མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།
2019.03.06 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 23

ཟླ3པའི་ཚེས4ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས། རང་སོ་སོའི་ཁྱབ་ཁོངས་ཀྱི་ཚན་ཆུང་གྲོས་ཚོགས་སྟེང་ཞུགས་ནས། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་འདོན་པའི་བྱ་བའི་གནས་ཚུལ་སྙན་ཞུར་གྲོས་ཞིབ་ནན་མོ་བྱས།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཝང་དབྱང་གིས་ཕུལ་བའི་སྲིད་གྲོས་བྱ་བའི་སྙན་ཞུ་ཡིས། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དངོས་འབེབས་ནན་མོ་བྱས་ཡོད་ཅིང་། དེར་ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་དྲག་པོ་ལྡན་པར་མ་ཟད། བྱ་བའི་ཕྱོགས་ཡོངས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བླང་བྱ་མངོན་པར་མཚོན་ཡོད། སྲིད་གྲོས་མ་ལག་གིས་སློབ་སྦྱོང་དང་ཞིབ་འཇུག གྲོས་སྡུར་བཅས་ཀྱི་ལས་སྒོ་གཏིང་ཟབ་དུ་སྤེལ་ནས། མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྔར་ལས་ཇེ་གསལ་དུ་བཏང་བ་དང་། སྲིད་གྲོས་ཀྱི་ཏང་འཛུགས་བྱ་བར་ཤུགས་བསྣན་ནས། ཏང་གི་མི་དམངས་སྲིད་གྲོས་ཀྱི་འགོ་ཁྲིད་ལ་ཁྱོན་ཡོངས་ནས་ཁས་ལེན་ཐོབ། སྲིད་གྲོས་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་ཕན་འབྲས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས། གསར་ཤོས་ཆེ་བའི་སྤུས་ཚད་ཁ་ཕྱོགས་བསྟན་ཏེ། གྲོས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་འདུ་བའི་ཐད་ཕན་འབྲས་ངེས་ཅན་བླངས། དུས་མཚུངས་སུ། གཟབ་ནན་དང་དམ་འཛིན། བདེན་གཉེར་བཅས་ཀྱི་ཆབ་སྲིད་བླང་བྱ་དངོས་འབེབས་ནན་མོ་བྱས་ཏེ། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དང་ས་གནས་ཀྱི་སྲིད་གྲོས་བྱ་བར་མཛུབ་སྟོན། བསམ་བློ་ཆབ་སྲིད་ཀྱི་འཛུགས་སྐྲུན་ལ་སྣེ་འདོམས། རང་བདག་འགན་འཁྲི་ཇེ་དྲག་ཏུ་གཏོང་བར་ཤུགས་སྣོན་པ་བཅས་ཀྱི་ཐད་རྣམ་པ་གསར་བ་མངོན་ནས། མི་དམངས་སྲིད་གྲོས་ཀྱིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཁྲོད་ནས་བྱེད་ནུས་གལ་ཆེན་བཏོན་ཡོད་ཟེར།

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཀྲུའུ་ཞི་ཝང་དབྱང་གིས་ཕུལ་བའི་སྲིད་གྲོས་བྱ་བའི་སྙན་ཞུ་དང་གྲོས་འདོན་བྱ་བའི་སྙན་ཞུར་ཉན་རྗེས། ང་རང་ངོས་ནས་སྙན་ཞུ་རིགས་འདི་གཉིས་ལ་མོས་མཐུན་ཆེན་པོ་ཡོད། སྙན་ཞུའི་བརྗོད་དོན་གསལ་ཞིང་བདེན་དོན་གྱིས་ཕྱུག་པས། ཉན་རྗེས་སྐུལ་ལྕག་གི་ནུས་པ་ཆེན་པོ་ཐེབས་ཐུབ། སྙན་ཞུས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དངོས་འབེབས་བྱས་པ་གཅིག་བསྡུས་སྒོས་མཚོན་ཡོད་ཅིང་། གསར་གཏོད་ཀྱི་གསོན་ཤུགས་དང་དུས་རབས་ཀྱི་མཁའ་དབུགས་མངོན་པར་མཚོན་ཡོད་པ་ལས་གཞན། མི་དམངས་ལ་བཅངས་པའི་བརྩེ་དུང་དང་དུས་རབས་ཀྱི་དགོངས་པ་གསལ་རྗེན་དུ་མཚོན་ཡོད། དེ་མིན་ད་དུང་མི་དམངས་སྲིད་གྲོས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་ནས། མཐུན་སྒྲིལ་དང་དམངས་གཙོའི་བྱ་བ་དམ་འཛིན་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་སྣེ་འདོམས་དང་གྲོས་འདོན་སྲིད་སྐྱོང་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་ཏུ་འདུ་བར་བྱེད་པ་བཅས་ལ་ཤུགས་བསྣན་ནས། ཆབ་སྲིད་གྲོས་མོལ་དང་སྲིད་ཞུགས་སྲིད་གླེང་། དམངས་གཙོ་ལྟ་སྐུལ་བཅས་ཀྱི་ལས་སྒོ་མུ་མཐུད་དུ་སྤེལ་མཐར། ཁྱོན་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བར་ཕན་པའི། ཐུང་མོང་གི་ལྟ་བ་རྒྱ་ཆེ་བ་སྔར་ལས་གཅིག་བསྡུས་དང་དྲང་ཕྱོགས་ཀྱི་ནུས་ཚད་སྟོབས་ལྡན་གཅིག་ཏུ་འདུ་བར་བྱེད་དགོས་ཟེར།

ཨུ་ཡོན་ཝང་ཞོན་གྱིས་བཤད་རྒྱུར། 2018ལོར་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཏང་འཛུགས་བྱ་བ་དམ་པོར་བཟུང་བ་ལ་བརྟེན་ནས། ཆབ་སྲིད་ཀྱི་སྣེ་འདོམས་འབུར་དུ་ཐོན་པར་བྱས་པ་དང་ཁག་ཁུར་གྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་བ་ལས་གཞན། སྤུས་ཀ་ལེགས་པའི་བྱ་བར་སྐུལ་འདེད་བཏང་། དེ་མིན་ད་དུང་འོས་འགན་གཙོ་བོར་སྟོབས་ཤུགས་གཅིག་བསྡུས་བྱས་ནས། གྲོས་མོལ་སྲིད་གླེང་གི་གནད་ཕིགས་རང་བཞིན་དང་འབེན་ལ་གཟས་པའི་སྟོབས་ཤུགས་སྔར་ལས་འབུར་དུ་ཐོན་པར་བྱས། ཐོག་མཐའ་བར་གསུམ་ཀུན་ཏུ་ཐོག་མའི་སེམས་འདུན་མི་བརྗེད་པར་བྱས་ནས། དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་བཏང་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་རྣམ་པ་གསར་བ་དང་བྱེད་ཕྱོགས་གསར་བ་མངོན་ནས། དེར་བསྟུན་གྱི་ཕན་འབྲས་གསར་བ་བླངས་ཡོད་པས། ང་རང་ངོས་ནས་ཐེངས་འདིའི་སྙན་ཞུར་མོས་མཐུན་ཡོད་ཟེར།

རྩོམ་སྒྲིག་པ། སྐར་མ་འཚོ།