རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མུ་མཐུད་དུ་དམངས་ཚིས་ལེགས་བཅོས་བྱས་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན།
2019.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

མཚོ་སྔོན་གསར་འགྱུར་དྲ་བ་ལས་མངོན་པ་ལྟར་ན། དམངས་ཚིས་ནི་མི་དམངས་ཀྱི་བདེ་སྐྱིད་ཀྱི་རྟེན་གཞི་ཡིན་ལ།  སྤྱི་ཚོགས་འཆམ་མཐུན་གྱི་རྩ་བའང་ཡིན། ད་ལོ་ནས་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་གསུམ་ཀུན་དུ་དམངས་ཚིས་ལེགས་བཅོས་དང་འགན་སྲུང་དེ་བྱ་བ་ཡོད་ཚད་ཀྱི་འགོ་ཚུགས་ས་དང་རྐང་འཛུགས་སར་བཟུང་ཡོད།  དམངས་ཚིས་ལེགས་བཅོས་ཀྱི་རྒྱུན་མཐུད་འཐབ་འཛིང་ལེགས་པོར་སྤེལ་ཆེད། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཏང་ནས། མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་གི་ཚོར་བ་དང་བདེ་སྐྱིད་ཀྱི་ཚོར་བ་འགན་འཁྲི་རུ་བཟུང་ནས་ཤུགས་སྣོན་བྱས། མ་དངུལ་ཇེ་ཆེར་གཏོང་བ་དང་། སེམས་ཤུགས་འདོན་པ། ཁྱོན་ཡོངས་ནས་རྒྱུན་མཐུད་ངང་དམངས་ཚིས་བདེ་སྐྱིད་ལ་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོར་འདེགས་སུ་བཏང་།
       ཏན་ཏིག་སྒོས་ལས་ཞུགས་བྱ་གཞག་གསར་གཏོད་ཀྱི་བྱ་བར་སྐུལ་འདེད་བཏང་། མཁར་གྲོང་གི་ལས་ཞུགས་མི་སྣ་སྟོང་གཅིག་དྲུག་བརྒྱ་དང་། མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་མི་སྣ་སྟོང་གཅིག་བརྒྱ་དང་རེ་དྲུག་དང་། མཁར་གྲོང་གི་ཐོ་འགོད་བྱས་པའི་ལས་ཤོར་ཚད་བརྒྱ་ཆའི་གཅིག་དང་གྲངས་ཆུང་བརྒྱད་བཅས་འཕར་སྣོན་བྱུང་བ་མངོན་འགྱུར་བྱས། རོང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་གསོ་སྦྱོང་ཐེངས་རེར་མི་སྣ་སྟོང་བརྒྱད་དང་བདུན་བརྒྱ་ཉེར་ལྔ་སྤེལ། རོང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་ནུས་ཤུགས་ཁྲི་གཉིས་ལྷག་ས་གཞན་ནས་ལས་ཞུགས་བྱས་པ་དང་། ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་ལྷག་མེད་པར་སྟེར་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྒོས་སྤེལ་ཏེ། བསྡོམས་པས་ཞིང་བ་ཞོར་ལས་པར་གླ་ཕོགས་ཕྱེ་བ་གཉིས་དང་ས་ཡ་གཉིས་འབུམ་བདུན་ཁྲི་གཉིས་ལྷག་བྱིན།   
