རྨ་ཆུའི་འགོ་ཁུངས་ཀྱི་“མཚེའུ་སྟོང་གི་མཛེས་ལྗོངས་”གཏན་དུ་གནས་པར་ཤོག
2019.03.15 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 32

འཐུས་མི་པད་རྒྱལ་བཀྲ་ཤིས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ། 

སྔོན་ཆད་མཚེའུ་སྟོང་གི་རྫོང་དུ་བསྔགས་པའི་རྨ་ཆུའི་འགོ་ཁུངས་ཏེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཁོངས་སུ་མཚེའུ་ཆེ་ཆུང་བཞི་སྟོང་ལྷག་ཡོད། འོན་ཀྱང་དུས་རབས་སྔོན་མའི་དུས་མཇུག་ཏུ་མཚེའུ་དེ་དག་ལས་ཕྱེད་ཀ་ཙམ་སྐམ་ཟིན།  ད་སྐབས། ས་ཁུལ་དེ་དག་གི་མཚེའུའི་གྲངས་ཀ་དེ་ཉེ་བའི་ལོ་ཉི་ཤུ་རིང་གི་ཆེས་མང་བའི་སྐབས་སུ་བསླེབས་ནས་ཆུའི་ཚད་གཞི་དེ་ཆེས་ཕུན་སུམ་ཚོགས་པའི་གནས་སུ་སླར་གསོ་བྱུང་ཡོད།

“དེ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བླང་བྱ་གལ་ཆེན་ལྟར།  གཙང་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་བསྐྲུན་གྲུབ་འབྲས་དེར་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས།” སྐབས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་སྐབས་སུ། འཐུས་མི་པད་རྒྱ་བཀྲ་ཤིས་ཀྱིས་ཞིང་ཆེན་གཞན་གྱི་སྨྱན་བྱད་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར།

ཁོས་བཤདརྒྱུར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གཙང་གསུམ་འབྱུང་ཡུལ་དང་། “ཀྲུང་ཧྭའི་ཆུ་མཛོད་ཆེན་མོའི་”ལྟེ་བའི་ས་ཁུལ་དུ་གནས་ཡོད་ལ།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ས་ཁོངས་ཡིན་པའི་ཆ་ནས། རྫོང་ཁོངས་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི་དོན་བརྒྱད་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་འགོ་ཁུངས་ས་ཁུལ་དུ་ཚུད་ཡོད།

ཉེ་བའི་ལོ་འགའི་རིང་། མགོ་ལོག་ཁུལ་གྱིས་སྤུས་ཚད་མཐོན་པོས་གཙང་གསུམ་འབྱུང་ཡུལ་གྱི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་གྱི་སྐོར་ཐེངས་དང་པོ་དང་གཉིས་པའི་འཆར་འགོད་སོགས་སྐྱེ་ཁམས་འཛུགས་སྐྱོང་ལས་གྲྭ་གལ་ཆེན་དང་། མུ་མཐུད་དུ་སྣོད་བཅུད་མ་ལག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་བསྣན་པས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད།

རྣམ་གྲངས་ཁུལ་གྱི་རྩྭ་ཐང་གི་སྔོ་ཤུན་ཁེབས་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་གཉིས་ཀྱིས་ཇེ་མཐོར་སོང་ཡོད། དེའི་ནང་ནས་ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཤུན་ཁེབས་ཚད་དེ་བརྒྱ་ཆའི་ཉི་ཤུ་ནས་བརྒྱ་ཆའི་བརྒྱད་བཅུ་རུ་ཇེ་མང་དུ་སོང་ཞིང་། རྩྭ་སའི་ཆ་སྙོམས་ཀྱི་རྩྭའི་ཐོན་ཚད་ཀྱང་ཇེ་མང་དུ་ཕྱིན་ཡོད།

