འགན་འཁྲི་རྙིང་གཏོར་གསར་གཏོད་བྱེད་དགོས་ཞེས་པའི་བསམ་བློ་གཙོར་བཟུང་ནས། ཀྲུང་ཧྭ་ཤེས་རིག་གི་རླབས་ཆེན་ལག་ལེན་གསར་གཏོད་ཀྱི་མགོ་ཚུགས་པ་རེད། གནའ་ནས་བཟུང་། ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་ལུགས་བསྒྱུར་འཕོ་འགྱུར་གྱི་སྟོབས་བསྐྱེད་འགུལ་བསྐྱོད་གྲངས་མེད་བསླངས་ཏེ། སྲིད་དོན་སྐྱོང་བར་ཚུལ་ལུགས་གཅིག་ལྟར་བྱེད་མི་རུང་། རྒྱལ་ཁབ་བདེ་ལ་འགོད་པར་གནའ་སྲོལ་དཔེར་མི་བྱ་སོགས་ཀྱི་བརྗིད་ཉམས་ལྡན་པའི་བསྒྲག་གཏམ་གང་མང་བཞག་ཡོད།  གནའ་ནས་ད་ལྟའི་བར་དུ།  ཀྲུང་ཧྭ་མི་རིགས་ལ་གནམ་འོག་སྤྱི་སྙོམས་དང་རྒྱལ་ཁམས་འགྲིག་མཐུན་གྱི་ཁོག་རྒྱ་ཡངས་པོ་བཅིངས་ནས།  ཡིད་ཆེས་དང་སྐྱེད་ཡངས་སྒོས་ས་ཁོངས་ཕྱིའི་མི་རིགས་བར་དུ་འགྲོ་འོང་དང་རིག་གནས་སྤེལ་རེས་བྱས་ཏེ།  ལེ་བར་ཁྲི་ཕྲག་ཡི་དར་གོས་ཚོང་ལམ་བཏོད་པ་དང་།  ཐང་རྒྱལ་རབས་ཀྱིས་དར་རྒྱས་ཆེ་བའི་གནས་བབ་བསྐྲུན།  “བློ་ལྡན་སྐྱེ་བོའི་བརྩོན་པ་མི་འདོར།  ཚུལ་ལྡན་སྐྱེ་བོའི་སྤྱོད་བཟང་མི་འདོར”བའི་བསྒྱུར་བཅོས་དང་སྒོ་འབྱེད་ཀྱི་སྙིང་སྟོབས་འདི་རིགས་ཀྱིས་ད་གཟོད་ཀྲུང་ཧྭའི་ཤེས་རིག་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་།  ལོ་ངོ་ལྔ་སྟོང་ལྷག་བརྒྱུད་རྗེས།  ད་རུང་རྒྱུན་མ་ཆད་པའི་འོད་སྟོང་འབར་བའི་ཤེས་རིག་ཏུ་འགྱུར་བར་བྱས་ཡོད།  བགྲང་བྱ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཆེན་པོ་བལྟས་ཚེ།  བསྒྱུར་བཅོས་དང་སྒོ་འབྱེད་ནི་ཕལ་ཆེར་ཀྲུང་གོའི་ལོ་རྒྱུས་རྒྱུན་རྣམ་ཡིན།  ཀྲུང་ཧྭ་མི་རིགས་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པས་མུ་མཐུད་དུ་མ་འོངས་པའི་ཕྱོགས་སུ་བསྐྱོད་པར་ལོ་རྒྱུས་ཀྱི་ཁུངས་སྣེ་ཟབ་མོ་དང་།  རིག་གནས་ཀྱི་རྨང་གཞི་མཐུག་པོ་ཡོད།  ང་ཚོའི་འདི་ལྟ་བུའི་རྒྱལ་ཁབ་ཆེན་པོ་ཞིག་ལ།  བློ་གཤོགས་ཆེན་པོ་ཡོད་དགོས།  མའོ་ཙེ་ཏུང་གིས་གསུང་རྒྱུར།  “རྒྱལ་ཡོངས་ལ་རྒྱལ་ཁ་ལེན་པ་དེ་ནི་ལེ་དབར་ཁྲི་ཕྲག་གི་རྒྱང་སྐྱོད་ཀྱི་གོམ་རིམ་ཡོངས་འགྲུབ་བྱས་པ་དེ་ཙམ་ཡིན།  གལ་ཏེ།  གྲུབ་འབྲས་དེ་ལའང་ང་རྒྱལ་སྐྱེས་ཚེ་དེ་ནི་གླེང་རིན་མེད་པ་ཞིག་ཡིན་ལ།  དེ་ལས་ཀྱང་ང་རྒྱལ་སྐྱེས་དགོས་པ་རྗེས་སུ་ཡོད་པ་རེད།  ལོ་བཅུ་ཕྲག་འགའ་འགོར་རྗེས།  