       སློབ་གསོའི་འཕེལ་རྒྱས་ལས་དོན་ལ་མཐོང་ཆེན་བྱས་པ། རྣམ་པ་གསར་བའི་སློབ་གསོའི་བཀོད་སྒྲིག་སྙོམས་སྒྲིག་གི་བྱ་བ་ལག་ལེན་དང་སྤེལ་འགོ་ཚུགས་པ་དང་། རྣམ་གྲངས་མ་དངུལ་དུང་ཕྱུར་བདུན་དང་ཕྱེ་བ་གསུམ་ས་ཡ་བཞི་དེ་འབྲེལ་ཡོད་སློབ་གྲྭ་དོན་བདུན་ལྷག་ནས་ལག་ལེན་དོན་འཁྱོལ་བྱས། རེབ་གོང་དང་རྩེ་ཁོག་རྫོང་གཉིས་ཀྱི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་བྱ་བ་དེ་རྒྱལ་ཁབ་ཀྱི་དཔྱད་དཔོག་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་གྲྭའི་དགེ་བཟོ་བའི་ལས་རྐང་གི་འགུལ་རྣམ་སྙོམས་སྒྲིག་དོ་དམ་བྱེད་ཐབས་བཏོན་ནས། སྔར་ལས་ལྷག་པའི་སྒོ་ནས་དགེ་རྒན་གྱི་ཐོན་ཁུངས་སྒྲིག་སྦྱོར་བྱེད་པ་ལེགས་བསྒྱུར་བྱས། སློབ་མས་སློབ་བྱོལ་བྱེད་པར་སྔོན་འགོག་དང་། འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་སློབ་བསྡུ་རྒྱུགས་གཞི་དང་། སློབ་རྭ་བདེ་འཇགས། སློབ་གསོ་དབུལ་སྐྱོར། ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ཀྱི་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

རྨ་ལྷོ་འཛུགས་སྐྲུན་གྱི་རྒྱུན་མཐུད་བདེ་ཐང་སྐུལ་འདེད་བཏང་བ། 2030ལོའི་བདེ་ཐང་རྨ་ལྷོའིའགུལ་སྐྱོད་གཏིང་ཟབ་སྒོས་ལག་བསྟར་དངོས་འབེབས་བྱེད་པ་དང་། གཞི་རིམ་འཕྲོད་བསྟེན་ཞབས་ཞུ་ནུས་ཤུགས་མཐོར་འདེགས་སུ་བཏང་སྟེ། སྡེ་བའི་འཕྲོད་བསྟེན་ཁང་བ་བརྒྱ་དང་རེ་བརྒྱད་སར་འཛུགས་བསྒྱུར་བཅོས་བྱས་པ་དང་། རིག་ནུས་སྨན་བཅོས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས། རྨ་ལྷོ་ཁུལ་མངའ་ཁོངས་ཀྱི་གཞུང་བཙུགས་སྨན་ཁང་བརྒྱད་དང་ཐེན་ཅིན། ཞིང་ཆེན་རིམ་པའི་སྨན་ཁང་དུ་རྒྱང་བསྟེན་ནད་དཔྱད་མ་ལག་ཕྱེ་ནས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ནུས་ཤུགས་སྔར་ལས་ལྷག་པའི་མཐོར་འདེགས་སུ་བཏང་། མུ་མཐུད་དུ་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ་ཁྱབ་གདལ་དུ་བཏང་ནས་བརྟན་སྡོད་མི་འབོར་གྱི་གན་རྒྱ་འཇོག་པའི་ཚད་བརྒྱ་ཆའི་རེ་བརྒྱད་དང་གྲངས་ཆུང་ལྔ་དང་། གཙོ་གནད་མང་ཚོགས་ཀྱིས་གན་རྒྱ་འཇོག་པའི་ཚད་བརྒྱ་ཆའི་གྱ་བརྒྱད་དང་གྲངས་ཆུང་གསུམ་དུ་སླེབས། ཞིང་གྲོང་སྨན་པའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ནས་ནད་རིགས་ལྗི་མོ་སྔོན་འགོག་དང་། བདེ་ཐང་དབུལ་སྐྱོར། འཆར་ལྡན་བུ་སྐྱེས་ཞབས་ཞུ་སོགས་ཀྱི་བྱ་བ་ཏན་ཏིག་སྒོས་སྐུལ་འདེད་བཏང་། 

སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་། མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་ཉེན་ཚབ་ཀྱི་རྨང་གཞི་རྒན་གསོའི་དངུལ་ཟླ་རེར་སྒོར་བརྒྱ་དང་ང་ལྔའི་རྨང་གཞིའི་སྟེང་ནས་སྒོར་བརྒྱ་དང་དོན་ལྔ་མཐོར་འདེགས་བྱུང་བ་དང་། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་མ་དངུལ་གྲབས་གསོག་ཚད་གཞི་དེ་དྲུག་བརྒྱ་བརྒྱད་ཅུ་ནས་བདུན་བརྒྱ་དོན་དྲུག་ཏུ་འཕར་སྣོན་བྱུང་ཡོད་ལ། སྤྱི་ཚོགས་འགན་སྲུང་བྱང་བུ་ཁྲི་ལྔ་དང་འབུམ་གཉིས་བྱིན། ཉིན་རྒྱུན་ལྟ་སྐྱོང་ལྟེ་གནས་དང་། རྒན་གསོ་ཁང་། རྒན་པའི་བྱ་འགུལ་ལྟེ་གནས། ཕན་ཚུན་ལ་རོགས་རམ་བྱེད་པའི་བདེ་སྐྱིད་གླིང་སོགས་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་སྒོས་སྐུལ་འདེབས་བཏང་། ཁྱོན་ཡོངས་ནས་སྤྱི་ཚོགས་རོགས་སྐྱོར་དང་ཕན་བདེ་སྲིད་ཇུས་དོན་འཁྱོལ་བྱས་ནས། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་ཁ་གསབ་དང་། སྨན་བཅོས་རོགས་སྐྱོར།  གནས་སྐབས་ཀྱི་རོགས་སྐྱོར། མ་མཐའི་འཚོ་བའི་འགན་སྲུང་སོགས་དུས་ལྟར་འདིང་ཚིམ་པར་སྤྲོད་རྒྱུ་དང་། སྤྱི་ཚོགས་ལས་དོན་དོ་དམ་དང་། བྱ་བ་གཉིས་ལོངས་སུ་སྤྱོད་པ་དང་རྒན་རབས་པའི་བྱ་བའི་འཕེལ་རིམ་སོགས་ཇེ་ལེགས་སུ་བཏང་།
    སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱས།  རྨ་ལྷོ་བརྙན་འཕྲིན་ཁང་གིས་དྭངས་གསལ་ཐད་གཏོང་མ་ལག་རིམ་སྤར་བཅོས་བསྒྱུར་ལེགས་འགྲུབ་བྱུང་བ་དང་། ཞང་གྲོང་སྤོ་ལོ་ར་བ་བཅུ་དང་སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ང་བཞི་འཛུགས་སྐྲུན་བྱས་ལ། སྲིད་འཛིན་སྡེ་བའི་སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་དང་། རྫོང་རིམ་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་འཛུགས་སྐྲུན་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ཞིང་། རྒྱང་སྒྲོག་བརྙན་འཕྲིན་དང་། ལུས་རྩལ་བྱ་བ་སོགས་བརྟན་འཇགས་ངང་སྐུལ་འདེད་གཏོང་བ་དང་། རིག་གནས་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པའི་བྱེད་སྒོ་འཕེལ་རིམ་བདེ་བླག་ཡིན་པ་དང་། རིག་གནས་གཞི་རིམ་དུ་བསྐྱོད་པ་གསུམ་གྱི་བྱ་འགུལ་གོ་རིམ་ཡོད་པའི་སྒོ་ནས་སྤེལ། སྔ་གཞུག་ཏུ་རིག་གནས་ལུས་རྩལ་བྱ་འགུལ་ཐེངས་ལྔ་བརྒྱ་དང་བཞི་སྤེལ་ཏེ། མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་།
                                                                                                                                       ལོ་ཙཱ་བ། སྐར་མ་མཚོ།