རྨ་ཆུའི་ཆུ་འགོའི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་ལོ་བཞིའི་སྔོན་དང་བསྡུར་ན་སོ་སོར་སྤྱི་ལེ་གྲུ་བཞི་མ་བཅུ་བདུན་དང་སྤྱི་ལེ་གྲུ་བཞི་མ་བཅུ་ཇེ་ཆེར་སོང་ཡོད། རྨ་ཆུའི་ཆུ་འགོར་སྐར་ཚོགས་ས་ལ་འཕོས་འདྲའི་མཚེའུ་སྟོང་གི་རྣམ་པ་ངོ་མཚར་བ་ཞིག་སླར་ཡང་མི་རྣམས་ཀྱི་སྤྱན་ལམ་དུ་མངོན་པ་རེད།

རྨ་ཆུའི་ཆུ་འགོའི་ལོ་རེའི་ཆ་སྙོམས་ཀྱི་རྒྱལ་ཁོངས་ལས་ཕྱིར་ཐོན་པའི་ཆུའི་ཚད་ཆེས་ཆེར་འཕར་བ་དང་། ཆུ་སྤུས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།

རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་མངོན་གསལ་དོད་པོས་ཇེ་མང་ལ་སོང་བ་དང་།  རྐྱང་དང་དགོ་བ། དོམ་དང་སྤྱང་ཀི ཝ་མོ་སོགས་གང་སར་མཐོང་རྒྱུ་ཡོད་ལ། པད་མ་རྫོང་ཁོངས་སུ་ག་ས་གང་དུའང་མཐོང་རྒྱུ་ཡོད་པར་མ་ཟད། ད་དུང་པད་རྒྱལ་བཀྲ་ཤིས་ཀྱིས་འདི་ལྟར་ཚན་པ་རེ་རེ་བཞིན་ངོ་སྤྲོད་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བསྟན་དོན། ངེས་པར་དུ་སྣོད་བཅུད་སྲུང་སྐྱོབ་དམིགས་སུ་བཟུང་སྟེ། ཏན་ཏན་ཏིག་ཏིག་སྒོས་རང་གི་མིག་འབྲས་ལ་གཅེས་པ་བཞིན་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་དང་། རང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས། ལྗང་མདོག་འཕེལ་རྒྱས་དང་ལྗང་མདོག་གི་འཚོ་བར་སྐུལ་འདེད་གཏོང་བ་དང་།  རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ལ། ”ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་ཡག་པོ་བྱས་ནས་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་པར་འགན་ལེན་ཡག་པོ་བྱ་དགོས།

པད་རྒྱལ་བཀྲ་ཤིས་ཀྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་་གནང་བའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལྟར། “སྐྱེ་ཁམས་ལ་དྲིན་བཟོ་དང་། སྐྱེ་ཁམས་ཀྱིས་དྲིན་ལན་འཇལ་བ”བཅས་ཀྱི་འདུ་ཤེས་བརྟན་པོ་འཇོག་པ། སྤྱི་ཚོགས་ཡོངས་ཀྱི་མི་ཚང་མས་སྐྱེ་ཁམས་ལ་དོ་ཁུར་དང་ནུས་ཤུགས་ཡོད་རྒུས་སྣོད་བཅུད་ལ་སྲུང་སྐྱོབ་དང་། སྣོད་བཅུད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྐྲུན་དགོས། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་སོགས་ཀྱི་སྐྱེ་ཁམས་ལས་གྲྭ་གཙོ་བོ་ལག་བསྟར་ཡག་པོ་བྱེད་རྒྱུར་ཤུགས་རྒྱག་རྒྱུ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་གསར་བ་དང་། རྨ་ཆུ་ཆུ་མགོའི་“མཚེའུ་སྟོང་གི་མཛེས་ལྗོངས་” གཏན་དུ་གནས་པར་བྱེད་དགོས།
                                                                                                                                 རྩོམ་སྒྲིག་པ། སྐར་མ་འཚོ།