ཀྲུང་གོ་མི་དམངས་དམངས་གཙོའི་གསར་བརྗེ་ཡི་རྒྱལ་ཁ་ལ་བལྟས་ཚེ།  དེ་ནི་གཏམ་རྒྱུད་རིང་མོ་ཞིག་གི་ཚན་པ་ཆུང་ངུ་ཞིག་ཡིན་པའི་ཚོར་བ་སྦྱིན་སྲིད།  གཏམ་རྒྱུད་ནི་ངེས་པར་དུ་གླེང་གཞི་ནས་མགོ་བརྩམས་དགོས་པ་ཡིན་མོད།  འོན་ཀྱང་།  མགོ་རྩོམ་པ་ལས་ནང་དོན་དངོས་སུ་ཐོན་མེད་པས།  ང་ཚོས་འཛམ་གླིང་རྙིང་བ་ཞིག་གཏོར་མཁས་པར་བྱེད་དགོས་ལ།  ད་རུང་འཛམ་གླིང་གསར་བ་ཞིག་སྐྲུན་མཁས་པར་བྱེད་དགོས། ”བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་མགོར།  ང་ཚོའི་རྒྱལ་ཁབ་ཆེ་ཞིང་མི་གྲངས་མང་ལ།  གཏིང་གཞི་ཞན་པས།  དཀའ་ཁག་དང་འགྲན་རྩོད་མང་པོར་ཁ་གཏད་ཡོད་མོད།  འོན་ཀྱང་།  ང་ཚོར་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ།  ལོ་ངོ་བདུན་ཅུ་ལྷག་དང་གོམ་རིམ་གསུམ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་སྟེང་མངོན་འགྱུར་བྱེད་པའི་དཔེ་རིས་ཆེན་པོ་རིས་སུ་བཀོད་པ་དང་།  སྤོབས་པ་ཆེན་པོ་དང་གདེང་ཚོད་བརྟན་པོ་མེད་ཚེ་འདི་ལྟ་བུའི་དཔེ་རིས་ཆེན་པོ་དང་ཐབས་ཇུས་འགོད་མི་ཐུབ། 

ལོ་ངོ་བཞི་བཅུའི་རིང་ལ། ང་ཚོས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསལ་ནས་ལྷོད་གཡེང་མི་བྱེད་པ་དང་། ཆར་རླུང་དྲག་པོ་ཅི་འདྲ་འཚུབ་རུང་མགོ་བོ་མི་སྒུར་བར་རླབས་ཆེན་དམིགས་འབེན་གྱི་ཕྱོགས་སུ་མདུན་དུ་སྐྱོད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་རང་རྒྱལ་འཕེལ་རྒྱས་ལ་སྔར་ལས་མཐོ་བའི་འབད་བརྩོན་དམིགས་འབེན་བཏོན་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་ནས་གཞི་རྩའི་སྟེང་ནས་དེང་རབས་ཅན་མངོན་འགྱུར་བྱེད་པ་དང་།   དེ་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གྲུབ་པར་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་བྱེད་པར་འབོད་སྐད་ཆེན་པོར་བསྒྲགས།

གནའ་མིའི་སྐད་དུ། བྱ་གཞག་ཐམས་ཅད་བསམ་གཞིགས་ལས་བྱུང་བ་དང་། འབད་བརྩོན་ལས་འགྲུབ་ལ་ང་རྒྱལ་ལས་ཕམ་ཞེས་པའི་དཔེ་ལྟར།རླབས་ཆེ་བའི་ཕུགས་མདུན་ནི་སྒུག་ནས་ཐོན་པ་ཞིག་དང་། འབོད་འགུག་བྱས་ནས་ཐོན་པ་ཞིག་ག་ལ་ཡིན་ཏེ། དེ་ནི་དཀའ་སྤྱད་སྡུག་རུས་དང་འབད་བརྩོན་ལྷོད་མེད་ལས་བྱུང་བ་ཞིག་དང་ངར་ཤུགས་དང་རྩོལ་ཤུགས་བཏོན་ནས་བྱུང་བ་ཞིག་རེད། ང་ཚོ་ད་ལྟའི་གནས་བབ་ནི་གྲུ་གཟིངས་ཆུ་དབུས་སུ་ཐོན་དུས་རྦ་རླབས་སྔར་བཞིན་མཐོ་ལ་འཚབ་འཚུབ་ཡིན་པ་དང་། མི་ནི་རི་སྐེད་དུ་ཐོན་རྗེས་སྔར་ལས་ཀྱང་གཟར་མོ་ཡིན་ལ།དེ་ནི་ཇི་ཙམ་བསྐྱོད་ན་དེ་ཙམ་དཀའ་བ་དང་། ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཉེན་ཁ་ཆེ་བ་དང་། མ་བསྐྱོད་པར་ཕྱིར་འཐེན་དགོས་པ་ཞིག་མིན་ལ། མ་སོང་ན་མི་ཆོག་པའི་གནས་སུ་སོང་བའི་དུས་སྐབས་ཤིག་རེད། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་རི་ཀླུང་ཁྲི་སྟོང་བརྒལ་སོང་མོད། འོན་ཀྱང་སྔར་བཞིན་ལ་ལུང་ཀྱག་ཀྱོག་འགྲིམ་དགོས་པས། ང་ཚོའི་མིག་མདུན་དུ་བཤམས་ཡོད་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མདུན་དུ་འཕྲད་པའི་འགན་འཁྲི་སྔར་ལས་གཟི་བརྗིད་དང་ལས་འགན་སྔར་ལས་དཀའ་ཚེག་ཆེ་བ། འགྲན་རྩོད་སྔར་ལས་ཛ་དྲག་ཡིན་པ། བྱ་བ་སྔར་ལས་རླབས་ཆེན་ཡིན་པ་བཅས་ཡིན།

རྟ་བརྒྱ་མཉམ་རྒྱུགས་དང་། འབྲི་བརྒྱ་མཉམ་གཤར་གྱི་དུས་རབས་འདིར་ང་ཚོའི་ང་རྒྱལ་དང་ཁེངས་དྲེགས། རང་ལམ་རང་བཀག་གཏན་ནས་བྱེད་མི་རུང་ལ། སོམ་ཉི་དང་ཐེ་ཚོམ་སྤུ་ཙམ་ཡང་བྱེད་མི་རུང་བ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པར་ངེས་པར་དུ་རླབས་ཆེན་འཐབ་རྩོད་དང་། རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན། རླབས་ཆེན་ཕུགས་མདུན་བཅས་ལ་གཅིག་འདོམས་བྱས་ནས། དཔའ་ངར་ཆེན་པོས་མདུན་བསྐྱོད་དང་། དཔའ་ངར་ཆེན་པོས་དྲག་ཏུ་འཐབ་དགོས།

དད་མོས་དང་དད་སེམས། ཡིད་ཆེས་གསུམ་ནི་དུས་ནམ་ཡིན་རུང་གལ་འགངས་ཆེ་བ་ཞིག་རེད། ཆུང་ས་ནས་མི་གཅིག་དང་། ཐུན་མོང་གཅིག  ཆེ་ས་ནས་སྲིད་ཏང་གཅིག་དང་། མི་རིགས་གཅིག  རྒྱལ་ཁབ་གཅིག་གང་ཡིན་རུང་།  དད་མོས་དང་དད་སེམས། ཡིད་ཆེས་གསུམ་ཡོད་ན་བར་ཆད་ཇི་ཙམ་ཡོད་ན་སྟོབས་ཤུགས་དེ་ཙམ་ཡོད་པ་དང་། འཐབ་རྩོད་ཇི་ཙམ་བྱས་ན་དཔའ་ངར་དེ་ཙམ་ཡོད་དགོས།  དེ་ལྟར་མ་བྱས་ན་མ་འཐབ་རང་ཕམ་དང་། མི་རྒྱག་རང་ཐོར་བྱེད་ངེས། འདས་ཟིན་པ་དང་ད་ལྟ།མ་འོངས་པ་གང་ཡིན་རུང་མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་ཀྱི་དད་སེམས་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་འདུན་མའི་ཡིད་ཆེས་མངོན་འགྱུར་བྱེད་པ་བཅས་ཡོད་ཚད་ནི་ཀྲུང་གོ་མི་དམངས་ཡར་ལངས་པ་དང་། ཕྱུག་པོར་ཆག་པ།  