ད་ལོའི་ཚུན་ལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་འཚོའི་ཆུ་བེད་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བྱ་རྒྱུ་དེ“ལྔ་བཞིའི་འཐབ་ཇུས”གཏིང་ཟབ་ཏུ་སྤེལ་བ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་བཀོད་སྒྲིག་ལ་སྐུལ་འདེད་ཧུར་ཐག་བྱེད་པའི་བྱེ་བྲག་གི་བྱེད་ཐབས་སུ་བརྩིས་ཏེ། འགོ་ཁྲིད་བྱ་བར་ཤུགས་སྣོན་པ་དང་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས། ནུས་ཤུགས་ཡོད་དགུས་ཆུ་བེད་ཀྱི་ལས་གཞི་སོ་སོའི་བཟོ་འགོད་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དུས་ཡུན་རིང་བའི་འགག་སྒྲོལ་འཐབ་འཛིང་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས།
གཙོ་གནད་ཆུ་བེད་བཟོ་འགོད་ཀྱི་འཛུགས་སྐྲུན་བྱ་བར་བརྟན་བརླིང་ངང་སྐུལ་འདེད་བཏང་། དེའི་ནང2017ལོའི་ཟླ་བཅུ་གཅིག་པར་ལས་མགོ་བརྩམས་པའི་ཡུལ་ཤུལ་གྲོང་ཁྱེར་གྱི་རྒྱལ་སྟོན་ཆུ་མཛོད་བཟོ་འགོད་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་བཏང་བ་དང་། ཆུ་མཛོད་ཀྱི་ཤོང་ཚད་མུས་རྒྱ་དཔངས་གྲུ་བཞི་མ་ས་ཡ་བཞི་དང་འབུམ་གསུམ་ཁྲི་བདུན་སྟོང་གཉིས་ཡོད་པ་དང་། ཆུ་འདྲེན་གློག་སྦུག་དང་། ཆུ་གཙང་སྒྱུར་ཐག་གཅོད་བཟོ་གྲྭ། འབྲི་ཆུའི་ཆུ་ལོག་སྔོན་འགོག་བཅོས་སྐྱོང་བཟོ་འགོད་བཅས་ཆ་ཚང་ཡོད་པར་གྱུར། ཆུ་འགོག་རགས་དང་། འགྲམ་སྲུང་། ཆུ་ལོག་ཕྱིར་གཏོང་ལམ་སོགས་བཟོ་སྐྲུན་བྱས་པ་བརྒྱུད་ནས་འབྲི་ཆུའི་སྐམ་ཆུ་དང་བྲག་རོང་ལ་བཅོས་སྐྱོང་བྱས་ཤིང། ཡུལ་ཤུལ་དང་འབྲི་སྟོད། ཆུ་དམར་ལེབ་དང་ཁྲི་འདུ་བཅས་རྫོང་དང(གྲོང་ཁྱེར)བཞི་ཡི་ཆུ་ལམ་གཙོ་བོ་དང་གནས་སྤོར་བདེ་སྡོད་ས་གནས་ཀྱི་ཆུ་ལོག་འགོག་པའི་མ་ལག་འཐུས་ཚང་དུ་བཏང་བར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་ས་ཡ་གསུམ་བཏང་བ་དང་། 2018ལོར་ཁུལ་ཡོངས་སུ་ས་ཞིང་ཆུ་འདྲེན་བཟོ་འགོད་ལས་གཞི་བཞི་ལག་ཏུ་བསྟར་བ་དང་། ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་དགུ་ཁྲི་གཉིས་བཏང་།
ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་རིག་གནས་དུས་ཆེན་བྱ་འགུལ་དང་། ཆུའི་རིག་གནས་ཀྱི་མུ་འབྲེལ་བྱ་འགུལ་སྤེལ། “དར་གོས་ཚོང་ལམ་གྱི་ཆུ་རྒྱུན་གྱི་མཛེས་པ་ནི་ཆུ་ལ་རག་ལས”ཞེས་པ་བརྗོད་དོན་བྱས་པའི་རྨ་ཆུའི་བཞུར་ཁོངས་ཀྱི་ཆུའི་སྐྱེ་ཁམས་དཔལ་ཡོན་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་འགན་སྒྲུབ་བྱས། ཆུ་བེད་པུའུ་ཡི་ཆེད་མཁས་པ་གདན་དྲངས་ཏེ་ཆུའི་སྐྱེ་ཁམས་དཔལ་ཡོན་གྱི་ཆེད་དོན་འཆད་ཁྲིད་སྤེལ་བ་དང་། ཆུ་བེད་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས། ནང་ཆེན་རྫོང་དུ་བཞུར་བའི་ས་མཚམས་ཀྱི་རྫ་ཆུ་དང་། འབྲི་ཆུའི་མཛེས་ལྗོངས་ཁུལ་གཉིས་ལ་རྒྱལ་ཁབ་རིམ་པའི་ཆུ་བེད་མཛེས་ལྗོངས་ས་ཁུལ་གྱི་ཆོག་མཆན་ཐོབ་པ་དང་། རྫ་སྟོད་དུ་བཞུར་བའི་ས་མཚམས་ཀྱི་རྫ་ཆུ་ལ་ཞིང་ཆེན་རིམ་པའི་ཆུ་བེད་མཛེས་ལྗོངས་ས་ཁུལ་གྱི་ཆོག་མཆན་ཐོབ་ཅིང་། གཙང་པོ་དང་མཚེའུའི་ཆུ་བདག་ལམ་ལུགས་བྱ་བར་སྐུལ་འདེད་ཧུར་ཐག་བྱས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ཏེ་འགན་འཁྲི་དོན་འཁྱོལ་ཡོང་བ་ཇེ་དྲག་ཏུ་བཏང་བ་དང་། ཆུ་དང་མཚེའུའི་ཆུ་དཔོན་ལམ་ལུགས་ཀྱི་རིམ་པ་བཞིའི་བྱ་བའི་མ་ལག་འཐུས་ཚང་དུ་བཏང་ཞིང་། ཁུལ་ཡོངས་སུ་གཙང་བོ་དང་མཚེའུའི་ཆུ་བདག་ཁྱོན་བསྡོམས་ལྔ་བརྒྱ་རེ་དགུ་སྒྲིག་འཛུགས་བྱས་པ་དང་། གཙང་བོ་དང་མཚེའུའི་ཆུ་བདག་ལམ་ལུགས་སྤྱི་བསྒྲགས་བྱང་བུ་ཉིས་བརྒྱ་ཞེ་ལྔ་བཙུགས་ཤིང་། རིམ་པ་སོ་སོའི་གཙང་བོ་དང་མཚེའུའི་ཆུ་བདག་གི་འགན་འཁྲི་གསལ་བོར་བྱས་པ་དང་། གཙང་བོ་དང་མཚེའུ་ལ་སྐོར་ཞིབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཡུན་རིང་ཕན་འབྲས་ལྡན་པའི་བྱ་བའི་ལམ་ལུགས་དང་འཁོར་སྐྱོད་རྐྱེན་སྲོལ་ཆ་ཚང་བཙུགས། ཡུལ་ཤུལ་ཁུལ་གྱི་སྐྱེ་ཁམས་ཁྲིམས་ཁང་གི་འགན་འཁྲིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། ཁྲིམས་འཛིན་འགན་སྲུང་རྐྱེན་སྲོལ་གྱི་ཤུགས་ཇེ་ཆེར་བཏང་།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།