སྟོབས་ལྡན་དུ་གཏོང་བ་བཅས་བསམ་བློའི་སྟོབས་ཤུགས་ཀྱི་མཛུབ་ཁྲིད་དང་འདེགས་སྐྱོར་ཡིན།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ལོ་ངོ་བཞི་བཅུའི་དྲག་ཏུ་འཕྱུར་བའི་རྦ་རླབས་སྔོན་མོ་མཁའ་རུ་རྩེན། ལེ་དབར་ཁྲི་ཡི་མཁའ་ལམ་གཅོད་པའི་བྱ་རྒྱལ་ཁྱུང་གི་གཤོགས་རྩལ་ངོམ། ཆལ་ཆིལ་འབབ་པའི་གཙང་བོའི་རླབས་རྒྱུན་གྱིས་གཡང་གཟར་བྲག་རི་འཕྲད་ཀྱིས་བཅད་ནས་ཕྱི་ུརུ་ལྷུང་ལྷུང་བཞུར་བ་ནི་ལུང་བརྒྱའི་ཆུ་སྣ་མང་པོ་གཅིག་ཏུ་འདུས་པའི་སྟོབས་ཤུགས་ཆེན་པོ་ཡིན།

ཉེ་རབས་ཚུན་གྱི་དུས་ཡུན་རིང་བོའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ། ཀྲུང་གོ་མི་དམངས་དཀའ་སྡུག་གྲངས་མེད་ནས་རང་སྲོག་མང་པོ་བློས་བཏང་ཤིང་དྲག་འཐབ་གང་མང་ཀྱིས་བྱོས་མྱོང་།  ད་ལྟ། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་སྟོབས་དང་ལྡན་པའི་དཔའ་ཉམས་ཕྱི་རུ་ངོམ་ནས།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འགོག་ཐབས་བྲལ་བའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱས།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་འབྱོར་རྒྱལ་ཁབ་འགྲུབ་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་གཅིག་རྗེས་གཅིག་མཐུད་ཀྱི་བྱ་གཞག་ཅིག་ཡིན་པས། ང་ཚོས་ངེས་པར་དུ་གཅིག་རྗེས་གཉིས་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་རབས་རེ་རེ་ཚང་མས་མི་རབས་རྗེས་མར་གྲུབ་འབྲས་བཟང་བོ་ཞིག་འཇོག་དགོས།

ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། བཅོས་བསྒྱུར་སྒོ་འབྱེད་མཐའ་འཁྱོལ་བྱེད་པ་དང་། རྒྱུན་ཆད་མེད་པར་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་སྨོན་ཚུལ་མངོན་འགྱུར་བྱས་ནས་དུས་རབས་གསར་བའི་ནང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་མཚར་གསར་བ་ཆེན་པོ་བསྐྲུན་པ་དང་། འཛམ་གླིང་གིས་ལྟ་སྟངས་གསར་བ་འཛིན་པའི་ཁྱད་མཚར་སྔར་ལས་གསར་བ་ཆེན་པོ་བསྐྲུན་དགོས།  
   ལོ་ཙཱ་བ།  སྒྲོལ་མ་སྐྱིད།  ཤ་བོ་རིན་མཚོ། ཚེ་རིང་སྒྲོལ་མ། གཡང་འབུམ་རྒྱལ། སྟོབས་ལྡན་རྒྱལ།  ཨ་བརྟན་རྒྱལ།  སྐར་མ་མཚོ།